གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དུ་རང་མོས་གླེང་སྟེགས་ཞེས་པ་བསྐྱར་གསོ་བྱུང་བ།

2012-06-21 18:41:00 གངས། ཀློག་གྲངས། མཆན ཡོད།

    
     ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དུ་རང་མོས་སྟེགས་བསྐྱར་གསོ་བྱུང་བ་དང་རྒན་རྟ་མགྲིན་ཚེ་རིང་གིས་ཚོགས་ཐོག་ཏུ་རང་མོས་སྟེགས་ཐོག་མར་གནས་ཚུལ་ཅི་ལྟ་བུ་ཞིག་གི་འོག་ཏུ་ཚུགས་པ་དང་།བར་དུ་ཅི་ལྟར་འཕེལ་རྒྱས་ཕྱིན་པ།མཐའ་མར་༠༨ལོའི་དུས་ཟིང་ལ་སོགས་པར་རྐྱེན་བྱས་ཏེ་བར་སྐབས་ཤིག་ལ་གླེང་སྟེགས་སྤེལ་མཚམས་བཞག་པ་སོགས་གནས་ཚུལ་རགས་བསྡུས་ཤིག་མཚམས་སྦྱོར་བྱས།
    སྐབས་འདིར།སློབ་མའི་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྒྱལ་སོགས་ཀྱིས་ཤུགས་རྒྱབ་ཏེ་སྡེ་ཁག་གི་མགོ་བ་ཚོར་རེ་ཞུ་ཡང་ཡང་བྱས་མཐར་རང་མོས་གླེང་སྟེགས་བསྐྱར་གསོ་ཐུབ་པའི་རྣམ་པ་ཙམ་ཆགས་པར་དགེ་སློབ་ཀུན་ནས་ཡི་རངས་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན།རང་རེའི་སྡེ་ཁག་གི་ཆེད་སྦྱོང་དང་དངོས་གཞི།ཞིབ་འཇུག་སློབ་མ་སོགས་ཀྱི་ཁྲོད་ནས་བགྲོ་གླེང་གི་དབུ་ཁྱུད་མཁན་སློབ་གྲོགས་འགའ་ཆེད་དུ་བཀོད་སྒྲིག་བྱས།ཁོ་ཚོས་ཐེངས་འདིའི་གཏམ་བཤད་ལ་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཏེ་སྒེར་ངོས་ནས་གླེང་གཞི་མི་འདྲ་བ་སྣ་ཚོགས་བཏོན།
 
      ཐེངས་འདིའི་གླེང་སྟེགས་སུ་སློབ་ཆེན་སློབ་མའི་འགན་འཁྲི་ནི་ཅི་ཞིག་ཡིན་པ་ལ་ངོས་འཛིན་དང་ནུབ་ཕྱོགས་མི་ཇུས་རིང་ལུགས་ཀྱི་དགོངས་པ་ཆོས་ལྡན་བོད་ཀྱི་ཡུལ་དུ་དར་དགོས་པའི་གལ་ཆེའི་རང་བཞིན་གླེང་ཞིང་།ང་ཚོ་བོད་རིགས་གཞོན་ནུ་རྣམས་ཅི་ཕྱིར་མི་བོ་ཆེ་རུ་འགྱུར་བར་འབད་དགོས་པ་དང་མི་བོ་ཆེ་ནི་དུས་རབས་ཀྱིས་སྐྲུན་པ་ཡིན་ལ་རང་ཉིད་ཀྱིས་སྐྲུན་པ་ཡང་ཡིན་པའི་ལྟ་ཚུལ་བཏོན།གཞན་སློབ་གྲོགས་བུད་ཅིག་གིས་བུད་མེད་རྣམས་ཀྱི་ཉམ་ཆུང་དང་སྤོབས་པ་ཞ་བའི་གནས་སྟངས་ལ་དགག་རྒྱག་བྱེད་པ་དང་ཆབས་ཅིག་ཏུ་བོད་རིགས་བུད་མེད་ཚོའི་ཁེ་དབང་ཐོབ་ཐང་རྩོད་ལེན་གྱི་ངར་སྐད་ཅིག་བསྒྲགས་སོང་།ད་དུང་སློབ་ཆེན་སློབ་མས་སྦྲགས་སྐད་བཤད་པ་དང་བོད་ལྭ་མི་གྱོན་པ་སོགས་ཀྱི་སྐོར་ནས་བསམ་འཆར་འདོན་མཁན་ཀྱང་མང་དུ་བྱུང་ངོ་།
 
      མཇུག་ཏུ་སློབ་དཔོན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་ཐེངས་འདིའི་གླེང་སྟེགས་ལ་རིགས་གཞུང་བགྲོ་གླེང་གི་ཁྱད་ཆོས་ཡོད་པར་བཤད་དེ།སློབ་གྲོགས་ཚོའི་སྐད་སྲོལ་དུ་རིག་གཞུང་གི་ཆེད་བཀོལ་གྱི་བརྡ་ཆད་ཡོད་པ་དང་།སྤྱིར་བཏང་གི་སྐད་ཆ་ཞིག་གིས་ལྟ་བ་ཉི་ཚེ་བ་ཞིག་གླེང་བ་མ་ཡིན་པར་རིག་གཞུང་ཞིབ་འཇུག་གི་རིན་ཐང་དང་ཁྱད་ཆོས་མངའ་བའི་གླེང་གཞི་བཏོན་པ་སོགས་ལ་ཤིན་ཏུ་ཡིད་ཚིམས་པའི་བསྔགས་བརྗོད་མཛད།

       ཐེངས་འདིའི་བགྲོ་གླེང་སྐབས་བྱུང་བའི་ཤེས་ཡོན་ཅན་དང་རྩོམ་པ་པོའི་མིང་།
ཨེ་དབྱིན་སི་ཐན།(Einstein) ཉི་ཏོན།Newtonགན་དྷི།(Gandhi) ཡུའེ་ཏཱ་ཧོ།(אֱלִיעֶזֶר בֶּן־יְהוּדָה)ཧེ་མེན་ཝེ། (Hemingway)རྡེ་ཧྥོ(Defoe)ལུའུ་ཞུན།(
鲁迅)ཧོ་ཧྲི། (胡适)ཚེ་ཡོན་ཕེ། (蔡元培)ཆན་ལེ་ཆོན། (钱理群)དགེ་འདུན་ཆོས་འཕེལ།རང་གྲོལ།ཞོགས་དུང་།བདུད་ལྷ་རྒྱལ།བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།