སྤྱི་ལོ་༢༠༡༢་ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་འགྲན་བསྡུར་གྱི་སྐོར།

རྨ་མགུར་སངས་རྒྱམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-28

  ད་ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་འགྲན་བསྡུར་ལ་ཨ་རིའི་མངའ་སྡེ་༥༠་དང་རང་སྐྱོང་གི་ས་གནས་ཁག་དང་།    འཛམ་གླིང་རྒྱལ་ཁབ་ཁན་ནུ་སྒྲ་དང་ཀྲུང་གོ    ཉི་ཧོང་།   ལྷོ་ཁོ་རེ་ཡ།   ཡོ་རོབ་ཁུལ་སོགས་ཀྱི་སློབ་ཕྲུག་༢༧༨་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།    ལོ་འདིའི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་འགྲན་བསྡུར་ལ་ཀྲུང་གོའི་པེ་ཅིན་གྱི་QooCo་སློབ་གྲྭའི་ལོ་རིམ་ལྔ་བའི་སློབ་ཕྲུག་བུ་མོ་ཞིག་ཚུད་ཡོད་པ་དང་།    ཁོ་མོའི་མིང་ལ་ཁ་ཐུ་རིན་ཝང་Katharine Wang་ཟེར་ཞིང་རང་ལོ་༡༠་ཡིན་པ་རེད།   ཁོ་མོས་ཨིན་ཇིའི་སྐད་ཤེས་པར་མ་ཟད།   འཇར་མན་གྱི་སྐད་དང་ཧྥ་རན་སིའི་སྐད་ཀྱང་སློབ་སྦྱོང་བྱེད་བཞིན་པ་རེད།     ད་ལོའི་འགྲན་བསྡུར་བ་སློབ་ཕྲུག་མང་ཆེ་བ་ནི་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་མ་རེད།    ཐེངས་འདིའི་འགྲན་བསྡུར་གྱི་ཁྲོད་དུ་ལོ་ན་ཆུང་ཤོས་ནི་ཨ་རིའི་བུར་ཇུ་ནེ་ཡ་ནས་ཡིན་པའི་རང་ལོ་དྲུག་ཅན་གྱི་ཨན་ནེ་མ་སྒྲི་ཟན་ཡིན་པ་རེད།     ཁོ་མོ་ནི་ད་ལྟའི་བར་གྱི་མིང་ཚིག་ངག་སྐྱོར་འགྲན་བསྡུར་ཁྲོད་ཀྱི་ལོ་ན་ཆུང་ཤོས་དེ་ཆགས་ཡོད།    ཨ་རིའི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་འགྲན་བསྡུར་ལ་ཞུགས་པའི་སློབ་ཕྲུག་རྣམས་རང་ལོ་བཅུ་དྲུག་མ་ལོན་པ་དང་ལོ་རིམ་བརྒྱད་པ་སློབ་མཐར་མ་ཕྱིན་པ་ཞིག་ཡིན་དགོས།       ད་ཐེངས་ཀྱི་མིང་ཚིག་ངག་སྐྱོར་འགྲན་བསྡུར་ཁྲོད་ཀྱི་སློབ་མ་བརྒྱ་ཆ་༨༤་ནི་ལོ་གྲངས་༡༢་ནས་༡༤་བར་ཡིན།     སྤྱི་ལོ་༢༠༡༢་ལོའི་ཨིན་ཡིག་ངག་སྐྱོར་འགྲན་བསྡུར་ལ་སྤྱི་ལོ་༢༠༡༡་ལོའི་ཐ་མའི་འགྲན་བསྡུར་ཁྲོད་དུ་བསླེབས་མྱོང་བའི་སློབ་ཕྲུག་གསུམ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད།    འདིའི་འགྲན་བསྡུར་གྱི་ཚོགས་འདུ་ཐོག་ཏུ་སློབ་ཕྲུག་གི་ཕ་མ་དང་སྤུན་མཆེད་རྣམས་རང་དབང་གིས་ཕེབས་ཆོག་པ་ཡིན།    ཐེངས་འདིའི་འགྲན་བསྡུར་བྱེད་པའི་སློབ་ཕྲུག་བརྒྱ་ཆ་༤༨་ནི་བུ་ཡིན་པ་དང་བརྒྱ་ཆ་༥༡་ནི་བུ་མོ་ཡིན།    དེ་དག་གི་ཁྲོད་དུ་སློབ་ཕྲུག་༡༡༠་ལྷག་གི་སྦྱངས་གཞི་སློབ་ཚན་ནི་རྩིས་རིག་དང་ཚན་རིག་རེད།     ད་ལོའི་ཨང་དང་བོའི་ཐ་མའི་འགྲན་བསྡུར་ནི་སྤྱི་ཟླ་༥་ཚེས་༣༡་ལ་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲུན་དུ་འཚོགས་རྒྱུ་ཡིན་པ་དང་ཨ་རིའི་བརྙན་འཕྲིན་ESPN་ལས་ས་གནས་ཀྱི་དུས་ཚོད་༡༨་ནས་༢༢་བར་དུ་འཛམ་གླིང་ཁྱོན་ཡོངས་ལ་དངོས་སུ་བརྒྱུད་གཏོང་བྱ་རྒྱུ་ཡིན།    