“ཁ་ཆེམས་དུས་དྲན”ལས་འཕྲོས་པའི་ཟིན་ཐོ་རགས་བསྡུས།

དགུ་རོང་སྤུན་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-02

   སྤྱི་ལོ༢༠༡༡ལོའི་ཟླ༡༡པའི་ཚེས༢༦ཉིན་གྱི་ཕྱི་དྲོའི་དུས་ཚོད༡.༣༠སྟེང“བོད་ཀྱི་དེང་རབས་རྩོམ་རིག་གི་ཡབ་ཆེན”དུ་བགྲང་གིན་པའི་སྐུ་ཞབས་རང་གྲོལ་ལགས་ཀྱིས་བོད་ཀྱི་རིག་གནས་པའི་སྡེ་ལ་ཚེ་སྲོག་གིས་ཐ་ཚིག་སྒྲོག་པའི་ཉེར་བསྡོགས་རྩོམ་པའི་ཉིན་མོ་སྲུང་གཙི་བྱས་ཏེ། “ཁ་ཆེམས་དུས་དྲན”ཞེས་པའི་བརྗོད་གཞིའི་འདུ་ཚོགས་གནའ་མཁར་ཟི་ལིང་དུ་བསྡུས། ད་རེབ་ཀྱི་འདུ་ཚོགས་དེ་ནི་བོད་ཀྱི་ན་གཞོན་པའི་ངོས་ནས་བསྡུས་པའི་བརྩམས་ཆོས་བགྲོ་གླེང་ཞིག་ཡིན། ཚོགས་ཐོག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའམ། ན་གཞོན་སྙན་ངག་པ་སྒྲེན་པོ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའམ། ན་གཞོན་སྙན་ངག་པ་སྐྱ་མི། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྩོམ་སྒྲིག་པའམ། ན་གཞོན་བརྩམས་སྒྲུང་པ་མེལ་ཚེ། སེང་རྡོར་དྲ་བའི་གཙོ་སྒྲིག་པའམ། ན་གཞོན་སྙན་ངག་པ་སེང་རྡོར། རྩོམ་རིག་བརྩམས་ཆོས་ཀྱི་ལས་ཀ་གཙོ་བོར་གཉེར་གིན་པའི་བརྩམས་སྒྲུང་པ་རིག་ལྡན་རྒྱ་མཚོ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་གླིང་དུ་བསམ་བློ་རིག་གནས་ཀྱི་མེ་སོན་སྦར་བའི་ལས་ལ་འབད་བཞིན་པའི་སློབ་བུ་་ཁོན་ཐར་རྒྱལ་དང་། གནམ་འབྲུག་རྒྱལ། ཏིང་འཛིན་བཀྲ་ཤིས། ཇོ་བོ་སྐྱབས། ཨ་དམ་སྐྱབས། བན་དེ་ཚེ་རིང་། གཅན་ཚ་ནས་ཡོང་པའི་གཅན་རྣམ་ཐར། ཡང་མི་གཞུང་སློབ་གླིང་གི་སློབ་བུ་རྡོ་རྗེ་རྒྱལ། བཅས་སློབ་ཆེན་པ་བཅུ་ཕྲག་གསུམ་ཙམ་འདུས་ནས། སྐུ་ཞབས་རང་གྲོལ་གྱི་ཁ་ཆེམས་དུས་དྲན་ལ་སྲུང་གཙི་དང་འབྲེལ་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་དང་། རང་གྲོལ་ཉིད་གླེངས་ཏེ། བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་།
 
   ངེད་ཀྱིས་ཁ་ཆེམས་དུས་དྲན་གྱི་མགོ་འདི་ལྟར་བསླངས། དེ་རིང་གི་གཟའ་སྤེན་པའི་ཉིན་རྒྱབ་འདི་ལ་ངས་ཐོག་མར་འདུ་ཚོགས་འདིའི་སྟེང་ཡོང་ཡོད་པའི་སློབ་གྲོགས་རྣམ་པ་དང་། རྩོམ་རིག་དཔྱད་བརྗོད་པ། བརྩམས་སྒྲུང་ཆེད་རྩོམ་པ་དག་ལ་སེམས་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་མིང་ལ་དགུ་རོང་སྤུན་གྲོལ་ཟེར་ཞིང་། རང་གྲོལ་སྨྱུག་གསར་དྲ་བའི་གཙོ་སྒྲུབ་པ་དང་རང་གྲོལ་ཞིབ་འཇུག་གི་གཙོ་སྒྲིག་པ་བཅས་ཀྱི་ལས་ཀ་གཉེར་གྱིན་ཡོད། སྤྱི་ལོ༡༩༨༥ལོའི་སྤྱི་ཟླ༡༡་པའི་ཚེས༢༦ཉིན་གྱི་དེ་རིང་གི་ཕྱི་དྲོ་འདི་ལྟ་བུའི་དུས་སུ། བོད་ཀྱི་དེང་རབས་རྩོམ་རིག་གི་ཡབ་ཆེན་དུ་བགྲང་གིན་པའི་སྐུ་ཞབས་རང་གྲོལ་ལགས་ཀྱིས་མི་རིགས་འདིའི་རྟོགས་པ་ནང