རྨ་ཆུ་རྫོང་དུ་སྐབས་དྲུག་པའི་རྟ་རྒྱུགས་འགྲན་ཚོགས་ཆེན་མོ་བསྡུ་འཆར་ཡིན་པ།

 
  ཟླ8པའི་ཚེས13ཉིན། རྟ་གཤིབ་ཀྱི་ཕ་ས་སྟེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཉིན་ལྔའི་རིང་དུ་གེ་སར་རྟ་རྒྱུག་འགྲན་ཚོགས་སྤེལ་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་ཚོགས་ལ་སྨི1000དང་། སྨི2000། སྨི3000བཅས་ཀྱི་རྟའི་མགྱོགས་ཚད་འགྲན་སྡུར་དང་། སྨི5000དང་སྨི10000ཡི་རྟའི་རྒྱུག་ཤུགས་འགྲན་སྡུར་བཅས་རིགས་ཆེ་བ་གཉིས་སུ་ཡོད་ཅིང་། བྱ་དགའི་དངུལ་གྲངས་ཁྱོན་སྡོམ་སྒོར་ཁྲི58དང་། རྣམ་གྲངས་རྐྱང་མའི་བྱ་དགའ་ཆེས་མཐོ་བའི་དངུལ་གྲངས་སྒོར་ཁྲི10ཡིན་པ་རེད། མིག་སྔའི་བར་དུ་ཞིན་ཅང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་བཅས་ཀྱི་རྫོང་ཁག22ལ་འབྲེལ་བ་བྱས་ནས་རྟ800ལ་ཉེ་བ་འགྲན་སྡུར་དུ་ཞུགས་རྒྱུ་རེད། 
  
  འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་རྨ་ཆུ་རྫོང་གིས་རྟ་རྒྱུག་འགྲན་སྡུར་དང་བསྡོངས་ནས། རྨ་ཆུའི་འབྲོག་ཁྱིའི་འགྲེམ་སྡུར་སྐབས་དང་པོའམ་རིག་གནས་གླེང་སྟེགས་དང་། ཆིན་རྒྱལ་རབས་ཀྱི་རྫ་བཟོས་དམག་རྟ་དང་རྨ་ཆུའི་རྟའི་ཞིབ་འཇུག་བརྗོད་གཞིར་བྱས་པའི་གླེང་སྟེགས། བོད་ཀྱི་སྲོལ་རྒྱུན་གྱི་རྟ་ཐོག་སྤོ་ལོ། གེ་སར་སྒྲུང་བཤད། སྒྲ་སྙན་རྡུང་ལེན་སོགས་ཀྱི་བྱ་འགུལ་ཚར་དུ་དངར་བ་སྤེལ་རྒྱུ་རེད། 
  
  རྨ་ཆུ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་མངའ་ཞིང་། རྨ་ཀླུང་རིང་མོའི་ཁུགས་སོ་བཅོ་བརྒྱད་ལས་རྨ་ཁུགས་དང་པོ་ཞེས་པའི་མཚན་སྙན་གསོལ་ཡོད། ཡུལ་འདིར་གནའ་ནས་དེང་བར་དུ་རྟ་རྒྱུག་འགྲན་སྡུར་བྱེད་པའི་སྲོལ་འདུག་པས་རྒྱལ་ཁབ་ལུས་རྩལ་ཅུའུ་དང་ཀྲུང་གོའི་རྟ་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོའི་རྟ་གཤིབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་གནང་ཡོད་པ་རེད།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུ་རྫོང་དུ་སྐབས་དྲུག་པའི་རྟ་རྒྱུགས་འགྲན་ཚོགས་ཆེན་མོ་བསྡུ་འཆར་ཡིན་པ།

2012-07-08 བདེ་ཆེན་མཚོ། ཀློག་གྲངས། མཆན ཡོད།

 
  ཟླ8པའི་ཚེས13ཉིན། རྟ་གཤིབ་ཀྱི་ཕ་ས་སྟེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཉིན་ལྔའི་རིང་དུ་གེ་སར་རྟ་རྒྱུག་འགྲན་ཚོགས་སྤེལ་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་ཚོགས་ལ་སྨི1000དང་། སྨི2000། སྨི3000བཅས་ཀྱི་རྟའི་མགྱོགས་ཚད་འགྲན་སྡུར་དང་། སྨི5000དང་སྨི10000ཡི་རྟའི་རྒྱུག་ཤུགས་འགྲན་སྡུར་བཅས་རིགས་ཆེ་བ་གཉིས་སུ་ཡོད་ཅིང་། བྱ་དགའི་དངུལ་གྲངས་ཁྱོན་སྡོམ་སྒོར་ཁྲི58དང་། རྣམ་གྲངས་རྐྱང་མའི་བྱ་དགའ་ཆེས་མཐོ་བའི་དངུལ་གྲངས་སྒོར་ཁྲི10ཡིན་པ་རེད། མིག་སྔའི་བར་དུ་ཞིན་ཅང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་བཅས་ཀྱི་རྫོང་ཁག22ལ་འབྲེལ་བ་བྱས་ནས་རྟ800ལ་ཉེ་བ་འགྲན་སྡུར་དུ་ཞུགས་རྒྱུ་རེད། 
  
  འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་རྨ་ཆུ་རྫོང་གིས་རྟ་རྒྱུག་འགྲན་སྡུར་དང་བསྡོངས་ནས། རྨ་ཆུའི་འབྲོག་ཁྱིའི་འགྲེམ་སྡུར་སྐབས་དང་པོའམ་རིག་གནས་གླེང་སྟེགས་དང་། ཆིན་རྒྱལ་རབས་ཀྱི་རྫ་བཟོས་དམག་རྟ་དང་རྨ་ཆུའི་རྟའི་ཞིབ་འཇུག་བརྗོད་གཞིར་བྱས་པའི་གླེང་སྟེགས། བོད་ཀྱི་སྲོལ་རྒྱུན་གྱི་རྟ་ཐོག་སྤོ་ལོ། གེ་སར་སྒྲུང་བཤད། སྒྲ་སྙན་རྡུང་ལེན་སོགས་ཀྱི་བྱ་འགུལ་ཚར་དུ་དངར་བ་སྤེལ་རྒྱུ་རེད། 
  
  རྨ་ཆུ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་མངའ་ཞིང་། རྨ་ཀླུང་རིང་མོའི་ཁུགས་སོ་བཅོ་བརྒྱད་ལས་རྨ་ཁུགས་དང་པོ་ཞེས་པའི་མཚན་སྙན་གསོལ་ཡོད། ཡུལ་འདིར་གནའ་ནས་དེང་བར་དུ་རྟ་རྒྱུག་འགྲན་སྡུར་བྱེད་པའི་སྲོལ་འདུག་པས་རྒྱལ་ཁབ་ལུས་རྩལ་ཅུའུ་དང་ཀྲུང་གོའི་རྟ་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོའི་རྟ་གཤིབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་གནང་ཡོད་པ་རེད།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།