ཟླ་ཟེར་གསར་སྐྲུན་བྱས་ནས་ལོ་ངོ་སུམ་ཅུ་ལོན་པ་དང་རྩོམ་རིག་བྱ་དགའ་སྐབས་བཞི་བ་གནང་བ།

༼ཟླ་ཟེར༽རྩོམ་སྒྲིག་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-10


 
  ཚོགས་ཞུགས་པ་ལྷན་རྒྱས།
 
 བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ།
 
 ཚོགས་ར།
  ཟླ9པའི་ཚེས8ཉིན། ཟླ་ཟེར་གསར་བསྐྲུན་བྱས་ནས་ལོ་འཁོར་སུམ་ཅུ་ལོན་པ་དང་རྩོམ་རིག་བྱ་དགའ(ཕུལ་བྱུང་རྩོམ་སྒྲིག་པ )སྐབས་བཞི་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་གཙོས་གྲོང་ཁྱེར་དུ་འཚོགས།
  ༼ཟླ་ཟེར༽དུས་དེབ་ནི་1982ལོར་གསར་སྐྲུན་བྱས་པ་ནས་ད་བར་སྤྱིའི་དེབ་གྲངས112པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། གོང་འཕེལ་གྱི་བརྒྱུད་རིམ་ཆེན་པོ་གསུམ་བརྒྱུད་པ་སྟེ། ཐོག་མར་གསར་སྐྲུན་བྱས་པ་ནས1992ལོའི་བར་དུ་ཚོད་ལྟའི་ཚུལ་དུ་བཀྲམས་པ་དང་།ལོ་ངོ་དུ་མར་ཕྱོགས་གང་ཐད་ནས་བརྩོན་ལེན་བྱས་པ་བརྒྱུད། 1994ལོར་རྒྱལ་སྤྱིའི་ཚད་ལྡན་དཔེ་རྟགས་ཐོབ། 2002ལོའི་ཟླ་4བར། ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཆེད་དུ༼ཟླ་ཟེར༽དུས་དེབ་དེ་སྔར་གྱི་ས་གནས་རིམ་པའི་དུས་དེབ་ནས་ད་ལྟའི་ཞིང་ཆེན་རིམ་པའི་དུས་དེབ་ཏུ་འཕར་བར་ཆོག་མཆན་བཀོད་པ་མ་ཟད། ཀན་སུའུ་ཞིང་ཆེན་རྩོམ་པ་བོའི་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་སྒྲུབ་བྱ་རྒྱུ་གཏན་ཁེལ་བྱས་ཤིང་། དུས་དེབ་ཀྱི་སྤུས་ཚད་དང་པར་གྲངས་སོགས་སྔར་ལས་གོང་འཕེལ་དགོས་པའི་བླང་བྱ་ནན་མོ་བཏོན་ཏེ། དུས་དེབ་དེ་སྐས་རིམ་གསར་བ་ཞིག་ཏུ་འཛེགས་པར་ཆ་རྐྱེན་བསྐྲུན། 2008ལོར་ཀན་སུའུ་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དུས་དེབ་ཀྱི་མཚན་སྙན་གནང་།  
  ༼ཟླ་ཟེར༽དུས་དེབ་ཀྱིས1987ལོར་རྩོམ་རིག་བྱ་དགའ(ཕུལ་བྱུང་རྩོམ་སྒྲིག་པ )གཏན་ཕབ་བྱས་ཤིང་། བྱ་དགའ་འདི་ནི་བོད་ཡོངས་ཀྱི་རྩོམ་པ་པོར་ཁ་ཕྱོགས་པ་ཞིག་ཡིན། དེ་ལ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། ཕུལ་བྱུང་རྩོམ་སྒྲིག་པ་བཅས་ཚན་པ་བཞི་རུ་བགོས་ནས་ཁྱབ་ཁོངས་དེ་དག་ནས་གྲུབ་འབྲས་ལེགས་པོ་ལེན་མཁན་ལ་གནང་གིན་ཡོད་པ་དང་། བོད་པའི་རྩོམ་སྟེགས་ནས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཟླ་ཟེར་རྩོམ་རིག་བྱ་དགའ(ཕུལ་བྱུང་རྩོམ་སྒྲིག་པ)སྐབས་བཞི་བ་ནི2009ནས2011བར་ཕུད་པའི༼ཟླ་ཟེར༽དུས་དེབ་སྟེང་ནས་དཔྱད་འདེམས་པ་ལྷན་རྒྱས་ནས་གཟབ་ནན་སྒོས་བདམས་ཐོན་བྱུང་བ་ཡིན། སྟག་འབུམ་རྒྱལ་དང་ཁྱུང་ཐར་རྒྱལ། ན་རོ། རྨོག་རུ་ཤེས་རབ་རྡོ་རྗེ། བྱ་གཞུང་དབྱངས་བྷ། མཛེས་སེ་བཅས་མི་དྲུག་ལ་ཐེངས་འདིའི་ཟླ་ཟེར་རྩོམ་རིག་བྱ་དགའ་ཐོབ་པ་དང་ཆས་པ་རྟ་མགྲིན་ཚེ་རིང་། ཨ་པཎ། དགའ་བདེ་བཅས་ལ་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་ཟེར་གསར་སྐྲུན་བྱས་ནས་ལོ་ངོ་སུམ་ཅུ་ལོན་པ་དང་རྩོམ་རིག་བྱ་དགའ་སྐབས་བཞི་བ་གནང་བ།

