སྨྲེང་བུས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་བྱས་པ།

བོད་ཡིག་བརྙན་ཡིག་ཚོགས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-08

  ཕྱི་ཟླ༡༢པའི་ཚེས༥དགོང་མོ་ཆུ་ཚོད་བདུན་པར།  ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་མའི་ཚོགས་པའི་གདན་ཞུ་ལྟར།  བོད་ལྗོངས་སློབ་ཆེན་བོད་རྩོམ་ཚན་ཁག་གི་དགེ་ཆེན་གཞོན་པ།  སྙན་ངག་པ་སྨྲེང་བུས"བོད་ཀྱི་ད་རབས་རྩོམ་སྟེགས་ཀྱི་བརྒལ་བརྟག་སྣང་ཚུལ"ཞེས་པའི་འཆད་ཁྲིད་གནང་།
 
 འཆད་ཁྲིད་གནང་བཞིན་པའི་ཚུལ།
 
 འཆད་ཁྲིད་གནང་བཞིན་པའི་ཚུལ།
 
 འཆད་ཁྲིད་ཀྱི་ནང་དོན།
 
 མཚན་རྟགས་འགོད་པ།
 
 དགེ་རྒན་བཀྲ་བྷས་མཇུག་སྡུད་པའི་གཏམ་བཤད་ཀྱིན་པ།
 དེ་རུ་ཁོང་གིས་ཞི་བའི་བཅིངས་འགྲོལ-1980ཡི་བར་གྱི་རྩོམ་རིག་ལ་དེང་རབས་རྩོམ་རིག་དང་1980-2010བར་གྱི་རྩོམ་རིག་ལ་ད་རབས་རྩོམ་རིག་ཅེས་བོས་ན་ག་འདྲ་ཞེས་བསམ་ཚུལ་བཏོན་ཞིང་། དུས་རིམ་དེ་གཉིས་ལས་ཀྱང་ད་རབས་རྩོམ་རིག་ནང་གི་རྩོམ་ལུས་མི་འདྲ་བའི་ཁྱབ་ཁོངས་ནང་བླངས་པའི་གྲུབ་འབྲས་དང་ད་ལྟའི་གནས་བབ་དང་ཞན་ཆ་ངོ་སྤྲོད་མདོར་བསྡུས་གནང་ཞོར།  འཆད་ཁྲིད་ཀྱི་དཀྱིལ་སྙིང་དེ་ལོ་ངོ་སུམ་ཅུའི་རིང་གི་བརྒལ་བརྟག་སྣང་ཚུལ་ལ་གཏད་དེ། དེའི་ཁྲོད་ཀྱི་བསྟོད་རྩོམ་སུན་འབྱིན། གསར་རྙིང་འཐེན་འཁྱེར། ལྗང་བུའི་སྙན་ངག  མེ་ལོང་མའི་དོགས་དཔྱོད། རང་རྩོམ་གྱི་བཅད་ཐིག  སེར་མོ་བའི་གསར་རྩོམ། རང་གྲོལ་བསམ་བློ་བ་ཡིན་མིན།(ཁོང་གིས་རང་གྲོལ་གྱི་བརྩམས་ཆོས་དང་འཆི་རྐྱེན་ཉིས་ཆ་རྒྱུ་མཚན་དུ་དྲངས་ནས་བསམ་བློ་ཡིན་པར་བཞེད) མི་རབས་གསུམ་པ་ཚུགས་རྐྱེན་དང་འཇིག་ཚུལ་སྐོར་ལ་ཁོང་གི་ལྟ་ཚུལ་གསོང་བོར་བརྗོད་ཅིང་།  མཐར། ད་རབས་རྩོམ་རིག་གི་སྟོང་ཆ་དང་དེ་འབྱུང་དོན་རྩོམ་མཁན་རང་དང་ཀློག་མཁན་ཕྱོགས་གཉིས་ཀའི་མི་འདང་བའི་ཆའམ་སྐྱོན་ཆ།  གསར་སྐྱེས་རྩོམ་མཁན་རྣམས་ཀྱི་གཟབ་སྒྲིམ་བྱེད་དགོས་ས་བཏོན་ཏེ་འཆད་ཁྲིད་མཇུག་རྫོགས་པར་བྱས།    
  དེ་རྗེས།  སྐར་མ་ཉི་ཤུ་ཙམ་གྱི་རིང་ལ་དགེ་སློབ་ཕན་ཚུན་དྲི་བ་འདྲི་བའམ་བགྲོ་གླེང་བྱས་ཤིང་། བོད་རིག་པ་གླིང་གི་གླིང་གཙོ་གཞོན་པ་བཀྲ་བྷ་ལགས་ཀྱིས་མཇུག་བསྡུ་བའི་གཏམ་བཤད་པ་བཅས་ཀྱིས་འཆད་ཁྲིད་ཀྱི་མཇུག་བདེ་བླག་ངང་བསྡུས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲེང་བུས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་བྱས་པ།

