གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེབ་གསར་ངོ་སྤྲོད།

2012-09-18 17:39:00 སྙན་བཟང་པདྨ་རིན་ཆེན། ཀློག་གྲངས། མཆན ཡོད།


  ཉེ་ལམ། གཞོན་སྐྱེས་རྩོམ་པ་པོ་སྙན་བཟང་པདྨ་རིན་ཆེན་གྱིས་སྒྲིག་རྩོམ་བྱས་པའི་《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》ཅེས་པའི་དེབ་གསར་དེ་མི་འགྱངས་པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པས་གནས་ཚུལ་ཐོན་འདུག་ལ། དཔེ་དེབ་འདིའི་ནང་དུ་དམའ་འབྲིང་ལོ་རིམ་དང་པོའི་སྟོད་ཆ་ནས་དམའ་འབྲིང་ལོ་རིམ་གསུམ་པའི་དེབ་ཆ་ཚང་གི་བར་དུ་བསླབ་དེབ་རེ་ རེའི་ཁྲོད་ཀྱི་གཙོ་གནད་ཟིན་ཡོད་པར་སྙམ་པ་དག་བོད་ཁུལ་སློབ་གྲྭ་མང་པོ་ཞིག་གི་དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་དགེ་རྒན་ཉམས་མྱོང་ཅན་ འགའ་ཞིག་ལ་ཁ་པར་དང་དྲ་རྒྱ་སོགས་གང་རུང་གི་རྣམ་པའི་ལམ་ནས་འབྲེལ་གཏུག་བྱས་ཏེ་བློ་འདྲི་གནང་པ་ལ་བརྟེན་ནས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པར་མ་ཟད། ད་དུང་བོད་ཀྱི་མཁས་དབང་དག་གི་བསླབ་བྱ་དང་། དམངས་ཁྲོད་གཏམ་དཔེ། དམངས་ཁྲོད་གླུ་ཚིག་ཁ་ཤས་ཀྱིས་འབྲེལ་ཡོད་ ནང་དོན་ལ་ཟུར་བརྒྱན་ཡོད་ལ། སློབ་ཚན་རེ་རེའི་ཁྲོད་ཀྱི་གཙོ་གནད་དག་གོ་རིམ་མ་འཁྲུལ་བའི་སྒོ་ནས་མགོར་ཨང་རྟགས་བཀོད་དེ་སྒྲིག་ཡོད་ པས་ན ། དམའ་གཅིག་དང་དམའ་གཉིས་མ་ཟད་པའི་དམའ་གསུམ་གྱི་སློབ་བུ་དག་གི་ངོས་ཐད་ནས་བཤད་ནའང་འབྲིང་རྒྱུགས་ལ་ལྟ་གོན་བྱེད་ པར་ཧ་ཅང་སྟབས་བདེ་བའི་ཁྱད་ཆོས་ལྡན་ཡོད་པ་ཡིན །
  དེ་བས། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་རང་རང་གི་དགོས་མཁོ་ལྟར་མངགས་ཉོ་བྱེད་འདོད་ཚེ། རྩོམ་པ་པོ་ཁོ་རང་ལ་ཐད་ཀར་ འབྲེལ་གཏུག་བྱས་ཀྱང་ཆོག
འབྲེལ་གཏུག་ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་གི་སློབ་སྟོན་ཁང་།
通讯地址:四川省红阿坝州原县藏文中学教务处
འབྲེལ་གཏུག་བྱ་ཡུལ། སྙན་བཟང་པདྨ་རིན་ཆེན།
联系人: 完么仁青(老师)
འབྲེལ་གཏུག་ཁ་པར་ཨང་གྲངས། 13568795848
联系电话:13568795848

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།