་ནས་སད་ཆེད། ཁོང་གི་སེམས་པའི་ཟབ་ས་དེ་ནས་མཇུག་མཐའི་སྐད་ཆ་ཚིག་འགའ་བོད་ཀྱི་རིག་གནས་པའི་སྡེ་ལ་ཁ་ཆེམས་ཀྱི་ཚུལ་དུ་སྤྲིངས་ཡོད་པ་རེད། ཁ་ཆེམས་ཡི་གེ་དེ་ནི་རང་གྲོལ་ཞིབ་འཇུག་འདོན་ཐེངས་གཉིས་པའི་སྟེང་འཁོད་་ཡོད་ལ། ཁྱེད་རྣམ་པས་བཀླགས་ཡོད་པའི་རེ་བའང་ཧ་ཅང་ཆེ། ཁ་ཆེམས་ཡི་གེ་དེ་དང་བོད་ཀྱི་རྩོམ་རིག་གསར་རྩོམ། སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་དབར་ལ་འབྲེལ་བ་ཆེན་པོ་ཡོད་སྟབས། དེ་རིང་ངེད་རང་གྲོལ་སྨྱུག་གསར་དྲ་བའི་ངོས་ནས། ཁ་ཆེམས་དུས་དྲན་ལ་སྲུང་གཙི་བྱས་ཏེ། བྱེ་བྲག་ཏུ་ཁོང་གི་སེམས་ཁོང་གི་མངོན་འདོད་གཙོ་བོར་གྱུར་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་དང་གནས་བབ་ལ་འཁྱུག་ཙམ་ལྟ་འདོད་ཀྱི་བློ་སྐྱེས་ནས། དེ་རིང་གི་འདུ་ཚོགས་འདི་བསྡུས་པ་ཡིན་ཞེས་གླེང་བསླངས་པ་ཡིན།
   སློབ་བུ་ཁོན་ཐར་རྒྱལ་གྱིས་དངོས་གཞིའི་སྒྲོམ་བཟོས་ཏེ། འདུ་ཚོགས་ཀྱི་མགོ་ཚུགས། ཁོང་གིས་ད་ལྟའི་བོད་ཀྱི་ཤེས་ཡོན་པའི་རིག་གནས་སྒེར་སྡོམ་གྱི་ལས་ཀ་དེ་དོན་གྲུབ་རྒྱལ་གྱི་རིག་གནས་སྙིང་སྟོབས་ཀྱི་དགོངས་པ་དང་ཡོངས་སུ་འགལ་ཡོད་སྟབས། ང་ཚོ་མི་རབས་གསར་པས་སྣང་ཚུལ་དེ་དག་ལ་དགག་རྒྱག་དང་སུན་འབྱིན་བྱེད་དགོས། དོན་གྲུབ་རྒྱལ་གྱིས་གཙོ་བོ་མིའི་ཕྱོགས་སུ་སྐུལ་ཡོད་ལ། ང་ཚོ་ཡང་མིའི་ཕྱོགས་སུ་གཞོལ་ཏེ་གཙོ་བོ་མི་དཀར་འདོན་བྱེད་དགོས། སྔོན་ཆད་ཡིན་ན། ལྷ་ཆོས་རིག་གནས་ཀྱི་གྲིབ་མས་མི་བསྒྲིབས་ནས་མི་ཞེས་པ་བྲན་གཤིས་དང་ལྡན་པ་ཞིག་ཏུ་བསྒྱུར་ཡོད་ཀི འུ་ཚོ་མི་རབས་གསར་པ་ཞིག་གི་འགན་འཁྲི་གཙོ་བོ་ནི་སྤྱིར་ལྷ་ཆོས་རིག་གནས་དང་། ལྷག་ཏུ་སྲོལ་རྒྱུན་གྱི་ཕྱོགས་ནས་བརྒལ་རྒྱུ་དེ་རེད། ཅེས་རིག་གནས་སྒེར་སྡོམ་གྱི་སྣང་ཚུལ་དག་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ག་གེ་མོ་ཞིག་དང་སྦྱར་ནས། དོན་འདུས་ཤིང་གནད་ལ་ཁེལ་བའི་གཏམ་བཤད་ཚ་བོ་གནང་བྱུང་།
  བརྩམས་སྒྲུང་གསར་རྩོམ་གྱི་ལས་སུ་འབད་བཞིན་པའི་སློབ་བུ་གནམ་འབྲུག་རྒྱལ་གྱིས། བཅིངས་འགྲོལ་བཏང་རྗེས་ཀྱི་བོད་ཀྱི་རྩོམ་རིག་གི་གནས་བབ་ནི་བསྟོད་རྩོམ་གྱི་ཕྱོགས་སུ་གཞོལ་བ་ཤུགས་ཆེ་ཞིང་། ལྷག་ཏུ་ཏང་ལ་བསྟོད་པ་དང་མའོ་ལ་བསྟོད་པ་ལ་སོགས་པའི་སྣང་ཚུལ་ཡང་ཅུང་ཆེན་པོ་འདུག དེ་ནས་ལོ་བཅུའི་རིག་གནས་ཀྱི་གོད་ཆགས་ཆེན་མོའི་རྗེས་སུ། བོད་ཀྱི་དེང་རབས་རྩོམ་རིག་འཕེལ་ཞིང་། དེ་ཡང་འཛམ་གླིང་རྩོམ་རིག་གི་འཕེལ་ཁ་དང་བསྡུར་ན། དང་པོར་ལྷ་ལ་བསྟོད་པ་དང་། གཉིས་པ་དཔའ་བོར་བསྟོད་པ། གསུམ་པ་མིའི་སྟེང་དུ་བབ་ཡོད་པ་དེ་བཞིན་དུ། དོན་གྲུབ་རྒྱལ་གྱི་སྐབས་སུ་བོད་ཀྱི་རྩོམ་རིག་དེ་ཡང་མིའི་སྟེང་དུ་བབས་ཡོད་འདུག