ཨ་རིའི་ཨིན་ཡིག་ངག་སྐྱོར་འགྲན་བསྡུར་མཇུག་རྫོགས་པ།

རྨ་མགུར་སངས་རྒྱམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-01

 
  སྤྱི་ལོ་༢༠༡༢་ལོའི་ཟླ་༥་ཚེས་༣༡་ཉིན་ལ་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲུན་དུ་ཚོགས་པའི་འཛམ་གླིང་གི་རྒྱལ་ཁབ་སྣ་མང་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱིས་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་བྱེད་པའི་འགྲན་བསྡུར་ཀྱི་ཁྲོད་དུ་ཨང་དང་བོའི་རྒྱལ་ཁ་ནི་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནེ་ཡ་ནས་ཡིན་པའི་རྒྱ་གར་གྱི་སློབ་ཕྲུག་སི་ནིག་ཏ་ལ་ཐོབ་ཡོད།   ད་ལོ་ཁོ་མོ་རང་ལོ་༡༤་དང་ Francis Parker ་སློབ་གྲྭའི་ལོ་རིམ་བརྒྱད་པ་རེད།   ཁོ་མོས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་ཉིན་རེར་དུས་ཚོད་༡༡་གི་རིང་དང་།  གཞན་ཉིན་རྟག་པར་དུས་ཚོད་༦་གི་རིང་ལ་ཚན་རིག་དང་ལོ་རྒྱུས་ལ་འབྲེལ་བ་ཡོད་པའི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་སློབ་སྦྱོང་བྱས་ནས་འགྲན་བསྡུར་ལ་ཞུགས་པ་རེད།    ཁོ་མོས་འགྲན་བསྡུར་གྱི་ཁྲོད་དུ་ཨིན་ཡིག་གི་ཚིག་འདི་དག་ ringent,  lahar,  stochastically,  compas,  rhonchus,  psammon,  ajimez,  luteovirescent,  saccharolytic,  admittatur,  arrondissement,  guetapens ་ནོར་འཁྲུལ་མེད་པར་ངག་སྐྱོར་བྱས་པ་དང་ཐ་མའི་རྒྱལ་ཁའི་ཨིན་ཡིག་གི་ཚིག་ནི་guetapens་ཡིན་པ་རེད།     ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་དུ་ཁོ་མོ་ལ་ཨ་སྒོར་ཁྲི་བཞི་ལྷག་གི་མ་རྩ་དང་རྒྱལ་ཁའི་རྟགས་མ་སོགས་ཐོབ་པ་རེད། 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་ཨིན་ཡིག་ངག་སྐྱོར་འགྲན་བསྡུར་མཇུག་རྫོགས་པ།

2012-06-01 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།

 
  སྤྱི་ལོ་༢༠༡༢་ལོའི་ཟླ་༥་ཚེས་༣༡་ཉིན་ལ་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲུན་དུ་ཚོགས་པའི་འཛམ་གླིང་གི་རྒྱལ་ཁབ་སྣ་མང་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱིས་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་བྱེད་པའི་འགྲན་བསྡུར་ཀྱི་ཁྲོད་དུ་ཨང་དང་བོའི་རྒྱལ་ཁ་ནི་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནེ་ཡ་ནས་ཡིན་པའི་རྒྱ་གར་གྱི་སློབ་ཕྲུག་སི་ནིག་ཏ་ལ་ཐོབ་ཡོད།   ད་ལོ་ཁོ་མོ་རང་ལོ་༡༤་དང་ Francis Parker ་སློབ་གྲྭའི་ལོ་རིམ་བརྒྱད་པ་རེད།   ཁོ་མོས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་ཉིན་རེར་དུས་ཚོད་༡༡་གི་རིང་དང་།  གཞན་ཉིན་རྟག་པར་དུས་ཚོད་༦་གི་རིང་ལ་ཚན་རིག་དང་ལོ་རྒྱུས་ལ་འབྲེལ་བ་ཡོད་པའི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་སློབ་སྦྱོང་བྱས་ནས་འགྲན་བསྡུར་ལ་ཞུགས་པ་རེད།    ཁོ་མོས་འགྲན་བསྡུར་གྱི་ཁྲོད་དུ་ཨིན་ཡིག་གི་ཚིག་འདི་དག་ ringent,  lahar,  stochastically,  compas,  rhonchus,  psammon,  ajimez,  luteovirescent,  saccharolytic,  admittatur,  arrondissement,  guetapens ་ནོར་འཁྲུལ་མེད་པར་ངག་སྐྱོར་བྱས་པ་དང་ཐ་མའི་རྒྱལ་ཁའི་ཨིན་ཡིག་གི་ཚིག་ནི་guetapens་ཡིན་པ་རེད།     ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་དུ་ཁོ་མོ་ལ་ཨ་སྒོར་ཁྲི་བཞི་ལྷག་གི་མ་རྩ་དང་རྒྱལ་ཁའི་རྟགས་མ་སོགས་ཐོབ་པ་རེད། 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།