བོད་རྩོམ་དབྱིན་ཡིག་ཏུ་སྒྱུར་བའི་བརྡ་སྦྱོར་ཞིག

  ཨ་རིའི་ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཁང་(Columbia University)གི། བོད་རིག་པའི་སྡེ་ཚན་གྱིས་བོད་ཀྱི་དྲ་སྣང་དུས་དེབ་ཟེར་བའི་དྲ་རྒྱ་གསར་བ་འདི་ཁྱབ་བསྒྲགས་སྒོ་འབྱེད་བྱེད་ཀྱི་ཡོད་ཅིང་། འདི་ནི་། རྒྱ་ཡིག་དང་བོད་ཡིག་གི་དྲ་བ་ཁག་ཏུ་བགྲོ་གླེང་དང་གྲོས་བསྡུར། རྩོད་པ་བཅས་འབྱུང་བཞིན་པའི་སྤྱི་ཚོགས་རིག་གནས་སྐོར་དབྱིན་བསྒྱུར་བྱེད་བཞིན་པའི་དྲ་བ་ཞིག་ཡིན། ལོ་ངོ་དུ་མའི་ཡར་རྒྱས་དང་གྲ་སྒྲིག་གི་རྗེས་སུ། དེ་རིང་གཞི་ནས་དྲ་རྒྱ་འདི་གཞུང་འབྲེལ་སྒོས་གསལ་བསྒྲགས་ཞུ་གི་ཡོད་།
   བོད་ཀྱི་དྲ་སྣང་དུས་དེབ་ཀྱིས། བོད་ཡིག་དང་རྒྱ་ཡིག་གི་དྲ་རྒྱ་དང་དུས་དེབ། ཚགས་པར་སོགས་སྣ་མི་འདྲ་བ་བརྒྱད་ཅུ་ལྷག་གི་སྒང་དུ་ཐོན་བཞིན་པའི་རྩོམ་བྲིས་ཁག་དབྱིན་བསྒྱུར་བྱེད་ཀྱི་ཡོད་།
   ད་ཕན་། ང་ཚོས་བོད་ཀྱི་རིག་གཞུང་དང་བོད་ཀྱི་དེང་རབས་རྩོམ་རིག དེང་རབས་ཤེས་ཡོན། སྐད་ཡིག སྤྱི་ཚོགས་འཚོ་བ། སྤྱི་ཚོགས་བགྲོ་གླེང་། མི་སྒེར་གྱི་འཚོ་བ་བཅས་དང་འབྲེལ་བའི་རྩོམ་བྲིས་དང་དཔྱད་བརྗོད་། བསམ་ཚུལ་བཅས་ཁྱོན་ལྔ་བཅུ་ང་བཞི་ཙམ་བསྒྱུར་གྲུབ་ཡོད་། སྤྱི་ཚོགས་འཚོ་བ་དང་འབྲེལ་བའི་བརྗོད་བྱའི་ཁོངས་སུ་དཔེར་ན། ཆང་རག་དང་ཐ་མག དབྱར་རྩ་དགུན་འབུ་བཅས་ཀྱི་གནད་དོན་ཚུད་ཡོད་།
   བོད་ཀྱི་དྲ་སྣང་དུས་དེབ་ཀྱིས་ཆབ་སྲིད་དང་ཐད་ཀར་འབྲེལ་བའི་རྩོམ་ཡིག་ཁག་བསྒྱུར་གྱིན་མེད་། དེའི་ཚབ་ལ། ང་ཚོའི་ཁ་ཕྱོགས་གཙོ་བོ་ནི་བོད་མིའི་རིག་གཞུང་དང་སྤྱི་ཚོགས་འཚོ་བ་སོགས་ལ་ཁ་གཏད་པ་ཞིག་ཡིན།
  ང་ཚོས་ད་ཕན་དབྱིན་བསྒྱུར་གྲུབ་པ་དེ་ཚོའི་ཁྲོད་དུ། རྒྱ་ཡིག་དུ་རྩོམ་ཡིག་སྤེལ་མཁན་བོད་རིགས་རྩོམ་པ་པོ་གྲགས་ཅན་ཨ་ལེ་དང་ཚེ་དབང་ནོར་བུ།  