དེ་བས། བོད་ཀྱི་དེང་རབས་རྩོམ་རིག་དང་བྲལ་ཏུ་མི་རུང་བའི་མི་སྣ་ཞིག་ཡོད་པ་ནི། ད་ལྟར་ང་ཚོས་གླེང་བཞིན་པའི་སྐུ་ཞབས་རང་གྲོལ་རེད། ང་ཚོའི་ངོས་ནས་བཤད་ན། དོན་གྲུབ་རྒྱལ་གྱི་སྐབས་ནས་བོད་ཀྱི་རྩོམ་རིག་མིའི་སྟེང་དུ་བབ་ཡོད་ཀི འདི་ནི་བོད་ཀྱི་རྩོམ་རིག་གི་ཐོལ་བརྒལ་ཞིག་རེད་འདུག དེས་ན་ངས་དེ་རིང་བཤད་འདོད་པ་ནི། བོད་ཀྱི་དེང་རབས་རྩོམ་རིག་འདི་སྐུ་ཞབས་དོན་གྲུབ་རྒྱལ་ནས་མགོ་བརྩམས་པ་ཡིན་ལ། སྐུ་ཞབས་དོན་གྲུབ་རྒྱལ་གྱི་རིང་དུ་རྩེར་སོན་པའང་ཡིན་ཞེས་པ་དེ་ཡིན། ཞེས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་ཆ་ནས་སྐུ་ཞབས་རང་གྲོལ་གྱི་བརྩམས་ཆོས་ལས་འཕེལ་རྒྱས་བྱུང་ཡོད་པའི་ལྟ་ཚུལ་གསོང་བོར་བཤད་སོང་།
   ནུབ་བྱང་ནས་འོངས་པའི་སྒྲེན་པོ་ལགས་ཀྱིས། དེ་རིང་ང་ཚོས་རང་གྲོལ་ལས་འཕྲོས་ཏེ་བསམ་བློའི་འབབ་སྟེགས་གཙོ་བོ་ནི་བོད་ཀྱི་དེང་རབས་རྩོམ་རིག་འདི་ཡིན་པ་རེད། དེའི་ཕྱིར་ན། འུ་ཚོས་དོན་གྲུབ་རྒྱལ་འདི་དུས་རབས་ཉི་ཤུ་པའི་ནང་དུ་འཇོག་དགོས། དེས་ན། ང་ཚོས་དུས་རབས་ཉི་ཤུ་པའི་འཛམ་གླིང་རྩོམ་རིག་དེ་ཡང་ཟ་དང་ཟུར་ནས་མི་གླེངས་ཐུ་མེད་རེད། དུས་རབས་ཉི་ཤུ་པའི་སྟོད་དུ་འཛམ་གླིང་རྩོམ་རིག་གི་འགྱུར་བག་འདི་ཧ་ཅང་རྒོད་ནས་དེ་འདྲ་ཞིག་རེད། དཔེར་ན། འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ། སྐྱེ་དངོས་འཕེལ་འགྱུར་སྨྲ་བ་ལ་སོགས་པའི་ཚན་རིག་གིས་ཡོད་ཚད་ཐག་གིས་གཅོད་ཐུབ་ཅེས་ཟེར་བཞིན་པའི་སྐབས་སུ། ཧྥུའུ་རོ་ཏི་ཡིས་རྟོག་པ་འོག་འགྱུའི་རིང་ལུགས་ཏེ། མིའི་གཉུག་གཤིས་ཀྱི་གཏིང་རིམ་ན་ཡོད་པའི་སེམས་ཁམས་ཤིག་སྔོག་འདོན་བྱས་ནས་རྩོམ་རིག་ཅེས་པ་ཡང་ཁྱབ་ཁོངས་ཆེ་རུ་བཏང་ཡོད་འདུག ཅེས་ནུབ་གླིང་དེང་རབས་རྩོམ་རིག་གི་འཕེལ་རྒྱས་དང་བསྡུར་ནས་སྐུ་ཞབས་རང་གྲོལ་གྱི་བརྩམས་ཆོས་ལ་ཞུན་བརྡར་བྱས་ཏེ། སྐུ་ཞབས་རང་གྲོལ་གྱི་བརྩམས་ཆོས་ལས་མི་གསར་དུ་བསྐྲུན་པ་དང་། མི་ཞེས་པ་ནི་བཟང་ངན་དང་དཀའ་སྡུག་སྐྱ་འཐབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་རབས་དང་། སྐུ་ཞབས་རང་གྲོལ་གྱི་བརྩམས་སྒྲུང༼སེམས་གཅོང༽དང་། ༼ཤ་དང་རུས་པའི་བརྩེ་དུངས༽བཅས་ལ་བལྟས་ན། དོན་གྲུབ་རྒྱལ་ནི་མི་གཤིས་ཀུན་སྤྱོད་དང་དེང་རབས་འཕེལ་རྒྱས་གཉིས་ཀྱི་འགལ་འདུའི་ཁྲོད་དུ་གནས་ཡོད་མཁན་ཞིག་རེད་འདུག བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཐད་ནས་གླེང་ན། སྐྱབས་ཆེན་བདེ་གྲོལ་གྱིས་འབྲི་བཞིན་པའི་དེང་རབས་ཕྱི་མའི་ལུགས་ཀྱི་བརྩམས་སྒྲུང་དང་སྙན་ངག་དག་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་དང་སྙན་ངག་ལས་བརྒལ་ཡོད་འདུག ཡིན་ནའང་། ངས་དེ་རིང་དོན་གྲུབ་རྒྱལ་དམིགས་ཀྱིས་གླེང་དགོས་པ་ནི། དོན་གྲུབ་རྒྱལ་ནི་རྩོམ་རིག་གི་སྟེང་ནས་མི་གསར་དུ་རྙེད་ཡོད་པའི་དར་ཆ་ཐོག་མ་དེ་ཡིན་པས་རེད། ཅེས་བརྩམས་ཆོས་གཙོ་བོར་བཟུང་སྟེ་སྒྲེན་པོའི་གཅེར་གཟུགས་མངོན་བྱུང་།
