ནུབ་བྱང་མི་རིགས་སློབ་ཆེན་གྱིས་སློབ་ཆེན་བུ་མོ་ཚོའི་ནུས་རྩལ་སྦྱོང་བརྡར་སྐབས་ལྔ་བ་སྤེལ་བ།

   སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་སྤྱི་ཟླ12པའི་ཚེས4ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུའི་སྒང་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བ་ནས་སློབ་ཆེན་བུ་མོའི་ནུས་རྩལ་གསོ་སྦྱོང་སྐབས་ལྔ་བ་སྤེལ། བསམ་གཟས་ནས་ཉིན་འདི་ལ་བཀོད་སྒྲིག་བྱས་པ་མིན་ཡང༌། ཏག་ཏག་ན་ནིང་སྐབས་བཞི་བ་ཚོགས་པའི་ཉིན་དང་ཁེལ་འདུག་པ་ནི་སྟེས་དབང་ཞིག་རེད།
 
   ཚོགས་མི་རྣམས་ཀྱིས་སློབ་ཁུལ་གསར་བ་ན་བོད་ཀྱི་བུ་མོ་སློབ་མ་མང་བར་གཞིགས་ནས་ཐེངས་འདིའི་བྱེད་སྒོ་དེ་རུ་བསྡུས་ཤིང༌། ཐོག་མར་སྨན་པ་སྐྱིད་འཚོས་འཆད་ཁྲིད་ཀྱི་ཚུལ་གྱིས་བུ་མོ་ཚོ་ལ་རང་ལུས་བདེ་སྲུང་དང་རང་གཅེས་རང་བཀུར། བག་ཡོད་ཚུལ་ལྡན་བྱེད་པའི་བརྗོད་བྱ་གཙོར་བཟུང་སྟེ་བདེ་ཐང་ཤེས་བྱ་བསྒྲགས་རྗེས། བུ་མོ་ཚོས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་རང་རང་གི་གནས་ཚུལ་དངོས་ལ་གཞིགས་ཏེ་ད་ལྟའི་  སློབ་སྦྱོང་བྱེད་ཐབས་དང་མ་འོངས་པའི་སྤྱི་ཚོགས་ལས་ཞུགས། འཇིག་རྟེན་སྣང་བ་སོགས་ཀྱི་ཐད་ནས་ཡང་ དྲི་བ་བཏོན་ཏེ་དགེ་རྒན་དང་ཕན་ཚུན་བག་ལྷོད་པོར་ཁ་བརྡ་གང་མང་བྱེད་ཐུབ་པ་ནི་མདུན་བསྐྱོད་ཅིག་རེད་སྙམ། མཐར་བུ་མོ་ཚོས་བྱེད་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུའི་རེ་བ་ཆེན་པོ་འདོན་བཞིན་ཡོད་པར་བརྟག་ན། བྱེད་སྒོ་འདི་འདྲས་ཁོ་མོ་ཚོའི་བློ་སྒོ་འབྱེད་པའམ་ཕྱོགས་སོ་སོའི་ནུས་པ་འཕེལ་བར་ཕན་ཐོགས་ཡོད་པ་མཚོན་ལ། དེ་ནི་ངེད་ཅག་གི་རེ་བ་དང་དམིགས་ཡུལ་ཡང་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།