ཧུང་ཡོན༼རྐ་ཁོག༽རྫོང་བོད་ཡིག་སློབ་འབྲིང་གི་འཛིན་གྲྭ་ཞིག་ནས་རྩོད་གླེང་གི་བྱ་འགུལ་སྤེལ་བའི་གནས་ཚུལ།

གསར་འགོད་པ་སྙན་བཟང་པདྨ་རིན་ཆེན མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-13

  སྤྱི་ཟླ6པའི་ཚེས 6ཉིན་སྟེ། གཟའ་ལྷག་པའི་ཕྱི་དྲོ་ཆུ་ཚོད6︰00གི་སྟེང་ནས་བཟུང་དགོང་མོའི་ཆུ་ཚོད8:40བར་དུ་ཟི་ཁྲོན་ ཞིང་ཆེན་རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་གི་དམའ་གཅིག་འཛིན་གྲྭ་གཉིས་པ་ནས་སློབ་གྲོགས་རྣམས་ཀྱི་འཇོན་ཐང་གི་ནུས་པ་བསྔོགས་འདོན་དང་གཏམ་བཤད་ཀྱི་ནུས་པ་བསྐྱེད་བསྲིང་། སློབ་སྦྱོང་གི་འཚོ་བར་སྤྲོ་ སྣང་སྦྱིན་སླད་དུ་དམའ་གཅིག་འཛིན་གྲྭ་གཉིས་པ་རང་ངོས་ནས་གཙོ་བསྒྲུབ་བྱས་པའི་སྐབས་དང་པོའི་རྩོད་གླེང་འགྲན་སྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ། ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་རང་གི་སློབ་གྲོགས་63ཁྲོད་ནས་བདམས་ཐོན་བྱས་པའི་སློབ་ གྲོགས་ཕོ 7དང་སློབ་གྲོགས་བུ་མོ 7  གཞན་ད་དུང་ཕྱོགས་གཉིས་ཀ་ནས་བདམས་ཐོན་བྱས་པའི་བར་འབྱེད་པའམ་གཟུ་བ་ སློབ་གྲོགས 4 བཅས་ཁྱོན་བསྡོམས་སློབ་གྲོགས 18ཞུགས་ཡོད་ལ། ཆུ་ཚོད 2:40ལྷག་གི་འགྲན་སྡུར་བརྒྱུད་གངས་རིའི་བུ་མོའི་ ངག་སྒོ་ཚན་ཁག་དང་སྟག་ཤར་གཞོན་ནུའི་བདེན་དོན་ཞེས་པའི་ཚན་ཁག་གཉིས་ཀའི་མཐུན་སྒྲིལ་དང་དགའ་སྣང་གཙོ་བོར་བྱས་པའི་ངང་ནས་རྩོད་གླེང་མཇུག་རྫོགས་པ་མ་ཟད། ཐེངས་འདིའི་ རྩོད་པའི་གླེང་གཞི་སྟེ། མི་ཞིག་གི་མི་ཚེའི་འཚར་ལོངས་ཁྲོད་ ཀྱི་ཆེས་གལ་ཆེ་བའི་སློབ་གསོ་དེ་ནི་ཁྱིམ་ཚང་གི་སློབ་གསོར་རག་ལས་ཞེས་པ་དང་མི་ཞིག་གི་མི་ཚེའི་འཚར་ལོངས་ཁྲོད་ཀྱི་ཆེས་གལ་ཆེ་བའི་སློབ་གསོ་དེ་ནི་སློབ་གྲྭའི་སློབ་གསོར་རག་ལས་ཞེས་པ་གཉིས་ལས། ཕྱོགས་གཉིས་ཀའི་གཟི་བ་དག་གིས་ཕྱོགས་སུ་མ་ ལྷུང་བའི་སྒོ་ནས་ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀར་རག་ལས་པ་ལས་དེ་གཉིས་ཀའི་གཅིག་ཀྱང་མེད་དུ་མི་རུང་བའི་ངོས་ཐད་ནས་ལུང་རིགས་མང་དུ་དྲངས་ཏེ་ཕྱོགས་བསྡོམས་མཛད་མཐར་ཐེངས་འདིའི་བྱ་འགུལ་རྒྱལ་ཁ་དང་གྲུབ་འབྲས་ཡོད་པའི་སྒོ་ནས་ ཡོངས་སུ་མཇུག་རྫོགས་པར་བྱས།
 
 རྩོད་གླེང་ལ་ཞུགས་པའི་སྟག་ཤར་གཞོན་ནུའི་བདེན་དོན་ཚན་ཁག
 
   རྩོད་གླེང་ལ་ཞུགས་པའི་གངས་རིའི་བུ་མོའི་ངག་སྒོ་ཚན་ཁག
 
  རྩོད་གླེང་ནི་ཤེས་རིག་བརྡར་ཤ་གཅོད་པའི་ཐབས་མཆོག་ཡིན །
 
   དྲང་བདེན་གནས་ལུགས་སྐྱོང་བའི་གཟུ་བ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧུང་ཡོན༼རྐ་ཁོག༽རྫོང་བོད་ཡིག་སློབ་འབྲིང་གི་འཛིན་གྲྭ་ཞིག་ནས་རྩོད་གླེང་གི་བྱ་འགུལ་སྤེལ་བའི་གནས་ཚུལ།

