སེང་རྡོར་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་འཆད་ཁྲིད་བྱས་པ།

  ཁ་སང་སྟེ། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། སྙན་ངག་པ་སེང་རྡོར་གྱིས་འབྲེལ་ཡོད་མི་སྣའི་རེ་ཞུས་ལྟར་མཚོ་སྔོན་མི་རིགས་སློབ་ཆེན་དུ་སོ་སོའི་སྙན་ངག་དེབ་གསར<<ཉག་གའི་ལྗང་སེར་གློ་དམར>>ལས་འཕྲོས་ཏེ་བཅད་གསར་སྙན་ངག་གི་བྱུང་འཕེལ་དང་དེའི་ཁྱད་ཆོས་ཐད་ཀྱི་འཆད་ཁྲིད་ཐེངས་ཤིག་བྱས། བསླབ་གནས་དང་སྦྱངས་ཡོན་མི་འདྲ་བའི་སློབ་མ་བརྒྱ་ཕྲག་མང་པོ་འཆད་ཁྲིད་ལ་གསན་དུ་དུས་ལྟར་འདུས། ཐོག་མར་སེང་རྡོར་གྱིས་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་འཆད་ཁྲིད་བྱས་ཤིང་། འཕྲོ་ལ། དགུ་རོང་སྤུན་གྲོལ་དང་། ཞོགས་ལྗང་། རྒྱས་པ་འཇམ་བསྟན། བློ་མིག་སོགས་ཀྱིས་རིགས་མི་འདྲ་བའི་ལྟ་ཚུལ་སྣ་ཚོགས་བཏོན། འཆད་ཁྲིད་འདི་སྤེལ་བ་ཐོས་ཏེ་ཕྱོགས་གཞན་ནས་ཆེད་དུ་མཉན་ཡོང་མཁན་ལའང་དགེ་ཐོན་སློབ་ཆེན་གྱི་སྙན་ངག་པ་དཔའ་རྒོད་དང་གསོ་རིག་སློབ་ཆེན་གྱི་ཟུར་ཁྲིད་སློབ་མ་སད་སོགས་ཡོད་པར་བཤད། ཡུན་གྱིས་དེར་འདུས་རྣམས་ཀྱིས་བཅད་གསར་སྙན་ངག་ལས་ཐོན་པའི་དྲི་བ་འདྲ་མིན་བྱས། གླེང་ཕྱོགས་ཤིག་གིས། མཚོ་སྔོན་མི་རིགས་སློབ་ཆེན་ལ་དགེ་ལུགས་པའི་དགོན་སྡེ་ལྷག་མར་ཅིའི་ཕྱིར་འབོད་ལུགས་སོགས་ཀྱང་ཉུང་ཙམ་ཞིག་བརྩད་པ་རེད། དེ་མིན། སློབ་མ་ལ་ལས་བཅད་གསར་སྙན་ངག་གི་ཁྱད་ཆོས་བསྒྲགས། ལ་ལས་དེའི་བྱུང་འཕེལ་གླེང་། ལ་ལས་དེ་ལ་དོགས་པ་བཀོད། འགའ་རེས་ངོས་ཟིན་མོལ། རེ་ཟུང་གིས་མྱོང་ཚོར་བཤད་པ་སོགས་བགྲོ་གླེང་གི་གོ་རིམ་ཧྲིལ་པོ་ཤིན་ཏུ་ཚ་ཚ་འུར་འུར་བྱས་སོང་། ཚོགས་ར་དེ་ལས་ཐོན་པའི་སྐད་ཆ་སོགས་རྗེས་སུ་མཐོ་བཤད་དམའ་བཤད་དུ་མི་འགྲོ་བའི་ཕྱིར་གཞིས་མགྲོན་གཉིས་ཀས་སྒྲ་ཟིན་ཞིབ་མོ་བཏབ་ཡོད་པ་རེད། རེབ་འདིའི་འཆད་ཁྲིད་གོ་སྒྲིག་བྱེད་མཁན་ནི་མོག་བུ་ཡེ་ཤེས་སྐྱབས་དང་སྐྱ་མི་ཞེས་པའི་སྙན་ངག་པ་དེ་གཉིས་ཡིན་ཅིང་། སློབ་གླིང་དེའི་ཁུག་རྟ་རྩོམ་སྒྲིག་ཚོ་ཆུང་གིས་ཀྱང་རམ་འདེགས་གང་ལེགས་མཛད་ཡོད་སྐད།  
 
 སེང་རྡོར་གྱིས་ཆུ་འཐུང་བཞིན་པ།
 
ཚོགས་རའི་ཟུར་ཞིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།