གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼རུས་རྐང་གསར་བ༽ཞེས་པའི་འདོན་ཐེངས་གསུམ་པ་བཀྲམས་ཡོད་པ།

2012-09-17 16:33:00 རྒྱལ་སྲས་མིག་ཅན། ཀློག་གྲངས། མཆན ཡོད།

 
  ཉེ་ལམ་མཚོ་བྱང་རྐང་ཚ་ནས་ཡིན་པའི་ན་གཞོན་རྒྱལ་སྲས་མིག་ཅན་དང་གཡུ་དཀར་གཟི་འོད།མེ་རླུང་སོགས་ཀྱིས་རྩོམ་སྒྲིག་བྱེད་ཀྱིན་པའི་ཚགས་དེབ་༼རུས་རྐང་གསར་བའི༽འདོན་ཐེངས་གསུམ་པ་ཀློག་པ་པོ་མང་བོ་ཞིག་གི་སྤྱན་ལམ་ཏུ་ཐོན་ཡོད་ལ།བདུན་ཕྲག་གཅིག་མ་འདས་པའི་དུས་ཚོད་འདིར་གྲོགས་པོ་མི་ཉུང་བ་ཞིག་གིས་ཚགས་དེབ་འདིའི་གསར་གཏོད་ཀྱི་ཆ་ནས་རྒྱུ་སྤུས་དང་ཇུས་འགོད་སོགས་གླེང་སྟེ་ཀུན་གྱིས་དགའ་བསུ་མི་ཉུང་བ་ཞིག་བྱེད་ཀྱིན་ཡོད་པས།ཀློག་པ་པོ་དག་ནས་གཤམ་གྱི་ཁ་པར་སོགས་འབྲེལ་གཏུགས་བརྒྱུད་ནས་བཀླག་ཐུབ་པའི་སྨོན་འདུན་ཞུ། །
  གཞན་ཡང་ཚགས་དེབ་འདིར་བོད་ཀྱི་ན་གཞོན་རྩོམ་པ་པོ་སེང་རྡོར་གྱི་སྙན་ངག་གྲགས་ཅན་༼འབྲོག་མོ་ངོ་མ༽དང་བོང་སྟག་རི་ལུའི་སྙན་ངག་༼མཛེས་མ་དགུ་དགུ་གྱ་གཅིག༽གི་ཁག་བཞི་བ་སོགས་བཅད་གསར་སྙན་ངག་དང་འབོལ་རྩོམ།འགྱུར་རྩོམ་གྱི་བརྩམས་ཆོས་མོད་པོ་ཞིག་ལ་དགའ་བསུ་ངེས་ཅན་འཐོབ་ཀྱི་ཡོད་པས།ཁྱབ་ཆེ་ས་ནས་ཚགས་དེབ་འདི་ལྟ་བུ་ཡང་བོད་ཀྱི་རྩོམ་སྟེགས་ཁྲོད་ནས་གོ་གནས་ངེས་ཅན་ཟིན་ཡོད་པའི་གྲལ་དུ་བརྩི་ཆོག་ཆོག་རེད།
 འབྲེལ་གཏུག་ཐབས་ལམ།
 
        མཚོ་ནུབ། རིག་ལྡན་ཚེ་རིང་། 15897273452
        མཚོ་བྱང་། སྐལ་བཟང་རྡོ་རྗེ། 13369709777
         ཀན་སུའུ། ཚེ་རིང་བཀྲ་ཤིས།13088747771
         གླེང་མོལ་ཨང་གྲངས།           394056447
         གློག་འཕྲིན་ཡིག་ཟམ། www.tibetanbaobei@163.com

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།