ང་ཚོས་སྲོལ་རྒྱུན་རིག་གནས་ལ་ཇི་ལྟར་བལྟ་ཞེས་པའི་བགྲོ་གླེང་འདུ་ཚོགས་ཤིག་གྲོང་ཁྱེར་ཁྲིན་ཏུའུ་ནས་བསྡུས་པ།

གསར་འགོད་པ་མཚོ་མོ་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-13

 ལྕགས་ཡོས་ལོའི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ལ་སྤོས་ལྡན་གྲོང་གི་བོད་མིའི་སྲང་ལམ་གྱི་ཇ་ཁང་ཞིག་ནས་ལྷོ་ནུབ་ཀྱི་སློབ་མ་འགའ་དང་ལྷོ་ནུབ་མ་ཡིན་པའི་སློབ་གཉེར་བ་འགའ་མཉམ་དུ་འཛོམས་ནས།རང་ཉིད་ཀྱིས་སྲོལ་རྒྱུན་རིག་གནས་ལ་ཇི་ལྟར་ལྟ་བཞིན་ཡོད་པ་གླེང་གཞིར་བཟུང་ནས་ཁ་བརྡ་མང་པོ་བྱས།ཐེངས་འདིའི་ཁ་བརྡ་ཡི་ཁྲོད་དུ་རང་གི་བསམ་ཚུལ་ལྷུག་པོ་བརྗོད་མཁན་དང་དེ་ལ་རྣ་བ་གཏད་ནས་ཉན་མཁན།སྒོ་ཡོན།བསམ་འགྲུབ་སྐྱིད།རྟ་མགྲིན་ཚེ་རིང་།ལྗགས་མདའ།གློག་ཞགས།སྒེའུ་ཁུང་།འོད་ནགབིས་མདོ་བ་ཆོས་སྐྱོང་།རྨ་སྲས།ཚེ་དར་འབུམ།མགོན་པོ་བསོད་ནམས།ཚེ་རིང་།པད་དཀར།སྤྱང་ཁ།ཧོར་ནག་པ་ཀླུ་སྨྱོན།མཚོ་མོ་སྐྱིད།ད་དུང་ལོ་ན་བགྲེས་པའི་གྲྭ་པ་ཞིག་ཀྱང་ཡོད་ལ་མིང་ཤེས་མ་སོང། འདི་ནི་རང་གིས་ཇི་ལྟར་བསམ་ན་དེ་ལྟར་བརྗོད་ཆོག་པའི་ཁ་བརྡ་ཐེངས་ཤིག་ཡིན་པས།གང་ནས་མགོ་བཟུང་ན་ཆོག་ལ།གང་ནས་མཇུག་བསྡུ་བ་ཡང་རང་བསམ་ཡིན།
   སྐུ་ཞབས་སྒོ་ཡོན་ལགས་ནས་གཏམ་མགོ་བཙུགས་ནས་ཁོ་བོས་བསམ་ན་སྲོལ་རྒྱུན་རིག་གནས་ནི་མ་ལག་གསུམ་དུ་དབྱེ་ཆོག་ལ།དེ་ཡང་གཞོན་པ་རང་ཉིད་ལ་མཚོན་ནས་བཤད་ན་གསར་བརྗེ་བྱེད་དུ་ཡོད་མེད་ཀྱི་ཆ་ནས་རྒྱུད་འཛིན་བྱེད་མིན་ཐག་གཅོད་བྱེད་ངེས་ཡིན་ཚུལ་གླེང་བ་དང་།མཚན་ཉིད་རིག་པའི་ཁྱབ་ཁོངས་ནས་བལྟས་ན་ང་ཚོས་སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཏན་མང་བོ་ཚོར་ཐུབ་བཞིན་མེད་པ་སོགས།བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཁོང་རང་ཉིད་ནས་ཇི་ལྟར་ལྟ་བཞིན་ཡོད་པ་སོགས་གསལ་བོར་བཤད་བྱུང་།སྒེའུ་ཁུང་ལགས་ཀྱིས་ང་ཚོས་སྲོལ་རྒྱུན་རིག་གནས་གླེང་དགོས་ན་ཐོག་མར་སྲོལ་རྒྱུན་རིག་གནས་ནི་ཅི་ཞིག་ཡིན་པར་ངོས་འཛིན་དགོས་པར་བཤད་ལ།འུ་ཅག་གི་སྲོལ་རྒྱུན་རིག་གནས་ནི་ནང་ཆོས་ཀྱིས་གཙོ་བོར་བཟུང་བའི་མེས་པོ་རྣམས་ཀྱི་འདས་མ་ད་གསུམ་གྱི་འཚོ་བའི་གོམས་སྲོལ་ཡིན་པར་འདོད་པ་སོགས་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་ཆབས་ཅིག གྲོགས་པོ་ཚོར་ང་ཚོ་ཇི་ལྟར་བླང་དོར་གྱི་གནས་ལ་འཇུག་ལྟ་བུའི་དྲི་བ་ཡང་མང་དུ་བཏོན་བྱུང་།
