ལྗགས་རྩོམ་རྒྱང་འབོད།
༄༅།།ང་ཚོའི་སྨྱུ་གུ་ནི་བསམ་གཞིག་གིས་ལྗང་སོང་བའི་དཔྱིད་ཟླ་རེ་བ་ཅན་ཞིག་གི་མྱུ་གུ་གསོན་ཤུགས་འབར་བ་ཞིག་ཡིན་ལ། ང་ཚོའི་སྨྱུག་རྗེས་ནི་འཚོལ་སྙེག་གིས་སྨིན་སོང་བའི་སྟོན་ཟླ་སྣུམ་པོ་ཞིག་གི་གསེར་གྱི་གོམ་པ་རེ་ཡིན། གང་ལྟར། ང་ཚོ་ནི་མི་ཚེའི་རྗེས་ཤུལ་སྨྱུག་རྩེ་ནས་འགོད་མཁན་དག་ཡིན་གཤིས། ད་རེབ་ཀྱང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མས་གཙོ་སྒྲིག་བགྱིད་བཞིན་པའི་<<སྐར་མ་འོད་ཆེན>>ཡང་སྒྲུང་གཏམ་དང་། ལྷུག་རྩོམ། སྙན་ངག བསྒྱུར་རྩོམ། རྩོམ་རིག་དཔྱད་བརྗོད་བཅས་ལ་ཁ་གཏད་ནས་འདོན་ཐེངས་༡༨པའི་ལྗགས་རྩོམ་སྡུད་འགོ་དངོས་སུ་ཚུགས་ཡོད་ན། རྒྱ་ཆེ་སྨྱུག་ཐོགས་པ་ཡོངས་ནས་ལྗགས་རྩོམ་གང་རུང་གི་རྒྱབ་སྐྱོར་གནང་བར་སྨོན་པ་གཙང་མར་གདའ་བ་མཁྱེན་མཁྱེན།
ཡིག་སྒམ། kmvch2012@163.com
བསྡུ་ཡུན། ༢༠༡༣.༣.༡༥བར།
སྒྲིག་མཁན། སངས་རྒྱས་རབ་བརྟན། ༡༨༠༡༠༡༥༥༤༣༢
ཀླུ་འབུམ་རྒྱལ། ༡༥༡༡༧༩༣༨༥༧༤
ས་གནས། 北京市海淀区中关村南大街27号中央民族大学藏学研究院
སྦྲག་ཨང་། 100081
རྩོམ་ཁུངས། ངེད་དྲ་བ།