ལྗང་བུའི་སྙན་ངག་ཕྱོགས་སྒྲིག་གི་དེབ་ཅིག་ཧྥ་རན་སིའི་ཡི་གེར་དཔར་སྐྲུན་བྱས་པ།

དྲ་བའི་གསར་འགོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-07-02

  ངེད་དྲ་བར་གནས་ཚུལ་འབྱོར་གསལ། སྤྱི་ཟླ༦པའི་ཚེས༡༣ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རིས་སི་རུ་སྤྱང་ཀིའི་རྣ་བ་ཞེས་པའི་སྙན་ངག་དཔེ་སྐྲུན་ཁང་ཞིག་གིས། བོད་ཀྱི་སྙན་ངག་པ་གྲགས་ཅན་ལྗང་བུ་ལགས་ཀྱི་སྙན་ངག་ཕྱོགས་སྒྲིག་༼གཟུགས་མེད་ཀྱི་གཏུབ་གྲི༽ཞེས་པ་ཞིག་ཧྥ་རན་སིའི་ཡིག་ཐོག་ནས་དཔར་སྐྲུན་བྱས་འདུག་ལ། དེབ་དེའི་ནང་ལྗང་བུ་ལགས་ཀྱི་སྙན་ངག་ཐུང་ངུ་སུམ་ཅུ་ལྷག་ཧྲག་སྒྲུག་བྱས་འདུག་ལ། ཨ་ཞང་ཚང་གི་སྒོ་ཁྱི་དང་མཛེས་སྡུག་ཤོར་སོང་སོགས་དེ་སྔོན་བོད་ཡིག་ནང་དུ་ཡང་དཔར་སྐྲུན་བྱེད་མ་མྱོང་བའི་སྙན་ངག་སྐོར་ཞིག་ཀྱང་བདམས་འདུག  དེབ་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི། བོད་ཡིག་དང་ཧྥ་ཡིག་གཉིས་ཤོག་ངོས་ཉིན་སྲིབ་ཀྱིས་ཤན་སྦྱར་བྱས་ཡོད་ཅིང་། རྩོམ་པ་པོ་རང་གིས་བྲིས་གནང་གི་རི་མོ་གསར་རྙིང་བཅུ་ཙམ་ཡང་བར་གསེང་དུ་བཅུག་འདུག  
  ཉེ་ཆར་། ལྗང་བུ་ལགས་ནི་གདན་ཞུའི་རྩོམ་པོ་པོའི་མཚན་ཐོག་ནས་ཧྥ་རན་སིའི་སྙན་ངག་པ་ཆེན་པོ་ཨར་ཐུའུར་རམ་བྷོ་ Arthur Rimbaud  ཡི་འཁྲུངས་ཡུལ་ཏེ་ཤར་ལེ་ཝེ་ལེ་མེ་ཟི་ཡེར་ཞེས་པའི་གྲོང་ཁྱེར་ནང་བདུན་ཕྲག་ཁ་ཤས་བཞུགས་ཏེ་གསར་རྩོམ་འཆར་གཞི་ཞིག་འགྲུབ་དགོས་ཡོད་པར་།  ཞིང་ཆེན་དེའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཀོད་སྒྲིག་གནང་ངོར་ཚེས་༡༩ཉིན་དང༢༣སོ་སོར་གྲོང་ཁྱེར་དེ་གར་ལྗང་བུའི་སྙན་ངག་གྱེར་འདོན་་དགོང་ཚོགས་ཐེངས་གཉིས་རམ་བྷོའི་འགྲེམ་སྟོན་ཁང་སོགས་སུ་བསྡུས་པའི་མཉམ་དུ་དེབ་དེའི་ཐོག་མའི་འགྲེམས་སྤེལ་དང་སིལ་འཚོང་གི་མཛད་སྒོ་ཞིག་ཀྱང་སྤེལ་འདུག