2012-09-10 ༼ཟླ་ཟེར༽རྩོམ་སྒྲིག་ཁང་། ཀློག་གྲངས། མཆན ཡོད།


 
  ཚོགས་ཞུགས་པ་ལྷན་རྒྱས།
 
 བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ།
 
 ཚོགས་ར།
  ཟླ9པའི་ཚེས8ཉིན། ཟླ་ཟེར་གསར་བསྐྲུན་བྱས་ནས་ལོ་འཁོར་སུམ་ཅུ་ལོན་པ་དང་རྩོམ་རིག་བྱ་དགའ(ཕུལ་བྱུང་རྩོམ་སྒྲིག་པ )སྐབས་བཞི་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་གཙོས་གྲོང་ཁྱེར་དུ་འཚོགས།
  ༼ཟླ་ཟེར༽དུས་དེབ་ནི་1982ལོར་གསར་སྐྲུན་བྱས་པ་ནས་ད་བར་སྤྱིའི་དེབ་གྲངས112པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། གོང་འཕེལ་གྱི་བརྒྱུད་རིམ་ཆེན་པོ་གསུམ་བརྒྱུད་པ་སྟེ། ཐོག་མར་གསར་སྐྲུན་བྱས་པ་ནས1992ལོའི་བར་དུ་ཚོད་ལྟའི་ཚུལ་དུ་བཀྲམས་པ་དང་།ལོ་ངོ་དུ་མར་ཕྱོགས་གང་ཐད་ནས་བརྩོན་ལེན་བྱས་པ་བརྒྱུད། 1994ལོར་རྒྱལ་སྤྱིའི་ཚད་ལྡན་དཔེ་རྟགས་ཐོབ། 2002ལོའི་ཟླ་4བར། ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཆེད་དུ༼ཟླ་ཟེར༽དུས་དེབ་དེ་སྔར་གྱི་ས་གནས་རིམ་པའི་དུས་དེབ་ནས་ད་ལྟའི་ཞིང་ཆེན་རིམ་པའི་དུས་དེབ་ཏུ་འཕར་བར་ཆོག་མཆན་བཀོད་པ་མ་ཟད། ཀན་སུའུ་ཞིང་ཆེན་རྩོམ་པ་བོའི་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་སྒྲུབ་བྱ་རྒྱུ་གཏན་ཁེལ་བྱས་ཤིང་། དུས་དེབ་ཀྱི་སྤུས་ཚད་དང་པར་གྲངས་སོགས་སྔར་ལས་གོང་འཕེལ་དགོས་པའི་བླང་བྱ་ནན་མོ་བཏོན་ཏེ། དུས་དེབ་དེ་སྐས་རིམ་གསར་བ་ཞིག་ཏུ་འཛེགས་པར་ཆ་རྐྱེན་བསྐྲུན། 2008ལོར་ཀན་སུའུ་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དུས་དེབ་ཀྱི་མཚན་སྙན་གནང་།  
  ༼ཟླ་ཟེར༽དུས་དེབ་ཀྱིས1987ལོར་རྩོམ་རིག་བྱ་དགའ(ཕུལ་བྱུང་རྩོམ་སྒྲིག་པ )གཏན་ཕབ་བྱས་ཤིང་། བྱ་དགའ་འདི་ནི་བོད་ཡོངས་ཀྱི་རྩོམ་པ་པོར་ཁ་ཕྱོགས་པ་ཞིག་ཡིན། དེ་ལ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། ཕུལ་བྱུང་རྩོམ་སྒྲིག་པ་བཅས་ཚན་པ་བཞི་རུ་བགོས་ནས་ཁྱབ་ཁོངས་དེ་དག་ནས་གྲུབ་འབྲས་ལེགས་པོ་ལེན་མཁན་ལ་གནང་གིན་ཡོད་པ་དང་། བོད་པའི་རྩོམ་སྟེགས་ནས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཟླ་ཟེར་རྩོམ་རིག་བྱ་དགའ(ཕུལ་བྱུང་རྩོམ་སྒྲིག་པ)སྐབས་བཞི་བ་ནི2009ནས2011བར་ཕུད་པའི༼ཟླ་ཟེར༽དུས་དེབ་སྟེང་ནས་དཔྱད་འདེམས་པ་ལྷན་རྒྱས་ནས་གཟབ་ནན་སྒོས་བདམས་ཐོན་བྱུང་བ་ཡིན། སྟག་འབུམ་རྒྱལ་དང་ཁྱུང་ཐར་རྒྱལ། ན་རོ། རྨོག་རུ་ཤེས་རབ་རྡོ་རྗེ། བྱ་གཞུང་དབྱངས་བྷ། མཛེས་སེ་བཅས་མི་དྲུག་ལ་ཐེངས་འདིའི་ཟླ་ཟེར་རྩོམ་རིག་བྱ་དགའ་ཐོབ་པ་དང་ཆས་པ་རྟ་མགྲིན་ཚེ་རིང་། ཨ་པཎ། དགའ་བདེ་བཅས་ལ་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།