སྐབས་གཉིས་པའི་ལྷ་སའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་སྡུར་སྐོར་གྱི་འཕྲིན་གསར།

 སྤྱི་ལོ་༢༠༡༡ཟླ་༡༢པའི་ཚེས་༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་ཐོག་ལྷ་ས་དགེ་འོས་སློབ་ཆེན་གྱི་ཚོགས་ཁང་ཆེན་མོའི་ནང་༼དགེ་འདུན་ཆོས་འཕེལ༽ཞེས་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་འདི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བཀྲ་ཤིས་ཞོལ་པས་ཤིས་བརྗོད་ཀྱིས་སྒོ་འཕར་ཡངས་པོར་ཕྱེ་སྟེ་མཛད་སྒོ་འདི་བཞིན་མགོ་ཚུགས་ཤིང་ཁྱོན་དགེ་སློབ་བཞི་བརྒྱ་བརྒལ་བ་མཉམ་ཞུགས་བྱས་ཡོད།  ཐེངས་འདིའི་བྱེད་སྒོ་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་༼གཡུ་ཆུང་གྲུ་དཀར༽སྙན་ཚིག་གྱེར་འདོན་ཚོགས་པ་དང་གུང་གཞོན་སྡེ་ཚོགས།    སྔོན་མ་དང་སྐབས་འདིའི་འགྲན་ཚོགས་ལ་མཛད་འཁུར་ཆེ་བཞེས་གནང་མཁན་ས་དམར་གྲགས་པ་ལགས། དེ་བཞིན་རོགས་རམ་པ་དགེ་འོས་ཚགས་པར་རྩོམ་སྒྲིག་ཁང་བཅས་ནས་གཙོ་གཉེར་བྱས་ཤིང་།   ལེ་ཚན་གཙོ་སྐྱོང་པས་སྙན་ཞིང་འཇེབས་པའི་འགྱུར་ཁུག་གིས་མཛད་སྒོ་འདི་དངོས་སུ་འགོ་ཚུགས་པའི་ཤིས་ཚིག་དང་ལྷན་དུ་ཐེངས་འདིའི་དཔྱད་འདེམས་པ་དང་སྐུ་མགྲོན་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་དོན།   ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བཟོ་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་དང་གཡུ་ཆུང་གྲུ་དཀར་སྙན་ཚིག་གྱེར་འདོན་ཚོགས་པའི་མཛུབ་སྟོན་དགེ་རྒན་བློ་རྣམ་ལགས་དང་།   བོད་ཀྱི་གྲགས་ཅན་སྙན་ངག་པ་ཐེངས་འདིའི་རྩོམ་ཡིག་དཔྱད་འདེམས་པ་དགེ་རྒན་བྱ་གཞུང་དབྱངས་བྷ་ལགས།   སློབ་གཞི་རྩོམ་བསྒྱུར་ཅུད་ཀྱི་རྩོམ་སྒྲིག་པ་དང་བོད་ཀྱི་ན་གཞོན་སྙན་ངག་པ་ཐེངས་འདིའི་རྩོམ་ཡིག་དཔྱད་འདེམས་པ་དགེ་རྒན་སྤེན་པ་དོན་གྲུབ་ལགས།    ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་དགེ་རྒན་སྐལ་གཡུང་ལགས།   བོད་ཀྱི་བུད་མེད་གྲགས་ཅན་རྩོམ་པ་པོ་དགེ་རྒན་ཧོར་མོ་ལགས།   བོད་ཀྱི་ན་གཞོན་སྙན་ངག་པ་ས་དམར་གྲགས་པ་ལགས། ངེད་དྲ་བའི་དོ་དམ་པ་རྡོ་རྗེ་གཡུལ་རྒྱལ།   དཔལ་བརྩེགས་སློབ་གྲྭའི་དགེ་རྒན་བོད་ཀྱི་ན་གཞོན་རྩོམ་པ་པོ་དགེ་རྒན་དཔྱི་ས་དཔལ་བཟང་ལགས་བཅས་སོ།།
      ཐེངས་འདིའི་མཛད་སྒོའི་ཐོག་བྱ་དགའ་ཐོབ་པའི་རྩོམ་ཡིག་རྣམས་དེ་སྔོན་སྙན་ངག་གྱེར་འདོན་ནང་བྱ་དགའ་རིམ་པ་ཐོབ་མྱོང་བའི་སློབ་མས་ཉམས་འགྱུར་ལྡན་ཞིང་གྲེ་བ་བདེ་བའི་ངག་དབྱངས་ཁྲོད་ན་ཟུག་ལྕི་མོས་རྩོམ་ཡིག་གི་བརྗོད་དོན་མཚོན་པར་བྱས་ཏེ་རེ་རེ་བཞིན་གྱེར་བ་དང་།   བར་གསེང་དུ་སློབ་མ་ཚོས་བོད་ཀྱི་སྲོལ་རྒྱུན་ནང་མ་དང་དེང་དུས་ཀྱི་ཁྱེར་གཞས་ཀྱིས་ཚོགས་ར་ཡོངས་སུ་སྤྲོ་སྣང་གི་དྲོད་ཁོལ་ཞིག་དབང་མེད་དུ་འབྱིན་བཞིན་འདུག   བྱ་དགའ་ཐོབ་པའི་སློབ་མར་ཐེངས་འདིའི་དཔྱད་འདེམས་པ་དང་སློབ་གྲྭའི་འགན་འཁུར་བས་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་རྟགས་མ།  དཀར་གཙང་མཇལ་དར།  དེ་བཞིན་བོད་ཀྱི་བུད་མེད་རྩོམ་པ་པོ་རྒན་ཧོར་མོ་ལགས་ཀྱིས་བརྩམས་གནང་བའི་༼བུམ་ནང་གི་མེ་ཏོག༽ཅེས་པ་བཅས་སྩལ་གནང་བ་དང་།   མཐར་ཚོགས་ཞུགས་སློབ་མ་ཚོས་རང་རང་གི་མོས་པས་གླུ་དབྱངས་ལེན་བཞིན་མཛད་སྒོ་འདི་དགའ་སྤྲོ་དང་མ་འོངས་པར་དེ་བས་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་པ་དང་བཅས་ཡོངས་སུ་མཇུག་སྒྲིལ་སོང་།
 
རྩོམ་ཁུངས། ཆོས་གྲོགས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།