གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༢ལོའི་ཧྥུས་ཐུ་ཁོར་སྲུང་བྱ་དགའ་ཨང་དང་པོ་ཕ་ཁྱིམ་གཅེས་ཚོགས་ལ་ཐོབ་པ།

2012-12-05 19:50:00 མེ་ཞགས། ཀློག་གྲངས། མཆན ཡོད།

  
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཕྱི་ལོ་༢༠༡༢ལོའི་ཟླ་༡༡པའི་ཚེས་༢༨ཉིན་གྱི་ཞོགས་པ་དུས་ཚོད་༩སྟེང་ནས་ཧྲང་ཧེ་གྲོང་ཁྱེར་ཧི་མ་ལའི་མགྲོན་མཁར་ཆེན་མོའི་ཐོག་ནས་༢༠༡༢ལོའི་ཧྥུས་ཐུ་ཁོར་སྲུང་བྱ་དགའ་སྤྲད་ཅིང་ཟུར་མང་ཕ་ཁྱིམ་གཅེས་ཚོགས་ལ་ཁོར་སྲུང་ཁྱབ་བསྒྲགས་བྱ་དགའ་ཨང་དང་པོ་ཐོབ་འདུག  
   ད་ལོར།  ཀྲུང་གོའི་དམངས་ཁྲོད་ཀྱི་ཁོར་སྲུང་ཚོགས་པ་དང་མི་སྒེར་སོགས་ཁོར་སྲུང་སྡེ་ཁག་མང་པོས་ཧྥུས་ཐུ་ཁོར་སྲུང་བྱ་དགའི་རོགས་དངུལ་རེའི་ཞུ་ཐོ་འགོད་བྱས་པའི་ཁྲོད་ནས་ཚོགས་པ་ཉེར་བདུན་ཧྲང་ཧེ་ནས་བསྡུས་པའི་རྒྱུགས་རར་ཞུགས་ཐུབ་འདུག རྒྱུགས་སྤྲོད་དམ་དྲིས་ལན་བྱེད་སྐབས་དཔྱད་བསྐོས་དགེ་རྒན་བདུན་གདན་དྲངས་ཡོད་ཅིང་།   ཚོགས་མི་རེ་རེས་སྐར་བརྒྱད་ཀྱི་ཡུན་ལ་གཏམ་བཤད་དང་རང་གི་ལས་འགུལ་མཚམས་སྦྱོར་གྱི་བརྙན་ཐུང་ཤར་གཏོང་དགོས་ཤིང་།  དེ་ནས་སྐར་མ་བདུན་ལ་དཔྱད་བསྐོས་པ་དག་གིས་དྲི་བ་འདོན་པ་སྟེ་བསྡོམས་པས་ཚོགས་མི་རེ་རེས་སྐར་མ་བཅོ་ལྔ་ཙམ་ལ་དྲིས་ལན་བྱས།  
    ཟླ་འདིའི་ཚེས་༢༦ཉིན་ནས་འགོ་བརྩམས་ཏེ་ཚོགས་པ་༢༧གྱི་མི་སྣ་དག་གིས་གཏམ་བཤད་སྤེལ་བ།  དྲི་བར་ལན་འདེབས་པ། བརྙན་བསྡུས་ཤར་གཏོང་སོགས་ཉིན་གཉིས་ལ་ཚོགས་ཏེ།  ༢༠༡༢ལོའི་ཟླ་༡༡པའི་ཚེས་༢༨ཉིན་ཧྲང་ཧེ་གྲོང་ཁྱེར་ཧི་མ་ལའི་མགྲོན་མཁར་ཆེན་མོའི་ཐོག་ནས་༢༠༡༢ཧྥུས་ཐུ་ཁོར་སྲུང་བྱ་དགའ་སྤྲད་པའི་མཛད་སྒོའི་རྣམ་པ་དངོས་སུ་ཤར་གཏོང་བྱས།
    ༢༠༠༠ལོར་ཧྥུས་ཐུ་རླངས་འཁོར་སྤྱིར་གཉེར་ཁང་གི་ཧྥུས་ཐུ་ཁོར་སྲུང་ལས་ཁུངས་རྒྱ་ནག་ཏུ་འགོ་བཙུགས་ཏེ་ད་བར་ལོ་ངོ་༡༣འཁོར་ཞིང་། དེ་ཐེངས་འཚོགས་འདུ་འདིའི་ཐོག་ནས་ལས་སྣེ་རྣམས་བརྗེ་བཀོད་བྱེད་དགོས་པས་རྒྱལ་ཡོངས་ཀྱི་ཧྥུས་ཐུ་ཚོགས་མི་ཆ་ཚང་འཛོམས་ཡོད་པ་དང་ཧྥུས་ཐུ་རླངས་འཁོར་སྤྱི་གཉེར་ཁང་གི་འགོ་གཙོ་བྷིས་འར་ཧྥུས་ཐུ་ཡང་ཨ་རི་ནས་སླེབས་འདུག  ཚོགས་མི་མང་པོ་ཞིག་ཕྱི་གླིང་ནས་ཡིན་སྟབས་མདོ་འཛིན་པའི་མཚམས་སྦྱོར་སོགས་བྱ་དགའ་ཐོབ་པའི་མཚན་ཐོ་ཁྱབ་བསྒྲགས་ལས་གཞན་པའི་ལས་རིམ་གཙོ་བོ་ནི་དབྱིན་ཇིའི་ལས་ནས་བཤད་སོང་།  དབྱིན་ཇིི་མི་གོ་མཁན་དག་ལ་སྐད་སྒྱུར་རྣར་གཞུག་རེ་ཡང་སྟེར་རྒྱུ་འདུག  མདོ་འཛིན་པའི་མཚམས་སྦྱོར་དང་སྦྲགས་ཐོག་དང་པོར་ཧྥུས་ཐུ་རླངས་འཁོར་སྤྱི་གཉེར་ཁང་གི་འགོ་གཙོ་བྷིས་འར་ཧྥུས་ཐུ་ལགས་ཀྱིས་གཏམ་བཤད་དང་གསར་འགོད་ཁག་གི་དྲི་བར་ལན་བཏབ།  དེ་ནས་བྱ་དགའ་དངོས་སུ་སྤྲད། དེའི་སྐབས་སུ།   མཚོ་སྔོན་ཡུལ་ཤུལ་ནང་ཆེན་རྫོང་ཟུར་མང་དགོན་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་༢༠༡༢ཧྥུས་ཐུ་ཁོར་སྲུང་ཁྱབ་བསྒྲགས་བྱ་དགའ་ཨང་དང་པོ་གཟི་བརྗིད་ངང་ཐོབ་སོང་།     བྱ་དགའ་ལ།  ཁོར་སྲུང་ཤེལ་གྱི་རྟགས་མ་ཞིག་དང་གཟི་བརྗིད་རྟགས་མ། རོགས་དངུལ་དམངས་སྒོར་འབུམ་གཉིས་བཅས་ཡོད་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།