  དེབ་དེའི་སྐོར་ལྗང་བུ་མཆོག་ནས་ཞལ་པར་ལས་འགྲེལ་བརྗོད་འདི་ལྟར་གནང་དོན། ང་རང་རྩོམ་པ་པོ་ཧ་ཅང་སྤྱིར་བཏང་པ་ཞིག་ཡིན་ལ། ང་ལ་རྩོམ་ཡིག་མང་པོ་ཞིག་སྟོན་རྒྱུ་མེད་ན་ཡང་།  ཡུལ་དུས་ཀྱི་རྟེན་འབྲེལ་ཚོགས་ནས་ང་རང་གི་རྩོམ་ཡིག་དེ་ཚོ་སྐད་རིགས་བརྒྱད་དགུ་ཙམ་གྱི་རྩོམ་རིག་དུས་དེབ་དང་ཚགས་པར་། ཆེད་སྒྲིག་དེབ་དུ་མར་འཁོད་མྱོང་ལ། རྩོམ་ཡིག་དེ་ཚོ་སྐད་ཀྱི་འཇིག་རྟེན་གཞན་པ་དག་ཏུ་སླེབས་དང་སླེབས་མུས་ངང་མི་གསར་པ་སྐོར་དང་སྐོར་ལ་མཇལ་འཛོམས་བྱུང་དང་འབྱུང་བཞིན་པ་དེ་ནི། ང་ལ་མཚོན་ན་སྤོབས་པ་སྐྱེ་འོས་པ་ཞིག་དང་དགའ་སྤྲོ་འཕེལ་དགོས་པའི་གནས་ཤིག་ཏུ་ངོས་འཛིན་ཞུ་གི་ཡོད་།  ང་རང་གིས་རྒྱུས་ལོན་བྱུང་པ་ལྟར་ན། ད་ལྟའི་བར་དུ་བོད་ཀྱི་འཚོ་བཞིན་པའི་སྙན་ངག་པ་མི་གཅིག་རང་གཅིག་གི་སྙན་རྩོམ་ཕྱོགས་བསྡུས་ཐོག་ཧྥ་རན་སིའི་སྐད་ནང་ལ་དེབ་གཟུགས་སུ་ཐོན་ཡོད་པ་གོ་མ་མྱོང་། དེ་བས་གནས་ཚུལ་འདི་ནི་བོད་ཀྱི་དེང་དུས་ཀྱི་སྙན་ངག་ཧྥ་རན་སིའི་སྐད་ནང་ལ་ངོ་སྤྲོད་བྱེད་པའི་སྒོ་ཕྱེས་པ་འདྲ་པོ་ཞིག་ཀྱང་ཆགས་ཡོད་རེད་སྙམ། དེ་བས་བོད་ནང་གི་དྲིལ་བསྒྲག་གོམས་གཤིས་ཀྱི་ཚིག་གཅིག་བེད་སྤྱོད་བཏང་ནས་བཤད་ན་། འདི་ནི་ང་ཚོའི་བོད་ཡིག་སྙན་ངག་འདི་རྒྱལ་སྤྱིའི་སྡིངས་ཆར་འགྲོ་སྟངས་སམ་སླེབས་སྟངས་ཤིག་ཆགས་ཡོང་གིན་ཡོད་པའི་སྔ་ལྟས་འདྲ་ཞིག་རེད་ཅེས་བཤད་ཆོག་གི་རེད་སྙམ།
  དེ་མིན་ད་དུང་། ཟླ་༦པའི་ཚེས་༢༤ཉིན་རྒྱལ་ས་ཕ་རིས་སིའི་སྐྱེད་མོས་ཚལ་ཆེན་པོ་ཝང་སང་ཞེས་པར་སྙན་ངག་དེབ་དེ་འགྲེམ་སྤེལ་མཛད་སྒོ་ཞིག་སྤེལ་འཆར་ཡོད་མོད། བློ་ཕངས་པ་ཞིག་ལ་གློག་ཀླད་ཀྱི་མ་ལག་བརྗེ་བོ་རྒྱག་དུས་དེབ་དེའི་བོད་ཡིག་གི་པར་གཞི་ལ་ནོར་འཛོལ་ཕྲན་བུ་ཡོད་པ་དང་ཉིན་དེར་གནམ་གཤིས་ཡག་པོ་མ་བསྟན་པ་གཉིས་རྐྱེན་བྱས་ནས་བྱེད་སྒོ་དེ་སྤེལ་མཚམས་མི་འཇོག་རང་འཇོག་བྱུང་འདུག