འགྲན་བསྡུར་གྱི་སྐོར་ཐེངས་རེ་རེར་སློབ་ཕྲུག་རེ་གར་སྟེགས་སྟེང་དུ་བསླེབས་ནས་མིང་ཚིག་གི་སྒྲ་གདངས་ལ་ཉན་པའི་རྗེས་སུ་མིང་ཚིག་གི་དག་ཆ་ངག་སྐྱོར་བྱེད་དགོས།    སློབ་ཕྲུག་རྣམས་ཀྱིས་མིང་ཚིག་གི་འགྲེལ་བཤད་དང་མིང་ཚིག་གི་སྡེ་ཚན།   མིང་ཚིག་གི་འབྱུང་ཁུངས།   མིང་ཚིག་གི་བརྗོད་པ་བཅས་ཀྱི་སྐོར་ལ་ཐག་གཅོད་ཀྱི་དབྱེ་ཞིབ་མི་སྣར་དྲི་བ་འདོན་ཆོག་པ་རེད།    ད་ལོ་སྔོན་མ་དང་མི་འདྲ་བར་འགྲན་བསྡུར་བྱེད་པའི་ཁྲོད་དུ་མིང་ཚིག་གི་འབྱུང་ཁུངས་དང་སྡེ་ཚན།   འགྲེལ་བཤད།    ཚིག་བརྗོད་སོགས་གཟུགས་བརྙན་གྱི་རས་ཡོལ་སྟེང་དུ་སྟོན་རྒྱུ་རེད།    གལ་སྲིད་སློབ་མ་ཞིག་གིས་མིང་ཚིག་གི་དག་ཆ་ངག་སྐྱོར་བྱེད་པར་ནོར་འཁྲུལ་བྱུང་ན་འགྲན་བསྡུར་གྱི་ཁྲོད་ནས་ཕྱིར་ཐོན་བྱ་དགོས་པ་རེད།    ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་དུ་སློབ་མ་ཨང་དང་བོ་ལ་ཀྲུང་གོའི་སྒོར་མོ་ཁྲི་༢༥་ལྷག་གི་བྱ་དགའ་དང་རྒྱལ་ཁའི་རྟགས་མ་སོགས་ཡོད་པ་རེད།    ཨིན་ཡིག་གི་མིང་ཚིག་ངག་སྐྱོར་བྱེད་པའི་ལས་འགུལ་འདི་ནི་ཨ་རིའི་རྒྱལ་ཁབ་ཀྱི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་དང་ཨིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་པའི་མི་རྣམས་ཀྱི་དགའ་སྣང་ཆེ་ཤོས་དང་མི་དམངས་མཉམ་འཛོམས་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད།     ཀྲུང་གོའི་ནང་དུའང་སློབ་གྲྭ་ཁག་དང་སློབ་ཕྲུག   ཕ་མ།   གཞུང་དང་ཚོགས་པ་བཅས་ཀྱིས་དོ་སྣང་ཤུགས་ཆེན་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།    ཨ་རིའི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་བྱེད་པའི་འགྲན་བསྡུར་གྱི་ལས་འགུལ་འདིའི་དམིགས་ཡུལ་ནི་འཛམ་གླིང་གི་སློབ་ཕྲུག་རྣམས་ཀྱི་ཨིན་ཡིག་གི་སློབ་སྦྱོང་གོང་འཕེལ་དང་མིང་ཚིག་གི་ཤེས་ཚད་ཡར་རྒྱས་སུ་བཏང་ནས་ན་གཞོན་ཕྲུ་གུ་རྣམས་ཀྱི་སློབ་གསོ་ཚད་ལྡན་ཅན་དུ་གཏོང་རྒྱུ་དེ་ཡིན་པས།   འཛམ་གླིང་གི་སློབ་གྲྭ་སྟོང་ཕྲག་མང་བོས་ཨིན་ཡིག་ངག་སྐྱོར་གྱི་ལས་འགུལ་འདི་ལ་དོ་སྣང་ཆེན་པོ་བྱེད་ཅིང་སྔ་ས་ནས་སོ་སོའི་སློབ་གྲྭ་ཁག་ཏུ་སློབ་ཁྲིད་དང་སྦྱོར་བརྡར་བྱས་ནས་འགྲན་བསྡུར་སྣ་མང་ལ་འཛུལ་ཞུགས་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱི་ལོ་༢༠༡༢་ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་ཨིན་ཡིག་གི་མིང་ཚིག་ངག་སྐྱོར་འགྲན་བསྡུར་གྱི་སྐོར།

2012-05-28 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།