   སེང་རྡོར་ལགས་ཀྱིས། གོང་ནས་སྤུན་གྲོལ་ཡིན་ན་འདྲ། སྒྲེན་པོ་ཡིན་ན་འདྲ། བཤད་དགོས་པའི་སྐོར་ཞིག་བཤད་དང་ཐལ། དེས་ན་དེ་རིང་གི་འདུ་ཚོགས་ཀྱི་མིང་ལ་ཁ་ཆེམས་དུས་དྲན་ཞེས་རང་གྲོལ་ལགས་སྐུ་གཤེགས་ཁར་བཞག་པའི་ཁ་ཆེམས་དེ་ལ་དུས་དྲན་དང་རྗེས་སུ་དྲན་པའི་ཕྱིར་དུ་འུ་ཚོ་འདིར་མཉམ་འཛོམས་བྱུང་བ་རེད། རང་གྲོལ་ལགས་མི་བོ་ཆེན་པོ་ཞིག་ཡིན་པར་ཁས་ལེན་པའི་རྒྱུ་མཚན་ནི། ཐོས་པ་དང་སྦྱངས་པ་སྔོན་དུ་སོང་བའི་ཁོང་གི་རྩོམ་རིག་གསར་རྩོམ་གྱི་ཤན་སྟོབས་དེ་གཏིང་ཟབ་པ་དང་རྒྱ་ཆེ་བ་ཞིག་ཡིན་པས་རེད། དེའི་ཕྱིར་ན། དེ་རིང་འུ་ཚོ་ཡང་མ་བསྡུས་ངང་གིས་འདུས་པ་རེད། དེས་ན་ད་ལྟར་ལ་ཤས་ཤིག་གིས་རང་གྲོལ་ལགས་ཟེར་ན། ཕལ་ཆེར་མགོ་ན་འོད་གུར་ཡོད་པ་ཞིག་དང་། ཡང་ན། མགོར་འོད་གུར་བཞག་སྟེ་དཔར་བཏང་ནའང་དེ་ལྟར་ཡིན་དགོས་པའི་ཚད་ལ་སླེབས་ཡོད་ཚུལ་བཤད་ཀྱིན་ཡོད་པ་རེད། དེས་ན་སྐུ་ཞབས་རང་གྲོལ་ལགས་ཀྱི་ཤན་སྟོབས་དེ་རྒྱུ་མཚན་ཇི་འདྲ་ཞིག་དང་། གནས་བབ་ཇི་འདྲ་ཞིག་གི་འོག་ནས་དེ་ལྟར་གྱུར་པ་རེད་ཟེར་ན། ངས་འདི་ལྟར་བསམ་གཞིག་གཏོང་གིན་ཡོད། ཁོང་གི་བརྩམས་ཆོས་ཡོད་ཚད། ཐོས་པ་དང་སྦྱངས་པ་སྔོན་དུ་སོང་ཡོད་པས་རེད་འདོད། མི་ལ་ཤས་ཤིག་གིས་ངས་སྐད་ཆ་ཡག་པོ་བཤད་མི་ཤེས་ཀྱང་སྙན་ངག་འབྲི་གིན་ཡོད་ཅེས་པ་ལྟ་བུ་མ་ཡིན་པར། རང་གྲོལ་ལགས་ཀྱིས་དགོས་ངེས་ཀྱི་ཆ་དང་ངེས་པར་སྔོན་དུ་འགྲོ་དགོས་པའི་ཐོས་པ་དང་སྦྱངས་པའི་ཆ་རྐྱེན་སྔོན་དུ་བསྒྲུབས་ཏེ། ད་གཟོད་སྙན་ངག་ལ་སོགས་པའི་རྩོམ་རིག་སྒྱུ་རྩལ་གྱི་མཐོ་ཚད་དེ་གཉེར་བ་རེད་ཅེས་བཤད་འདོད། དུས་ད་ལྟར་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་བྱུང་ཡོད་འདུག་ཅེས་སྨྲ་མཁན་ཡོད་པ་རེད། རྒྱུ་འབྲས་དང་ཆོས་ཉིད་ཀྱི་སྟེང་ནས་བཤད་ན་དེ་ལྟར་ཡིན་ཡང་ངེས་པ་རེད། ཡིན་ནའང་། འུ་ཚོ་དོན་གྲུབ་རྒྱལ་ལྟ་བུའི་ཐོས་པ་དང་སྦྱངས་པ་སྔོན་དུ་སོང་མེད་པའི་རྐྱེན་གྱིས། འུ་ཚོས་དོན་གྲུབ་རྒྱལ་ལྟ་བུའི་ལོ་ན་གཞོན་དུས་སུ་བརྩམས་ཆོས་དེ་འདྲ་གྲངས་མཉམ་པ་དང་། བརྩམས་ཆོས་རེ་རེས་མི་རྣམས་ལ་ཤན་སྟོབས་དེ་འདྲ་ཐེབས་སུ་འཇུག་ཐུབ་མེད། དུས་ད་ལྟར་འུ་ཚོའི་སྙན་ངག་པ་མང་པོ་ཞིག་གིས་སྙན་ངག་དེ་སྔ་དྲོ་དང་ཕྱི་དྲོ། ཟ་ཁང་དང་སྤྱོད་ཁང་བཅས་ཀྱི་ནང་དུ་འབྲི་བཞིན་ཡོད་པ་རེད། འོ་ན་ཁྱེད་ཀྱིས་བྲིས་པའི་སྙན་ངག་དེ་དག་གི་མིང་ལ་ཅི་ཟེར་ཞེས་དྲིས་ན། བཙན་ཚུགས་ཀྱིས་མིང་ཞིག་མ་སྦྱར་ཚེ། རང་ཤུགས་ཀྱིས་དྲན་ཐུབ་ཀྱིན་མི་འདུག སྣང་ཚུལ་འདི་ལ་དངོས་གནས་དགོད་ཀྱི་ཡོང་གི