2012-06-13 གསར་འགོད་པ་སྙན་བཟང་པདྨ་རིན་ཆེན ཀློག་གྲངས། མཆན ཡོད།

  སྤྱི་ཟླ6པའི་ཚེས 6ཉིན་སྟེ། གཟའ་ལྷག་པའི་ཕྱི་དྲོ་ཆུ་ཚོད6︰00གི་སྟེང་ནས་བཟུང་དགོང་མོའི་ཆུ་ཚོད8:40བར་དུ་ཟི་ཁྲོན་ ཞིང་ཆེན་རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་གི་དམའ་གཅིག་འཛིན་གྲྭ་གཉིས་པ་ནས་སློབ་གྲོགས་རྣམས་ཀྱི་འཇོན་ཐང་གི་ནུས་པ་བསྔོགས་འདོན་དང་གཏམ་བཤད་ཀྱི་ནུས་པ་བསྐྱེད་བསྲིང་། སློབ་སྦྱོང་གི་འཚོ་བར་སྤྲོ་ སྣང་སྦྱིན་སླད་དུ་དམའ་གཅིག་འཛིན་གྲྭ་གཉིས་པ་རང་ངོས་ནས་གཙོ་བསྒྲུབ་བྱས་པའི་སྐབས་དང་པོའི་རྩོད་གླེང་འགྲན་སྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ། ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་རང་གི་སློབ་གྲོགས་63ཁྲོད་ནས་བདམས་ཐོན་བྱས་པའི་སློབ་ གྲོགས་ཕོ 7དང་སློབ་གྲོགས་བུ་མོ 7  གཞན་ད་དུང་ཕྱོགས་གཉིས་ཀ་ནས་བདམས་ཐོན་བྱས་པའི་བར་འབྱེད་པའམ་གཟུ་བ་ སློབ་གྲོགས 4 བཅས་ཁྱོན་བསྡོམས་སློབ་གྲོགས 18ཞུགས་ཡོད་ལ། ཆུ་ཚོད 2:40ལྷག་གི་འགྲན་སྡུར་བརྒྱུད་གངས་རིའི་བུ་མོའི་ ངག་སྒོ་ཚན་ཁག་དང་སྟག་ཤར་གཞོན་ནུའི་བདེན་དོན་ཞེས་པའི་ཚན་ཁག་གཉིས་ཀའི་མཐུན་སྒྲིལ་དང་དགའ་སྣང་གཙོ་བོར་བྱས་པའི་ངང་ནས་རྩོད་གླེང་མཇུག་རྫོགས་པ་མ་ཟད། ཐེངས་འདིའི་ རྩོད་པའི་གླེང་གཞི་སྟེ། མི་ཞིག་གི་མི་ཚེའི་འཚར་ལོངས་ཁྲོད་ ཀྱི་ཆེས་གལ་ཆེ་བའི་སློབ་གསོ་དེ་ནི་ཁྱིམ་ཚང་གི་སློབ་གསོར་རག་ལས་ཞེས་པ་དང་མི་ཞིག་གི་མི་ཚེའི་འཚར་ལོངས་ཁྲོད་ཀྱི་ཆེས་གལ་ཆེ་བའི་སློབ་གསོ་དེ་ནི་སློབ་གྲྭའི་སློབ་གསོར་རག་ལས་ཞེས་པ་གཉིས་ལས། ཕྱོགས་གཉིས་ཀའི་གཟི་བ་དག་གིས་ཕྱོགས་སུ་མ་ ལྷུང་བའི་སྒོ་ནས་ཁྱིམ་ཚང་དང་སློབ་གྲྭ་གཉིས་ཀར་རག་ལས་པ་ལས་དེ་གཉིས་ཀའི་གཅིག་ཀྱང་མེད་དུ་མི་རུང་བའི་ངོས་ཐད་ནས་ལུང་རིགས་མང་དུ་དྲངས་ཏེ་ཕྱོགས་བསྡོམས་མཛད་མཐར་ཐེངས་འདིའི་བྱ་འགུལ་རྒྱལ་ཁ་དང་གྲུབ་འབྲས་ཡོད་པའི་སྒོ་ནས་ ཡོངས་སུ་མཇུག་རྫོགས་པར་བྱས།
 
 རྩོད་གླེང་ལ་ཞུགས་པའི་སྟག་ཤར་གཞོན་ནུའི་བདེན་དོན་ཚན་ཁག
 
   རྩོད་གླེང་ལ་ཞུགས་པའི་གངས་རིའི་བུ་མོའི་ངག་སྒོ་ཚན་ཁག
 
  རྩོད་གླེང་ནི་ཤེས་རིག་བརྡར་ཤ་གཅོད་པའི་ཐབས་མཆོག་ཡིན །
 
   དྲང་བདེན་གནས་ལུགས་སྐྱོང་བའི་གཟུ་བ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།