  མཚོ་མོ་སྐྱིད་ཀྱིས་མིའི་རིགས་སྤྱི་ཚོགས་རིག་པའི་ནང་དུ་གླེང་བཞིན་པའི་རིག་གནས་ནི་དུས་རྒྱུན་འཚོ་བ་ཡིན་ཞེས་པའི་སྐད་ཆ་དེ་ལ་རང་ཉིད་འཐད་པ་གཞིར་བཟུང་ནས། མོ་རང་གིས་སྲོལ་རྒྱུན་རིག་གནས་ནི་རང་གི་མེས་པོ་ཚོའི་དུས་རྒྱུན་འཚོ་བའི་ནང་གི་ལུགས་སྲོལ་དག་རྒྱུན་ལ་མཐུད་ནས་ཡོང་བ་དེ་ལ་ངོས་འཛིན་བཞིན་ཡོད་པར་བཤད་ལ།གཞན་ད་དུང་ནང་བསྟན་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ལ་མཚུངས་རྟགས་རྒྱག་མི་རུང་བ་བར་འདོད་པ་སོགས་བཤད།ལྗགས་མདའ་ལགས་ཀྱིས་ང་ཚོས་སྲོལ་རྒྱུན་རིག་གནས་གླེང་དུས་སངས་རྒྱས་ཆོས་ལུགས་མ་གླེང་སར་མི་འགྲོ་ལ།སྲོང་བཙན་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ཆབ་སྲིད་ཀྱི་ལག་ཆར་འཛིན་ཙམ་བྱས་པ་ནས་ང་ཚོས་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་ངོ་མ་བོ་འབོར་མགོ་བརྩམས་པས།སྲོང་བཙན་གྱིས་ཀྱང་ནག་ཉེས་ཁུར་ཡོད་པར་བཤད་ལ།སངས་རྒྱས་ཆོས་ལུགས་ཀྱིས་ང་ཚོ་སྐྱོབ་ཐུབ་མིན་ལ་འདང་རྒྱག་ཆེ་རབས་སོགས་བཤད་བྱུང་།ཚེ་རིང་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་སངས་རྒྱས་ཆོས་ལུགས་ཀྱིས་བཟུང་ཡོད་པ་དང་།སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་འདྲ་མ་འདྲེས་ཀྱི་སྲོལ་རྒྱུན་རིག་གནས་འདིས་ང་ཚོ་སྐྱོབ་མི་ཐུབ་པ་སོགས་གླེང་ནས།ང་ཚོས་ངེས་པར་དུ་ལམ་ཡག་པོ་ཞིག་འཚོལ་དགོས་པ་ནན་གྱིས་བརྗོད་བྱུང་།
  མགོན་པོ་བསོད་ནམས་ལགས་ཀྱིས་ཐོག་མར་སྲོང་བཙན་གྱིས་རིག་གནས་གསར་བ་ཞིག་ནང་འདྲེན་བྱས་པ་ནི་བྱས་རྗེས་རླབས་ཆེན་དུ་འདོད་པར་བཤད་ལ།སྐབས་དེ་བཙན་པོའི་སྙིང་སྟོབས་ནི་དུས་དེ་རིང་ང་ཚོས་འབོར་མི་ཉན་པའི་སྲོལ་ཡིན་པ་སོགས་བཤད་བྱུང།གློག་ཞགས་ལགས་ཀྱིས་རང་ཉིད་ནི་སྐུ་ཞབས་ཆན་ལིས་ཆོན་ལགས་ཀྱིས་གསུང་ནང་བཞིན་སློབ་འབྲིང་སྐབས་སུ་རྒྱུགས་སྤྲོད་འཕྲུལ་ཆས་ཙམ་དང་སློབ་ཆེན་སྐབས་སུ་ལས་ཞུགས་འཕྲུལ་ཆས་ཙམ་ཡིན་པ་དང་།འཇིག་རྟེན་པ་ཞིག་ལ་མཚོན་ན་མི་ཆོས་དང་མཐུན་པའི་འཇིག་རྟེན་པའི་བྱ་བ་དོན་དུ་གཉེར་རྒྱུ་གལ་ཆེར་འཛིན་དགོས་ཚུལ།རང་ཉིད་ཀྱིས་ཀྱང་མྱ་ངམ་ཐང་ན་ཡོད་དུས་ཤིག་ལ་གསེར་རྡོག་གཅིག་དང་ཆུ་ཕོར་བ་གང་གཉིས་ལས་ཆུ་ཕོར་བ་གང་དེ་བདམས་རྒྱུ་ཡིན་པ་སོགས་བཤད་བྱུང་།