རང་གྲོལ་ལགས་ཀྱི་སྙན་ངག་ནི་དེ་འདྲ་ཞིག་ཡེ་ནས་མ་ཡིན་ཏེ། ༼ལང་ཚོའི་རྦབ་ཆུ༽དང༼འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག༽ཅེས་པའི་སྙན་ངག་དག་ནི་འུ་ཚོས་བཙན་གྱིས་བློར་བཟུང་པ་དེ་འདྲ་མ་ཡིན་པར། འུ་ཚོའི་བློ་ངོར་རང་ཤུགས་ཀྱིས་སིམ་སོང་བ་རེད། དེའི་མིང་ལ་ངས་ཤན་སྟོབས་དང་ཤུགས་རྐྱེན་ཟེར། རྒྱུ་མཚན། དེའི་ནང་དུ་ཅི་ཞིག་བཤད་ཀྱིན་འདུག་ཟེར་ན། དེའི་ནང་དུ་འུ་ཚོར་བརྡ་སྤྲོད་ཀྱིན་འདུག དེའི་བརྡ་འཕྲོད་ཀི བརྡ་སྤྲད་པའི་ཚད་མཐོ་པོ་རེད། མཚོན་སྟོབས་ཆེ་གི་ཞེས་བཤད་འདོད་བྱུང་། ཞེས་སྐུ་ཞབས་རང་གྲོལ་གྱི་བརྩམས་ཆོས་དེ་དག་གིས་སྐབས་དེར་ཚོད་ཀྱི་ཀློག་པ་པོ་རྣམས་ལ་ཤན་སྟོབས་ཆེ་བ་མ་ཟད། དུས་ད་ལྟར་ཡང་ཤན་སྟོབས་ཆེ་བས། ཀློག་པ་པོ་རྣམས་ལ་བསམ་བློའི་ཆ་དང་ཕྱོགས་གང་ཅིའི་ཐད་ནས་བརྡ་སྤྲད་པ་གསལ་བོ་ཡིན་ཚུལ་དང་། སྐུ་ཞབས་རང་གྲོལ་ནི་ལམ་ཞིག་རེད་ཅེས་ལྟ་ཚུལ་གསར་པ་བཏོན་ནས་བགྲོ་གླེང་གི་ཁ་དབུགས་མཐུག་པོར་བཏང་།
   སློབ་གྲོགས་ཨ་དམ་སྐྱབས་ལགས་ཀྱིས། ང་ཚོས་དཔལ་དོན་གྲུབ་རྒྱལ་ཞེས་བསྟོད་པ་བྱེད་པ་ལས་དཔལ་དོན་གྲུབ་རྒྱལ་གྱི་བསམ་བློའི་ཆ་དང་སྙིང་སྟོབས་ཀྱི་ཆ་དེ་སྐྱ་ཆད་སྔོ་གཏུག་གི་སྐབས་འདི་ལ། མི་ཅི་ཙམ་གྱིས་དང་ལེན་བྱ་ཐུབ་མིན་དང་། ཡང་ན་ང་ཚོས་དོན་གྲུབ་རྒྱལ་གྱི་བསམ་བློ་དང་སྙིང་སྟོབས་ཁོ་ན་གླེང་པ་ལས་བོད་ཀྱི་དེང་རབ་རྩོམ་རིག་བྱེ་བྲག་ཏུ་གླེང་ན་ཅི་འདྲ་ཞིག་ཡིན་མིན་གྱི་ཐད་ནས་ངེད་རང་ལ་བསམ་བློ་གཏོང་རྒྱུ་ཞིག་ཡོད་ཀི དེས་ན་དེ་རིང་གི་དཔྱད་བརྗོད་པ་ཚོས་འདིའི་ཐད་ནས་བགྲོ་གླེང་གནང་ཐུབ་ན་ལེགས་པའི་ཀུན་སློང་ཞིག་ངེད་ལ་ཡོད་ཀི་ཞེས་རང་ཉིད་ཀྱི་ལྟ་ཚུལ་དྲང་བོར་བརྗོད།
སློབ་གྲོགས་ཇོ་བོ་སྐྱབས་ལགས་ཀྱིས། སྐུ་ཞབས་རང་གྲོལ་གྱིས་བོད་ཀྱི་ཤེས་རིག་དར་རྒུད་ཀྱི་ཆེད་དུ་བོད་མི་རིགས་ལ་གསལ་བརྡ་ཞིག་རྩོམ་རིག་བརྩམས་ཆོས་སྟེང་ནས་སྤེལ་ཡོད་ཀྱང་། རང་མི་རིགས་འདི་སད་མ་ཐུབ་པའི་རྐྱེན་གྱིས། ཁོང་ལ་སྡུག་བསྔལ་མང་པོ་ཞིག་ཡོད་པ་རེད་ལ། ཡོད་ཀྱང་ཆོག་ཆོག་རེད། མི་རིགས་ཀྱི་མགྲིན་ཚབ་པ་བྱས་མྱོང་བའི་མི་བུ་གང་མང་ཞིག་ལ་མཚོན་ལ། དེ་འདྲའི་སྤྱི་ཚོགས་ཀྱི་གཏིང་རིམ་དུ་ཞུགས་ཏེ། དཀའ་སྡུག་མང་པོ་མྱངས་ཏེ། མཐར་རང་སྲོག་བློས་གཏོང་གནང་དགོས་པ་དེ་འདྲ་ཆགས་ཡོད་པ་རེད། སྐུ་ཞབས་རང་གྲོལ་ཁོང་ལ་མཚོན་ནའང་། འཇིག་རྟེན་མི་ཡུལ་དང་ཁ་བྲལ་ནས་བུད་སོང་བ་རེད། ཡིན་ནའང་། མང་པོ་ཞིག་གིས་དེ་ནི་ཁོང་གི་ཕམ་ཁ་རེད་ཅེས་བཤད་ཀྱིན་ཡོད་ཀི དེ་ལ་ང་མི་འཐད་དེ། སྐུ་ཞབས་རང་གྲོལ་ཕམ་དང་མ་ཕམ་དེ་བོད་ཀྱི་ཕྱི་རབས་པའི་སྡེ་ལ་རག་ལས་ཡོད་པ་ཞིག་རེད་འདུག ཁོང་གིས་འུ་ཚོར་བཅོལ་བའི་རེ་བ་ཡོད་ཚད་འུ་ཚོས་འབོད་སྐུལ་དང་འགན་དུ་བླངས་ཐུབ་ཚེ། སྐུ་ཞབས་རང་གྲོལ་ཕམ་ཁའི་ཕྱོགས་སུ་བསྐྱོད་མི་འདུག སྐུ་ཞབས་རང་གྲོལ་རྒྱལ་ཁའི་ཕྱོགས་སུ་བཞུད་ཡོད་ཀི་ཞེས་འདོད་པ་ལས་གཞན་མང་པོ་ཞིག་ངས་བཤད་ཤེས་ཀྱིན་མི་འདུག་ཅེས་གླེང་སོང་།
