གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།

2012-11-30 11:52:00 ལྷ་མོ་དོན་གྲུབ། ཀློག་གྲངས། མཆན ཡོད།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མས་སྒྲུབ་བཞིན་པའི<<ང་རོ>>འདོན་ཐེངས་དྲུག་པ་ཉེ་སྔོན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འགྲེམ་སྤེལ་བྱས།  
 
 ཐེངས་འདིའི་རྩོམ་སྒྲིག་པས་ངོ་སྤྲོད་བྱས་པ་ལྟར་ན།  འདོན་ཐེངས་དྲུག་པའི་དུས་དེབ་ཀྱི་ཁ་ཕྱོགས་ས་གཙོ་བོ་ནི་རྩོམ་རིག་སྐོར་གྱི་གླེང་བརྗོད་ཡིན་ལ།  དེར་གཙོ་བོ་རྩོམ་རིག་སྐོར་གྱི་དཔྱད་བརྗོད་དང་ཕྲན་དཔྱད། བཅར་འདྲི།   འཛམ་གླིང་རྩོམ་རིག་གི་དོན་ཆེན་རེའུ་མིག་སོགས་འདུས་ཡོད།    
 
  འདོན་ཐེངས་དྲུག་པར་ཆེད་སྒྲིག་གསར་བ་གཉིས་བསྣན་ཡོད་པ་ནི། རྩོམ་སྒྲིག་པས་རྒྱལ་ནང་གི་སློབ་ཆེན་སྐོར་ཞིག་གི་བོད་ཀྱི་རྩོམ་རིག་དགེ་རྒན་འགའ་ཞིག་ལ་རྩོམ་རིག་སྐོར་གྱི་བཅར་འདྲི་བྱས་པའི་ནང་དོན་བཀོད་ཡོད་པ་དང་།  གཞན་ཞིག་ནི་རྩོམ་སྒྲིག་པས་བོད་ཀྱི་གློག་བརྙན་སྐོར་གྱི་དོན་ཆེན་རེའུ་མིག་ཅིག་བཀོད་ཡོད།  དེར་ད་བར་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་དྲ་ངོས་སོགས་སུ་ཕྱིར་བསྒྲགས་བྱས་ཡོད་པའི་བོད་ཀྱི་གློག་བརྙན་དང་བརྙན་ཐུང་།  དངོས་བྲིས་གློག་བརྙན་བཅས་བཞི་བཅུ་ལྷག་བསྡུ་སྒྲིག་བྱས་ཏེ་ཁྱབ་བསྒྲགས་རི་མོ་དང་། འཁྲབ་འཁྲིད་པ།  གློག་བརྙན་ངོ་སྤྲོད་སོགས་རེའུ་མིག་གི་སྒོ་ནས་ཕྲ་ཞིབ་བཟོས་ཡོད།  
 
  <<ང་རོ>>ནི་ཉིས་སྟོང་དྲུག་ལོར་གསར་དུ་སྤེལ་བ་ནས་བཟུང་ད་བར་ལོ་ངོ་དྲུག་གི་དུས་ཡུན་རིང་དུ།  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཚོས་རྩོམ་སྒྲིག་འགན་འཁུར་ཏེ་སྒྲུབས་པ་ཡིན་ལ།  དུས་དེབ་ཏུ་འབོལ་རྩོམ་དང་།  སྒྱུར་རྩོམ།  ཕྲན་དཔྱད་དང་གླེང་བརྗོད་སོགས་ཀྱི་ལྗགས་རྩོམ་ཤིན་ཏུ་མཁོ་བས་ཁྱེད་རྣམས་ཀྱིས་འདོན་ཐེངས་བདུན་པར་རྒྱབ་སྐྱོར་བྱེད་པའི་རེ་བ་ཆེ།   
 
ཡིག་ཟམ།  Ngaro2006@yahoo.com.cn  
  <<ང་རོ>>འདོན་ཐེངས་དྲུག་པའི་རྩོམ་སྒྲིག་པ་ནི།  ལྷ་མོ་བཀྲ་ཤིས་དང་།  བཙུན་པོ་དོན་འགྲུབ།  ཚེ་རིང་།  དཔལ་རྩལ་བཅས་ཡིན།
           

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།