གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼རྒྱུ་རིམས་བྱུང་དུས་ཀྱི་འདོད་བརྩེ༽ཡི་རྒྱ་འགྱུར་མ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་བསྡུས་པ།

2012-09-02 22:34:00 གཡུ་ཐོམ། ཀློག་གྲངས། མཆན ཡོད།

 
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉེ་ལམ། དེ་སྔ་ནོ་པེལ་རྩོམ་རིག་བྱ་དགའ་ལེན་མྱོང་བའི་ཁོ་ལོམ་བྷེ་ཡའི་སྐད་གྲགས་ཅན་གྱི་རྩོམ་པ་པོ་ཀར་སི་ཡ་མར་ཁེ་ཟི(Gatcia marquez)ལགས་ཀྱིས་༡༩༨༥ལོར་བརྩམས་གནང་མཛད་པའི་སྒྲུང་རྩོམ་རིང་མོ༼རྒྱུ་རིམས་བྱུང་དུས་ཀྱི་འདོད་བརྩེ༽ཞེས་པ་རྒྱ་འགྱུར་མ་ཉིད་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ནས་དངོས་སུ་བསྡུས། བརྩམས་སྒྲུང་དེ་ནི་ཁོང་གིས་ཡོ་རོབ་ཀྱི་མངོན་སུམ་པའི་ལུགས་ཀྱི་ཉམས་ཡོད་པར་བྱས་ཏེ་བརྩམས་པ་ཞིག་ཡིན་པ་དང་། དེར་སྐྱེས་པ་ཞིག་དང་བུད་མེད་ཅིག་གིས་ཕན་ཚུན་ལ་རབ་ཏུ་ཆགས་ཤིང་ཤིན་ཏུ་དུངས་པའི་འདོད་སེམས་ཇི་ལྟར་འཆང་ལུགས་ཏེ། བུད་མེད་དེས་གཉེན་བསྒྲིགས་རྗེས་སྡུག་མྱོང་ཚུལ་དང་། སྐྱེས་པ་དེ་ཁེར་རྐྱང་དང་། དྲན་གདུང་གིས་གཟིར་ཚུལ་ཞིབ་པར་བྲིས་ཡོད་པས་དེ་ཉིད་མིག་ཆུ་དང་། གདུང་ཤུགས། རེ་སྒུག སྤྲོ་བ་སོགས་ཀྱིས་ཀུན་ནས་ཁྱབ་པའི་བརྩམས་སྒྲུང་ཞིག་ཡིན་པ་སྐད་དུ་གྲགས།
   ཟུར་མཆན། རྒྱུ་རིམས་ཞེས་པ་ནི་ཨིན་ཇིར་Choleraདང་རྒྱ་ཡིག་ཏུ་霍乱ཞེས་འབོད་ཅིང་། དེ་ནི་ཡར་སྐྱུགས་མར་བཤལ་བྱེད་པ་དང་། ཡན་ལག་རེངས་ཤིང་འཁུམས་ནས་གྲང་མོར་འགྱུར་བ་དང་། དྲན་མེད་དུ་བརྒྱལ་བ་སོགས་ཀྱི་མངོན་རྟགས་ཡོད་པའི་བཤལ་རིམས་རྒྱུ་མར་བབས་པའི་ནད་ཅིག་གོ་ཞེས་བོད་ཡིག་གི་མིང་མཛོད་ཅིག་ཏུ་གསལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།