སྲིན་མོ་བུད་མེད་དང་བྱིས་པའི་རོགས་སྐྱོར་ཚོགས་པས་བསང་ཆུ་ནས་བྱེད་སྒོ་སྤེལ་བ།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སྤྱི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ནས་སུམ་ཅུའི་བར་ངེད་ཚོགས་པས་ཀན་ལྷོ་ཁུལ་བསང་ཁོག་དང་རྒན་གྱ་ཡུལ་ཚོ་ནས་སྡོམ་པས་བུད་མེད་བརྒྱ་ལྷག་ལ་མ་བུ་བདེ་སྲུང་སྐོར་དང་མངལ་ལྡན་མའི་སྤྱོད་ལམ་དང་ཟས་བསྟེན་ཚུལ་ཐད་ཀྱི་འཛེམ་བྱ། དུས་རྒྱུན་འཚོ་བའི་ཁྲོད་འབྱུང་སླ་བའི་མོ་ནད་ལ་ཇི་ལྟར་མཉམ་འཇོག་དང་གཙང་སྤྲ་བྱེད་ཚུལ། ཨེ་ཙི་སོགས་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་བཅས་ཕྱོགས་གསུམ་ནས་འཕྲོད་བསྟེན་ཤེས་བྱ་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར2500ཙམ་གྱི་སྨན་དང་དོར་ཐུང་ནང་གོས་བྱིན་པ་ཡིན།
 
  འདི་ནི་རྒན་གྱ་ནས་བྱེད་སྒོ་སྤེལ་བའི་ཚོགས་ར་ཡིན།
  ཐེངས་འདིའི་མ་དངུལ་མཚོ་སྔོན་གངས་ཅན་ཡུལ་སྐོར་ཀུང་ཟིའི་བཀྲ་ཤིས་ཕུན་ཚོགས་ལགས་སོགས་ལྷག་བསམ་ཅན་ཚོས་བཏང་བ་ཡིན་ལ། བྱེད་སྒོ་སྤེལ་བར་བསང་ཆུ་རྫོང་བུད་མེད་ལྷན་ཚོགས་ཀྱི་འགོ་གཙོ་ཚེ་རིང་དབང་མོ་ལགས་གཙོ་བྱས་ཡུལ་ཚོ་དེ་གཉིས་ཀྱི་དཔོན་པོ་དང་ལས་བྱེད་པ་ཚོའི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་ཐོབ་པས་བྱེད་སྒོ་བདེ་ལེགས་ངང་འགྲུབ་ཡོད།
 
འདི་ནི་འཕྲོད་བསྟེན་ཤེས་བྱ་སྒྲོག་པའི་སྒང་ཡིན།
 
འདི་ནི་སྨན་སྦྱིན་གཏོང་བའི་སྒང་ཡིན།
 
 ཐེངས་འདིའི་བྱེད་སྒོ་དཔལ་མོ་དང་སྐལ་བཟང་འཚོ། ཚེ་རིང་དགའ་སྐྱིད། བོད་གཞུག་སྐྱིད། གཡང་མོ་ཚེ་རིང༌། སྒྲོལ་མ་ཚེ་རིང༌། ཚེ་གཟུངས་སྐྱིད༌། འཇིགས་བྱེད་འཚོ་བཅས་ཀྱིས་སྤེལ་བ་ཡིན།
  ལོ་ངོ་གསུམ་གྱི་རིང་འདི་ལ། ང་ཚོས་གཞི་རིམ་གྱི་རོང་འབྲོག་སྐྱེས་མ་རྣམས་ལ་འཕྲོད་བསྟེན་རྒྱུན་ཤེས་བསྒྲགས་ཤིང་རང་ལུས་བདེ་སྲུང་གི་འདུ་ཤེས་ཆགས་པར་གསོ་སྦྱོང་བྱས་པའི་ཞར་ལ། སྔ་གཞུག་ཏུ་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་ཉེར་བདུན་ལ་རོགས་སྐྱོར་སྦྱིན་བདག་བཙལ་ཏེ་སློབ་ཡོན་སྤྲོད་བཞིན་ཡོད་སྟབས། ད་ཐེངས་ནས་བཟུང་ཚོགས་པའི་མིང་ལ་བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པ་ཞེས་བཅོས་ཡོད། དེ་ནི་ལས་ཀ་ལས་བདེ་བའི་ཆེད་དུའང་ཡིན། ང་ཚོར་ཐུགས་ཁུར་གནང་མཁན་རྣམ་པས་དྲ་ཐོག་ནས་མིང་བྱང་འོས་འཚམ་མིན་ཚུལ་གྱི་དགོངས་འཆར་བཏོན་པར་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ་མུ་མཐུད་དུ་ང་ཚོར་ཕྱོགས་ཡོངས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ། དེ་མིན་ད་དུང་སྔོན་དང་མི་འདྲ་ས་ནི། ད་ཐེངས་ནས་བཟུང་བོད་སྨན་བྱིན་པ་ཡིན་ལ། རྗེས་སུའང་གཙོ་བོ་བོད་སྨན་སྟེར་རྒྱུ་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིན་མོ་བུད་མེད་དང་བྱིས་པའི་རོགས་སྐྱོར་ཚོགས་པས་བསང་ཆུ་ནས་བྱེད་སྒོ་སྤེལ་བ།

2012-07-06 མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།