   སྐྱ་མི་ལགས་ཀྱིས། དེ་རིང་འུ་ཚོས་འདུ་ཚོགས་ཀྱི་གནས་བབ་ལ་བལྟས་ནས་འོང་ན། དོན་གྲུབ་རྒྱལ་གྱི་ཁ་ཆེམས་ལ་དུས་དྲན་བྱ་རྒྱུ་དེ་རེད། དེས་ན། སྐོར་ཞིག་གིས་དོན་གྲུབ་རྒྱལ་སྙན་ངག་པ་མ་རེད་ཟེར་གྱིན་འདུག་ལ། སྐོར་ཞིག་སྙན་ངག་པ་ཡིན་པར་བཤད་ཀྱིན་འདུག བསམ་བློ་པའི་ངོས་ནས་ཀྱང་དེ་བཞིན་རེད། ངེད་ཀྱིས་ཁོང་སྙན་ངག་པ་ཞིག་ཡིན་པར་འདོད་ཀྱིན་ཡོད། རྒྱུ་མཚན་ནི། ཁོང་གི་ཁ་ཆེམས་ལ་བལྟས་ན་ཁོང་ཤེས་ཡོན་ཅན་ཞིག་ཡིན་པའི་ངེས་ཤེས་དེ་འདྲོང་ཐུབ་ཀྱང་། ཁོང་གིས་རང་སྲོག་བཅད་པ་དེས་ཁོང་སྙན་ངག་པ་ཡིན་པར་མཚོན་ཐུབ་ཀྱིན་འདུག་ལ། ཁོང་གི་རྟོག་པ་འོག་མའི་ནང་ན་སྙན་ངག་པའི་ཚོར་བ་དེ་ཆུ་ཚ་བོ་བཞིན་ལྷོག་ལྷོག་ཏུ་ལྡི་བཞིན་ཡོད་པ་ཤེས་ཐུབ། ངས་བསམ་ན་ཁོང་གིས་བོད་མི་རིགས་ལས་དོན་ལ་སེམས་ཁུར་བཅངས་པ་དང་། བརྩེ་དུངས་བཅངས་པ་གཉིས་ཀྱི་ནང་ནས་བརྩེ་དུངས་ཤུགས་ཆེ་བས། ཁོང་གིས་རང་སྲོག་བཅད་པར་འདོད་ཡོད། དེ་བས་ཁོང་སྙན་ངག་པ་ཡིན་པར་འདོད་ཞེས་བགྲོ་ཚིག་གསོང་བོར་བརྗོད།
  བོད་ཀྱི་རྩོམ་རིག་བརྩམས་ཁོ་ན་གཉེར་མཁན་གྱི་བརྩམས་སྒྲུང་པ་རིག་ལྡན་རྒྱ་མཚོ་ལགས་ཀྱིས། ཁོ་བོ་ནི་བརྩམས་སྒྲུང་ལྟ་ཀློག་བྱེད་པར་སྤྲོ་མཁན་ཞིག་གི་ངོས་ནས། དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གི་ཁྱད་ཆོས་ལ། བརྩམས་སྒྲུང་གི་བརྗོད་བྱ་དང་རྗོད་བྱེད་གཉིས་སུ་དབྱེ་དགོས་པར་འདོད། ཁོང་གི་བརྩམས་སྒྲུང་གི་རྗོད་བྱེད་ཀྱི་ཁྱད་ཆོས་ནི། མདོ་དབུས་ཁམས་གསུམ་སྤྱི་ནས་གོ་ཐུབ་པའི་མིང་ཚིག་བདམས་ཏེ་ཕལ་སྐད་ཀྱི་ལམ་ནས་བྲིས་ཡོད་པ་དེ། ངས་བལྟས་ན། ཁོང་གི་ཁྱད་ཆོས་ཁྱད་དུ་འཕགས་པ་ཞིག་རེད་འདོད། གཉིས་པ་བརྗོད་བྱའི་ངོས་ནས། གོང་ནས་ཚང་མས་གླེང་པ་བཞིན། ཁོང་གི་བརྩམས་སྒྲུང་ནང་དུ་མིའི་སྙིང་སྟོབས་འབུར་གཟུགས་ཀྱི་ཚུལ་དུ་མངོན་ཡོད་པ་དེ་བླ་མེད་ཀྱི་ཁྱད་ཆོས་ཤིག་རེད་འདོད། མིའི་སྙིང་སྟོབས་འབུར་གཟུགས་སུ་མངོན་པ་ལ་མིའི་གཤིས་ཀ་རེ་རེར་རྒྱུས་ལོན་བྱེད་དགོས་པ་རེད། མིའི་གཤིས་ཀར་རྒྱུས་ལོན་བྱས་ཏེ་དེ་ཉིད་རྩོམ་རིག་གི་བརྗོད་བྱར་བདམས་ཚེ། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་དེ་འབུར་དུ་ཐོན་པ་ཞིག་ཡོང་བར་ཕན་པ་ཆེན་པ་ཡོད་པ་རེད། དེས་ན་ངས་འདི་ལྟར་བསམ་གཞིག་གཏོང་གིན་ཡོད། ཁོང་གི་བརྩམས་སྒྲུང་གི་བརྗོད་བྱ་གདམ་གསེས་བྱེད་སྐབས། སྔོན་ཆད་ཀྱི་སྒྲུང་བོན་ལྡེའུ་གསུམ་གྱི་ནང་གི་སྒྲུང་དང་མི་གཤིས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཆ་ལ་བསམ་གཞིག་བཏང་ཡོད་པར་སེམས། ཁོང་གིས་བོད་ཀྱི་མི་གཤིས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཐབས་དེ་དམངས་ཁྲོད་ཀྱི་སྒྲུང་ལས་ཚུར་ལེན་བྱས་ཡོད་པར་འདོད་ཅེས་བརྩམས་སྒྲུང་པ་ཞིག་གི་མྱོང་བ་དང་སྒོ་བསྟུན་ནས་དོན་འདུས་པའི་སྐད་ཆ་གློད་བྱུང་།
