ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལུས་རྩལ་འགྲན་སྡུར་སྐོར་གྱི་གསར་འགྱུར།

ཀླུ་ཚང་བྱམས་པ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-11-28

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཟླ༡༡པའི་ཚེས༢༤ཉིན། ༼གཟའ་ཉི་མ།༽ ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་བྱང་ཁུལ་ལུས་རྩལ་ར་བ་ནས་སྐབས་གསུམ་པའི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་བསྡུས།
 
  མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་རང་རེའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་དུ་གཏོང་རྒྱུ་གཞིར་བཅས། བོད་རིགས་སློབ་ཆེན་པ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་དང་རྒྱུན་འཛིན་བྱས་ཏེ་མི་རིགས་གཞན་ལ་ཁྱབ་སྤེལ་བྱ་ཕྱིར།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་དང་། སྒྲོན་སྟེགས་རྩོམ་རིག་ཚོགས་པས་རོགས་སྒྲུབ་འོག  སྐབས་གསུམ་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལུས་རྩལ་འགྲན་ཚོགས་ཆེན་མོ་ཚེས་༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་༩སྟེང་བྱང་ཁུལ་གྱི་ལུས་རྩལ་ར་བ་ནས་དངོས་སུ་འགོ་བརྩམས།  
 ཟླ༡༡པའི་ཚེས༡༥ནས་༡༦བར། སྒྲོན་སྟེགས་རྩོམ་རིག་ཚོགས་པས་ཉིན་གཉིས་ཀྱི་རིང་ལ་སློབ་ཁུལ་གསར་བའི་ལྷོ་བྱང་ཁུལ་གྱི་ཟ་ཁང་མདུན་དུ་དྲིལ་བསྒྲགས་བྱས་པར་བརྟེན། བོད་རིག་པའི་སློབ་གླིང་གཙོས་སློབ་གླིང་གཞན་དག་གི་སློབ་མ་༢༠༠ལྷག་གིས་ཐེངས་འདིའི་འགྲན་བསྡུར་ལ་མིང་ཐོ་བཀོད་པ་རེད།
ཐེངས་འདིའི་ལུས་རྩལ་འགྲན་བསྡུར་ལ་རྣམ་གྲངས་༡༡ལྷག་ཡོད་པ་གཤམ་གསལ་ལྟར།
 ༡ ཐག་འཐེན་འགྲན་བསྡུར། ༼འཛིན་གྲྭ་རེ་ནས་སྐྱེས་པ་སློབ་གྲོགས་༡༠དང་སྐྱེས་མ་སློབ་གྲོགས༡༠རེ་འགྲན་བསྡུར་ལ་ཞུགས༽
 ༢ མི་འཁུར་འགྲན་བསྡུར། ༼འཛིན་གྲྭ་རེ་ནས་སྐྱེས་པ་སློབ་གྲོགས་༢ དང་སྐྱེས་མ་སློབ་གྲོགས་༢རེ་འགྲན་བསྡུར་ལ་ཞུགས༽
༣ འཇུ་རེས།༼སྐྱེས་པ་སློབ་གྲོགས༽
 ༤ ས་སྒྱེ་འགྱོགས་པ།༼སྐྱེས་པ་སློབ་གྲོགས༽
 ༥ བོད་ལྭ་གྱོན་པའི་འགྲན་བསྡུར། ༼སྐྱེས་པ་སློབ་གྲོགས་དང་སྐྱེས་མ་སློབ་གྲོགས༽
༦ གླང་ཆེན་ས་གཤགས། ༼སྐྱེས་པ་སློབ་གྲོགས༽
༧ ལག་ཤུགས་འགྲན་བསྡུར། ༼སྐྱེས་པ་སློབ་གྲོགས༽
༨བྱེའུས་རྩམ་བགམ། ༼སྐྱེས་པ་སློབ་གྲོགས་དང་སྐྱེས་མ་སློབ་གྲོགས༽
 ༩ མཐེ་འདེབས། ༼སྐྱེས་མ་སློབ་གྲོགས༽
༡༠ ཆུ་འཁུར་བུ་མོ། ༼སྐྱེས་མ་སློབ་གྲོགས༽
༡༡ མིག་མངས་འགྲན་བསྡུར ༼འདི་ལ་བརྒྱད་འགྱིག་དང་བཙིར་འགྱིག་སྟེ་རིགས་གཉིས་ཡོད། སྐྱེས་པ་སློབ་གྲོགས་དང་སྐྱེས་མ་སློབ་གྲོགས༽
   ཐེངས་འདིའི་ལུས་རྩལ་འགྲན་ཚོགས་བརྒྱུད་ནས། བོད་རིགས་སློབ་གྲོགས་མང་པོས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ལ་ངོས་ཟིན་ལེགས་པོ་ཐོབ་པ་མ་ཟད། མི་རིགས་གཞན་པའི་སློབ་གྲོགས་མང་པོས་ཀྱང་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་རྒྱུན་ལོན་བྱེད་པར་ནུས་པ་བླ་ལྷག་ཐོན་པ་རེད།
བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཆེན་མོ་འདི་ལ་བོད་རིག་པའི་སློབ་གླིང་གི་འགོ་ཁྲིད་དང་དགེ་རྒན་རྣམས་ཀྱིས་ཐུགས་ཁུར་བླ་མེད་མཛད་པ་དང་།  སྒྲོན་སྟེགས་ཚོགས་པའི་ཚོགས་གཙོ་འབྲུག་རྒྱལ་ཚེ་རིང་དང་བློ་བཟང་ཚེ་རིང་གཙོས་སྒྲོན་སྟེགས་ཚོགས་པའི་ཚོགས་མི་ཡོངས་ཀྱི་རོགས་འདེགས་འོག  ཚེས་༢༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ལུས་རྩལ་འགྲན་སྡུར་སྐོར་གྱི་གསར་འགྱུར།

2012-11-28 ཀླུ་ཚང་བྱམས་པ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།