   སྤྱང་ཁ་ལགས་ཀྱིས་སྲོལ་རྒྱུན་རིག་གནས་ནི་སངས་རྒྱས་ཆོས་ལུགས་རྐྱང་རྐྱང་ལ་གོ་བ་བླངས་ན་མི་འདོད་པར་བཤད་ལ།ང་ཚོས་རང་ཉིད་ནས་མགོ་བརྩམས་དེ་ལམ་ཡག་པོ་ཞིག་འདེམསདགོས་པ་སོགས་ནན་གྱིས་བཤད་བྱུང་།གྲྭ་པ་བགྲེས་པོ་ལགས་ཀྱིས་སངས་རྒྱས་ཆོས་ལུགས་ནི་ཆོས་ལུགས་གཞན་དག་དང་བསྡུར་ན་བྱམས་དང་སྙིང་རྗེ་ཆེ་བ་ནི་མི་རིགས་གཞན་པའི་ཀྱང་ཁས་ལེན་བཞིན་ཡོད་པ་རྒྱུ་མཚན་དུ་བགྲངས་ནས།ང་ཚོས་ངེས་པར་དུ་དེ་ལ་ལྟ་སྟངས་ཡག་པོ་འཛིན་དགོས་པ་ནན་གྱིས་གསུངས་པར་བལྟས་ན།ཁོང་གིས་སྲོལ་རྒྱུན་རིག་གནས་ནི་ནང་བསྟན་རིག་གནས་ཀྱིས་ཁྱབ་ཡོད་པར་འདོད་ཡོད་པ་དང་འདྲ་ལ།ང་ཚོ་རྗེས་སུ་ལུས་པའི་གནད་དོན་ནི་རིག་གནས་ལན་པ་མིན་པར་མི་ལན་པ་ཡིན་པར་གསུངས་བྱུང་།
  འོད་ནག་ལགས་ཀྱིས་དེང་སྐབས་རིག་གཞུང་ཞིབ་འཇུག་ཁྲོད་ན་གླེང་བཞིན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རང་གི་ཕ་མ་དང་དེའི་ཕ་མེས་ཡང་མེས་ཚོས་ཤུལ་ཏུ་
བཞག་པའི་རིག་གནས་གཉིས་ལ་བར་ཁྱད་ཡོད་པར་བཤད་ལ།རང་གི་ཕ་མེས་ཡང་མེས་ཚོས་ཤུལ་ཏུ་བཞག་པའི་རིག་གནས་གླེང་དུས་སངས་རྒྱས་ཤཀྱཱ་ཐུབ་པའི་ཆེ་བ་རྐྱང་རྐྱང་བཤད་ནས་བསྡད་ན་དགོས་པ་ཆེས་ཆེར་མི་འདུག་པར་བཤད་ལ།ང་ཚོ་རྗེས་ལུས་ཐེབས་དོན་རིག་གནས་ལ་ཡང་འབྲེལ་བ་ཡོད་པ་སོགས་ནན་གྱིས་བཤད་བྱུང་།
  མཇུག་མཐར་ཁ་བརྡ་དེ་ཁ་བརྡའི་རྩ་དོན་དང་ཅུང་ཟད་འགལ་ནས་ང་ཚོ་རྗེས་སུ་ལུས་པའི་རྒྱུ་རྐྱེན་མི་ལན་ནམ་ཡང་ན་རིག་གནས་ལན་པའི་ཐད་ནས་རྩོད་གཞི་ཆུང་ཆུང་ཞིག་ཀྱང་བྱུང་།འདི་ལྟར་གཟའ་ཉི་མ་འདིར་ཁ་བརྡ་སྐྱིད་པོ་ཞིག་བྱས་ནས།ཕྱི་དྲོ་རང་རང་སར་ལོག་སོང་།ཕྱིན་ཆད་ཀྱང་ཁོམ་པ་ཡོད་དུས་དང་གྲོགས་པོ་ཚོར་ཐུག་ན་འདོད་དུས་མཉམ་འཛོམས་ཀྱི་གོ་སྐབས་རེ་བཙལ་ནས་མུ་མཐུད་དུ་ཁ་བརྡ་བྱེད་རྩིས་ཡོད་ལ་ད་ཐེངས་ཀྱི་གནས་ཚུལ་རགས་བསྡུས་ཞིག་བྲིས་ཚར་སོང་།མི་འདང་ས་དང་གྲོགས་པོ་ལ་ལས་བཤད་པར་གོ་བ་གསལ་བོ་ཞིག་ལེན་མ་ཐུབ་ས་ཡང་ཡོད་སྲིད་པས།གྲོགས་པོ་ཚོ་དང་དྲ་གྲོགས་རྣམ་པར་དགོངས་དག་ཞུ།
                                                      ལྕགས་ཡོས་ལོའི་ཟླ་ཚེས་བཟང་བོར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོས་སྲོལ་རྒྱུན་རིག་གནས་ལ་ཇི་ལྟར་བལྟ་ཞེས་པའི་བགྲོ་གླེང་འདུ་ཚོགས་ཤིག་གྲོང་ཁྱེར་ཁྲིན་ཏུའུ་ནས་བསྡུས་པ།

2011-12-13 གསར་འགོད་པ་མཚོ་མོ་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།