  ཏིང་འཛིན་བཀྲ་ཤིས་ལགས་ཀྱིས། བོད་ཀྱི་རྩོམ་རིག་དུས་དེབ་ཐོག་མ༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དུས་དེབ་རེད། དེ་ནི༡༩༨༠ ལོར་གསར་དུ་བྱུང་བ་རེད། དེའི་སྟེང་དུ་བརྩམས་སྒྲུང་ཕྱོགས་ནས༼གཙུག་གཡུ༽དང་། སྙན་ངག་ཕྱོགས་ནས་རྩོམ་པ་པོ་ཨོ་རྒྱན་རྡོ་རྗེ་དང་ལྗང་བུའི་བརྩམས་ཆོས་མང་པོ་ཞིག་སྤེལ་ཡོད་པ་རེད། དོན་གྲུབ་རྒྱལ་ཡང་དེའི་ནང་གི་གཅིག་རེད། སྐབས་དེར། བོད་ཀྱི་རྩོམ་རིག་དུས་དེབ་སྟེང་ན་གོ་ས་ངེས་ཅན་ཟིན་ཡོད་པ་ནི་རྩོམ་པ་པོ་ཨོ་རྒྱན་རྡོ་རྗེ་དང་ལྗང་བུ་ལྟ་བུ་རེད། ཡིན་ནའང་། དོན་གྲུབ་རྒྱལ་གྱིས་རང་ཤི་བརྒྱབ་པས། བོད་ཀྱི་སྤྱི་ཚོགས་སྟེང་གི་མི་སྣ་མང་པོ་ཞིག་གིས་ཁོང་ལ་དོ་སྣང་བྱེད་མགོ་བརྩམས་ཡོད་རབས་བཤད་སོང་།
གཅན་རྣམ་ཐར་ལགས་ཀྱིས། དོན་གྲུབ་རྒྱལ་ཅེས་པའི་མིང་དེ་ཇི་ལྟར་གོ་ཚུལ་དང་རང་གྲོལ་གྱི་བགྲོ་གླེང་མང་པོ་བསྡུས་མྱོང་ཡང་། ཁ་ཆེམས་དུས་དྲན་ཞེས་པ་ད་སྔ་དབར་དུ་བསྡུ་མ་མྱོང་བས། ངེད་རང་དགའ་བོ་བྱུང་ཚུལ་དང་མཐར་ཁ་ཆེམས་ཡི་གེ་ཀློག་འདོན་གནང་སྟེ་སྐད་ཆའི་མཇུག་བསྡུས། དེ་ནས་གཏམ་བཤད་པ་སོ་སོ་ནས་སྔར་གྱི་གཏམ་བཤད་དག་ལ་ལྟ་ཚུལ་རེ་བརྗོད་ཅིང་དེའི་སྐོར་གཞུག་ནས་དཔེ་དེབ་ཀྱི་ནང་དུ་གསལ་བོར་དགོད་རྒྱུ་ཡིན་སྟབས་འདི་ཙམ་གྱིས་འཐུས་པར་བྱ།
   མཇུག་ཏུ་མཚོ་སྔོན་བརྙན་འཕྲིན་ཁང་དུ་ལས་ཀ་གཉེར་བའི་སྐུ་ཞབས་ཏིང་འཛིན་རབ་བརྟན་ལགས་ཀྱིས་རང་གི་མྱོང་སྣང་ཞིག་བཤད་མགོ་བརྩམས་སོང་། ཁོང་གིས་ང་ནི་ཁྱེད་ཀྱིས་དགེ་ལུགས་པའི་དགོན་སྡེ་ལྷག་མ་ཟེར་བཞིན་པའི་སློབ་གླིང་དེ་ནས་མཐར་ཕྱིན་མཁན་ཞིག་ཡིན། དེ་རིང་ཁྱེད་ཀྱིས་གནའ་རབས་བཤད་ཐལ། དེང་རབས་ཀྱང་བཤད་ཐལ། ཤར་ཕྱོགས་ཀྱང་བཤད་ཐལ། ནུབ་ཕྱོགས་ཀྱང་བཤད་ཐལ། སྐུ་ཞབས་རང་གྲོལ་ཟེར་བ་དེ། རྩོམ་རིག་གི་སྲོལ་བཏོད་པ་ཡང་རེད་ལ། སྙིང་སྟོབས་ཀྱང་རེད། ལམ་ཡང་རེད། སྙན་ངག་པའང་རེད། བསམ་བློ་པའང་རེད། སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་ མི་གཅིག་གི་སྒང་ན་པ་པོ་ལུང་པ་གང་ཞེས་བཤད་པ་ལྟར་རེད་འདུག