2011-12-08 བོད་ཡིག་བརྙན་ཡིག་ཚོགས་པ། ཀློག་གྲངས། མཆན ཡོད།

  ཕྱི་ཟླ༡༢པའི་ཚེས༥དགོང་མོ་ཆུ་ཚོད་བདུན་པར།  ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་མའི་ཚོགས་པའི་གདན་ཞུ་ལྟར།  བོད་ལྗོངས་སློབ་ཆེན་བོད་རྩོམ་ཚན་ཁག་གི་དགེ་ཆེན་གཞོན་པ།  སྙན་ངག་པ་སྨྲེང་བུས"བོད་ཀྱི་ད་རབས་རྩོམ་སྟེགས་ཀྱི་བརྒལ་བརྟག་སྣང་ཚུལ"ཞེས་པའི་འཆད་ཁྲིད་གནང་།
 
 འཆད་ཁྲིད་གནང་བཞིན་པའི་ཚུལ།
 
 འཆད་ཁྲིད་གནང་བཞིན་པའི་ཚུལ།
 
 འཆད་ཁྲིད་ཀྱི་ནང་དོན།
 
 མཚན་རྟགས་འགོད་པ།
 
 དགེ་རྒན་བཀྲ་བྷས་མཇུག་སྡུད་པའི་གཏམ་བཤད་ཀྱིན་པ།
 དེ་རུ་ཁོང་གིས་ཞི་བའི་བཅིངས་འགྲོལ-1980ཡི་བར་གྱི་རྩོམ་རིག་ལ་དེང་རབས་རྩོམ་རིག་དང་1980-2010བར་གྱི་རྩོམ་རིག་ལ་ད་རབས་རྩོམ་རིག་ཅེས་བོས་ན་ག་འདྲ་ཞེས་བསམ་ཚུལ་བཏོན་ཞིང་། དུས་རིམ་དེ་གཉིས་ལས་ཀྱང་ད་རབས་རྩོམ་རིག་ནང་གི་རྩོམ་ལུས་མི་འདྲ་བའི་ཁྱབ་ཁོངས་ནང་བླངས་པའི་གྲུབ་འབྲས་དང་ད་ལྟའི་གནས་བབ་དང་ཞན་ཆ་ངོ་སྤྲོད་མདོར་བསྡུས་གནང་ཞོར།  འཆད་ཁྲིད་ཀྱི་དཀྱིལ་སྙིང་དེ་ལོ་ངོ་སུམ་ཅུའི་རིང་གི་བརྒལ་བརྟག་སྣང་ཚུལ་ལ་གཏད་དེ། དེའི་ཁྲོད་ཀྱི་བསྟོད་རྩོམ་སུན་འབྱིན། གསར་རྙིང་འཐེན་འཁྱེར། ལྗང་བུའི་སྙན་ངག  མེ་ལོང་མའི་དོགས་དཔྱོད། རང་རྩོམ་གྱི་བཅད་ཐིག  སེར་མོ་བའི་གསར་རྩོམ། རང་གྲོལ་བསམ་བློ་བ་ཡིན་མིན།(ཁོང་གིས་རང་གྲོལ་གྱི་བརྩམས་ཆོས་དང་འཆི་རྐྱེན་ཉིས་ཆ་རྒྱུ་མཚན་དུ་དྲངས་ནས་བསམ་བློ་ཡིན་པར་བཞེད) མི་རབས་གསུམ་པ་ཚུགས་རྐྱེན་དང་འཇིག་ཚུལ་སྐོར་ལ་ཁོང་གི་ལྟ་ཚུལ་གསོང་བོར་བརྗོད་ཅིང་།  མཐར། ད་རབས་རྩོམ་རིག་གི་སྟོང་ཆ་དང་དེ་འབྱུང་དོན་རྩོམ་མཁན་རང་དང་ཀློག་མཁན་ཕྱོགས་གཉིས་ཀའི་མི་འདང་བའི་ཆའམ་སྐྱོན་ཆ།  གསར་སྐྱེས་རྩོམ་མཁན་རྣམས་ཀྱི་གཟབ་སྒྲིམ་བྱེད་དགོས་ས་བཏོན་ཏེ་འཆད་ཁྲིད་མཇུག་རྫོགས་པར་བྱས།    
  དེ་རྗེས།  སྐར་མ་ཉི་ཤུ་ཙམ་གྱི་རིང་ལ་དགེ་སློབ་ཕན་ཚུན་དྲི་བ་འདྲི་བའམ་བགྲོ་གླེང་བྱས་ཤིང་། བོད་རིག་པ་གླིང་གི་གླིང་གཙོ་གཞོན་པ་བཀྲ་བྷ་ལགས་ཀྱིས་མཇུག་བསྡུ་བའི་གཏམ་བཤད་པ་བཅས་ཀྱིས་འཆད་ཁྲིད་ཀྱི་མཇུག་བདེ་བླག་ངང་བསྡུས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།