  དེབ་འདིའི་སྒྱུར་པ་པོ་གཙོ་བོ་ནི་ཕ་རིས་སིའི་ཤར་ཕྱོགས་ཤེས་རིག་དང་སྐད་ཡིག་སློབ་གླིང་གི་དགེ་རྒན་དང་རྩོམ་རིག་ཉམས་ཞིབ་པ་ཧྥ་རན་སོ་ཝ་ཟི་རོ་པེན་ནམ་ཆོས་ཉིད་དབང་མོ་མཆོག་ཡིན་ལ། ཧྥ་རན་སིའི་སྐད་ཀྱི་འཇིག་རྟེན་ནང་དུ་ཁོང་མོ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་མགྲིན་ཚབ་པ་ལྟ་བུ་ཞིག་ཆགས་འདུག་སྟེ། མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀས་མཚོན་ཁོང་མོས་བསྒྱུར་བའི་བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་ཧྥ་རན་སིའི་ཡི་གེར་དཔར་སྐྲུན་བྱས་ཚར་ཡོད་འདུག   ཁོང་མོའི་ཡིག་བསྒྱུར་མཉམ་ལས་མཁན་སྲས་མོ་སྐུ་ཞབས་ཨེལིསཟི་རྨང་རྟེན་ནི་སྤྱིར་སྙན་ངག་ལ་འདྲིས་ཆ་ཆེ་ཞིང་ལྷག་དོན་ལྗང་བུ་རང་དང་ལྗང་བུའི་སྙན་ངག་སྐོར་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན་འདུག  དེའི་སྐོར་ལྗང་བུས་འགྲེལ་བརྗོད་བྱས་པ་གཤམ་གསལ། ཁོང་རྣམ་པ་གཉིས་ཀྱི་མཉམ་ལས་དེས་ངའི༼ཧ་གོ་རྒྱུ་མེད་པའི་རྐང་ཆག་མ༽དེ་ཚོ་ཡར་རྒྱས་ཞེ་དྲགས་བཏང་ཡོད་ཚོད་རེད། ཧྥ་རན་སིའི་འགྱུར་དེར་ཧ་གོ་གི་མི་འདུག་ཟེར་མཁན་མ་བྱུང་།
  སྤྱང་ཀིའི་རྣ་བ་ཞེས་པའི་དཔེ་སྐྲུན་ཁང་དེ་ནི་སྙན་ངག་ཁོ་ན་མ་གཏོགས་དཔར་སྐྲུན་མི་བྱེད་པའི་ཧ་ཅང་ཆེད་ལས་རང་བཞིན་གྱི་ལས་ཁུངས་ཤིག་ཡིན་འདུག་ལ། སྤྱང་ཀིའི་རྣ་བ་ཞེས་པ་ནི་ཚོར་བ་ཧ་ཅང་རྣོན་པོ་ཡོད་པའི་མཚོན་བྱེད་ཡིན་འདུག
  དེབ་འདི་གཟིགས་ཉོ་གནང་མཁན་གྱིས་གཤམ་གྱི་ཁ་བྱང་འདི་བརྒྱུད་ནས་དཔེ་སྐྲུན་ཁང་ལ་ཁ་གཏུག་འབྲེལ་བ་གནང་ཐུབ་གི་ཡོད།
 
ལྗང་བུས་སྙན་ངག་ཀློག་གནང་བ།
 
 ལྗང་བུས་སྙན་ངག་ཀློག་གནང་བ།
 
 རམ་བྷོའི་འགྲེམ་སྟོན་ཁང་དུ།
 
 ཁྱབ་བསྒྲག་དགོང་ཚོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྗང་བུའི་སྙན་ངག་ཕྱོགས་སྒྲིག་གི་དེབ་ཅིག་ཧྥ་རན་སིའི་ཡི་གེར་དཔར་སྐྲུན་བྱས་པ།

2012-07-02 དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།