༼སྒྱུ་མའི་གཤོག་པ༽ཞེས་པའི་གཞས་ཚིག་རྐྱང་བའི་དེབ་བཀྲམ་པ།


༼སྒྱུ་མའི་གཤོག་པ༽ཞེས་པའི་གཞས་ཚིག་རྐྱང་མའི་བསྡུས་དེབ་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་གཞོན་སྐྱེས་རྩོམ་དགའ་བ་ཚེར་མ་ཁེར་སྐྱེས་སུ་འབོད་པས་བརྩམས་པ་ཡིན། འདི་རུ་ཁོས་སློབ་ཆེན་ལོ་ངོ་བཞི་ཡི་རིང་དུ་རྩོམ་རིག་ཅེས་པའི་སྒྱུ་རྩལ་གྱི་ཞིང་ཁམས་དེ་ནས་རང་གི་ཀུན་རྟོག་གི་རི་མོའི་རྐང་རྗེས་གང་མང་ཕབ་པ་ལས་འདི་གར་གཞས་ཚིག་དག་ཁོལ་དུ་ཕྱུང་ནས་དེབ་ཏུ་བསྒྲིགས་པ་ལགས། སྤྱིར་འུ་ཅག་ལ་སྙན་ངག་གི་སྒེར་དེབ་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་བཞིན་ཡོད་ནའང་གཞས་ཚིག་རྐྱང་མའི་བསྡུས་དེབ་བགྲང་དུ་རུང་བ་ད་སྔ་བར་དུ་རེ་གཉིས་ཤིག་ལས་མེད་པས་འདིས་ཀྱང་འུ་ཅག་གི་གཞས་ཚིག་གི་གོང་འཕེལ་ལ་ཆར་བ་གྲུ་འདེགས་ཀྱི་ནུས་པ་ཤིག་མི་ཐོན་པའི་ནུས་པ་མེད་པར་འདོད།མ་ཟད་རྩོམ་པོ་ཁོ་རང་ལ་མཚོན་ན་འདི་ནི་རྒྱ་ཆེའི་ཀློག་པོ་དག་ལ་བསྲིངས་པའི་ཐོག་མའི་ལག་འཇུ་ཙམ་ཡིན་པ་ལས་འདི་རུ་ངོམ་དུ་རུང་བའི་ཁྱད་ཆོས་གཞར་ཡང་མེད་ཅེས་རྒྱུན་དུ་གླེང་གི་འདུག   ཡིན་ཡང་ང་ཚོ་ཀློག་པོ་ཞིག་གི་ངོས་ཐད་ནས་ཁོང་གིས་རང་གི་དགའ་ཕྱོགས་ཀྱི་བསླུ་བྲིད་འདི་མ་བཞག་ན་ནམ་ཞིག་ང་ཚོར་འདི་ལས་ལྷག་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྣམ་ནས་ཡོང་བའི་རེ་བ་ནི་ཤིན་ཏུ་ཆེའོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼སྒྱུ་མའི་གཤོག་པ༽ཞེས་པའི་གཞས་ཚིག་རྐྱང་བའི་དེབ་བཀྲམ་པ།

2012-11-30 གསོམ་བུ། ཀློག་གྲངས། མཆན ཡོད།


༼སྒྱུ་མའི་གཤོག་པ༽ཞེས་པའི་གཞས་ཚིག་རྐྱང་མའི་བསྡུས་དེབ་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་གཞོན་སྐྱེས་རྩོམ་དགའ་བ་ཚེར་མ་ཁེར་སྐྱེས་སུ་འབོད་པས་བརྩམས་པ་ཡིན། འདི་རུ་ཁོས་སློབ་ཆེན་ལོ་ངོ་བཞི་ཡི་རིང་དུ་རྩོམ་རིག་ཅེས་པའི་སྒྱུ་རྩལ་གྱི་ཞིང་ཁམས་དེ་ནས་རང་གི་ཀུན་རྟོག་གི་རི་མོའི་རྐང་རྗེས་གང་མང་ཕབ་པ་ལས་འདི་གར་གཞས་ཚིག་དག་ཁོལ་དུ་ཕྱུང་ནས་དེབ་ཏུ་བསྒྲིགས་པ་ལགས། སྤྱིར་འུ་ཅག་ལ་སྙན་ངག་གི་སྒེར་དེབ་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་བཞིན་ཡོད་ནའང་གཞས་ཚིག་རྐྱང་མའི་བསྡུས་དེབ་བགྲང་དུ་རུང་བ་ད་སྔ་བར་དུ་རེ་གཉིས་ཤིག་ལས་མེད་པས་འདིས་ཀྱང་འུ་ཅག་གི་གཞས་ཚིག་གི་གོང་འཕེལ་ལ་ཆར་བ་གྲུ་འདེགས་ཀྱི་ནུས་པ་ཤིག་མི་ཐོན་པའི་ནུས་པ་མེད་པར་འདོད།མ་ཟད་རྩོམ་པོ་ཁོ་རང་ལ་མཚོན་ན་འདི་ནི་རྒྱ་ཆེའི་ཀློག་པོ་དག་ལ་བསྲིངས་པའི་ཐོག་མའི་ལག་འཇུ་ཙམ་ཡིན་པ་ལས་འདི་རུ་ངོམ་དུ་རུང་བའི་ཁྱད་ཆོས་གཞར་ཡང་མེད་ཅེས་རྒྱུན་དུ་གླེང་གི་འདུག   ཡིན་ཡང་ང་ཚོ་ཀློག་པོ་ཞིག་གི་ངོས་ཐད་ནས་ཁོང་གིས་རང་གི་དགའ་ཕྱོགས་ཀྱི་བསླུ་བྲིད་འདི་མ་བཞག་ན་ནམ་ཞིག་ང་ཚོར་འདི་ལས་ལྷག་པའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྣམ་ནས་ཡོང་བའི་རེ་བ་ནི་ཤིན་ཏུ་ཆེའོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།