བོད་ཡིག་ཏུ་འབྲི་མཁན་དེང་རབས་སྒྲུང་རྩོམ་པ་སྟག་འབུམ་རྒྱལ་། ད་དུང་ན་གཞོན་རྩོམ་འབྲི་བ་གྲགས་ཅན་གཅན་མེ་སྟག་དང་སྐྱབས་ཆེན་བདེ་གྲོལ། སེང་རྡོར་བཅས་ཀྱི་བརྩམས་ཆོས་ཀྱང་ཚུད་ཡོད་ལ། ད་དུང་། བུད་མེད་རྩོམ་པ་པོ་འཇམ་དབྱངས་སྐྱིད་དང་གཡུ་མཚོ། ཐ་ན་། གཞས་མ་ཚེ་དབང་ལྷ་མོ་དང་སྒྲོན་བྷེ་སོགས་ཀྱི་གླུ་གཞས་ཀྱང་ཚུད་ཡོད་། དཔེར་ན། སྐྱབས་ཆེན་བདེ་གྲོལ་གྱི་བོད་ལ་མཁས་པ་མང་ཟེར་བའི་རྩོམ་ཡིག་དེ་དང་སེང་རྡོར་གྱི་ཉི་མ་ལྷ་སའི་འགྲུལ་བཞུད་ལྟ་བུ།
   ང་ཚོས་། བོད་ཡིག་དང་རྒྱ་ཡིག་གི་དྲ་རྒྱ་ཁག་ཏུ་འབྱུང་བཞིན་པའི་རིག་གཞུང་གི་བགྲོ་གླེང་དང་མཁས་བའི་བསམ་ཚུལ་སོགས་ཀློག་པ་པོ་རྣམས་ལ་བལྟ་ས་ཡོད་པ་ཞིག་བསྐྲུན་གྱི་ཡོད་ཅིང་། ལས་འཆར་འདིས་། བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་སྒྱུ་རྩལ། ཉིན་རེའི་བསམ་གཞིགས་དང་དྲི་བ་བཅས་ཀྱི་འགྱུར་བ་དག་སྟོན་གྱི་ཡོད་།
   ང་ཚོའི་མ་འོངས་པའི་ལས་འཆར་གཅིག་ནི། རྒྱ་ཡིག་དང་བོད་ཡིག་གི་པར་གཞི་གསར་བ་ཞིག་སྒོ་འབྱེད་བྱེད་རྒྱུ་དེ་ཡིན་ཞིང་། དེས་སྐད་ཡིག་དེ་གཉིས་གཅིག་པོ་ཀློག་མཁན་ཚོར་སྐད་ཡིག་གཞན་པའི་ནང་གི་བསམ་ཚུལ་ཁག་བལྟ་ཀློག་བྱེད་ས་ཞིག་ཡོད་པ་བཟོ་རྒྱུ་དེ་ཡིན།
   ཕྱི་ལོ་༢༠༡༡ལོའི་ཟླ་བརྒྱད་པ་ནས། བོད་ཀྱི་དྲ་སྣང་དུས་དེབ་ཀྱི་རྩོམ་སྒྲིག་པ་ནི་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཡིན། ཁོང་གིས་ཨ་རིའི་མེ་ཐོ་རྡེས་སུ་གཙུག་ལག་སློབ་ཁང་(Methodist University) དུ་དཔལ་འབྱོར་རིག་པར་སློབ་གཉེར་གྱི་མཇུག་སྐྱོང་བཞིན་ཡོད་ཅིང་། ཁོང་ནི་ལས་ཞོར་དུ་རྩོམ་སྒྲིག་དང་ཡིག་བསྒྱུར། རྩོམ་འབྲིའི་ལས་ཀ་བྱེད་མཁན་ཞིག་ཡིན།
   ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཁང་གི་བོད་རིག་པའི་སྡེ་ཚན་གྱིས།
   ང་ཚོར་རྩོམ་ཡིག་ངོ་སྤྲོད་དང་བསྐུར་སའི་གློག་འཕྲིན་ཁ་བྱང་གཤམ་གསལ།
         Email: tibetwebdigest@gmail.com
         ང་ཚོའི་དྲ་གནས་ནི་གཤམ་གསལ་ལྟར།
            http://tibetwebdigest.com/
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།