དེས་ན་དེ་རིང་ངས་མྱོང་ཚོར་བཞི་བཤད། དང་པོ་ནི། གལ་ཏེ་སྐུ་ཞབས་རང་གྲོལ་ང་ཚོ་ན་གཞོན་པ་དག་གི་བློ་ཡུལ་ལས་འགོངས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ཚེ། དེ་རིང་འདུ་ཚོགས་འདི་ཙམ་ཞིག་བསྡུས་ཏེ་གླེང་བརྗོད་འདི་འདྲ་སྤེལ་ན་ཁོང་ལ་མཐོང་ཆུང་བྱས་པ་ཨེ་ཡིན་སྙམ་བྱུང་། གཉིས་པ། གལ་ཏེ་རང་གྲོལ་ཟེར་བ་དེ་གོང་དུ་བཤད་པ་དེ་ལྟ་བུ་ཞིག་མིན་ཚེ། དེ་རིང་གི་འདུ་ཚོགས་འདི་ཆེ་དྲགས་ཏེ་ཁོང་ལ་མཐོང་ཆེན་བྱས་པ་ཤུགས་དྲགས་པ་ཨེ་ཡིན་སྙམ། གསུམ་པ། ངེད་ཀྱི་དེ་རིང་གི་འདུ་ཚོགས་སྟེང་དུ་སྒྲེན་པོ་དང་སྐྱ་མི་གཉིས་མ་གཏོགས་མ་ཤེས། སྙན་ངག་པ་དང་ན་གཞོན་པ་མང་པོ་ཞིག་འཛོམ་པའི་ཐོག་སྤུན་གྲོལ་ལགས་ཀྱིས་དོན་གྲུབ་རྒྱལ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་བཤད་པ་དེ་མི་མང་པོ་ཞིག་ལ་བློ་བསྐྱེད་རེད་ལ་འདུ་ཚོགས་འདི་རྒྱལ་ཁ་ཡང་རེད་འདོད། བཞི་པ། དེ་རིང་མི་མང་པོ་ཞིག་འཛོམས་ཏེ་ཁྱེད་ཅག་གིས་སྐུ་ཞབས་རང་གྲོལ་མ་བཙལ་ཐལ། ཡང་ངས་ཁྱེད་ཅག་གིས་སྐུ་ཞབས་རང་གྲོལ་མ་བཙལ་ཐལ་ཞེས་བཤད་ན། མི་མང་པོ་ཞིག་མི་དགའ་ནའང་ཐང་། རྒྱུ་མཚན་ནི་རང་གྲོལ་སྐོར་ནས་སྐད་ཆ་མང་པོ་བཤད་ཡོད་ཟེར་ནི་རེད། ཡིན་ནའང་། སྐུ་ཞབས་རང་གྲོལ་བཙལ་ཡང་ཁྱེད་ཅག་གིས་དེ་རིང་སྐུ་ཞབས་རང་གྲོལ་མ་རྙེད་ཐལ། འདི་ནི་ཁ་ཆེམས་དུས་དྲན་དང་བོད་ཀྱི་དེང་རབས་རྩོམ་རིག་ཅེས་པའི་བགྲོ་གླེང་འདིའི་ཕམ་པ་རེད། ང་དེ་རིང་མྱོང་ཚོར་ཞིག་བཤད་རྒྱུ་ཡོད་ནོ་དེ་ཡིན་ཞེས་ན་གཞོན་རྐྱང་བའི་ངོས་ནས་བསྡུས་པའི་འདུ་ཚོགས་ལ་མི་དགའ་བའི་རྣམ་འགྱུར་ཤུགས་དྲག་བསྟན་བྱུང་།
   མཇུག་ཏུ་ངེད་ཀྱིས་བཤད་པ་ནི། ད་རེབ་ཀྱི་བགྲོ་གླེང་ནི་སྔར་དང་མི་མཚུངས་པར་འཁྲུག་ཆ་དོད་ཅིང་བསམ་བློ་གཙུབ་བརྡར་བྱུང་ཡོད། དེ་ཡང་ན་གཞོན་པའི་ངོས་ནས་རེད་ལ། ན་གཞོན་ཕན་ཚུན་བར་དུ་བྱུང་བའི་བསམ་བློ་གཙུབ་བརྡར་རེད། དེ་རབ་ཀྱི་འདུ་ཚོགས་ནི་གྲངས་མི་གཙོ་གྲུང་གཙོ་བྱས་པ་ལྟར། འདུ་ཚོགས་སྟེང་ཕེབས་པའི་ན་གཞོན་ཀུན་པོས་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ཡོད། ཀུན་པའི་གཏམ་བཤད་ཡེ་གེར་ཕབ་པར་ད་རེབ་དཀའ་ལས་ཏོག་ཙམ་བྱུང་བས་འབྱུང་འགྱུར་དེབ་ཀྱི་ནང་དུ་ཞིབ་ཕྲར་དགོད་ངེས་ཡིན།
    ཡིན་ནའང་། གསལ་བཤད་ཐུང་ངུ་ཞིག་ཡོད་པ་ནི། གོང་དུ་སློབ་གྲོགས་ཏིང་འཛིན་བཀྲ་ཤིས་ཀྱིས་བོད་ཀྱི་རྩོམ་རིག་གི་དུས་དེབ་ཐོག་མ༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དུས་དེབ་རེད། དེ་ནི༡༩༨༠ ལོར་གསར་དུ་བྱུང་བ་རེད། དེའི་སྟེང་དུ་བརྩམས་སྒྲུང་ཕྱོགས་ནས༼གཙུག་གཡུ༽དང་། སྙན་ངག་ཕྱོགས་ནས་རྩོམ་པ་པོ་ཨོ་རྒྱན་རྡོ་རྗེ་དང་ལྗང་བུའི་བརྩམས་ཆོས་མང་པོ་ཞིག་སྤེལ་ཡོད་པ་རེད།བཤད་པ་དེ་ཅུང་ཙམ་ནོར་ཡོད་པར་སྙམ། གཙོ་བོར་ཏིང་འཛིན་བཀྲ་ཤིས་ལགས་ཀྱིས་མནོ་བསམ་གཏོང་རོགས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

“ཁ་ཆེམས་དུས་དྲན”ལས་འཕྲོས་པའི་ཟིན་ཐོ་རགས་བསྡུས།

2011-12-02 དགུ་རོང་སྤུན་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།