ཨ་རིའི་མཁའ་སྐྱོད་པ་ནེལ་ཨམ་སི་ཐི་རོང་མཆོག་སྐུ་གཤེགས་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཟླ་བའི་གོ་ལར་གོམ་པ་དང་པོ་སྤོ་མཁན་གྱི་ཨ་རིའི་མཁའ་སྐྱོད་པ་ནེལ་ཨམ་སི་ཐི་རོང་(Neil Armstrong)མཆོག་སྐུ་གཤེགས་ཤིང་། དགུང་གྲངས་༨༢ལ་སོན་ཡོད། ཕྱི་ལོ་༡༩༦༧ལོའི་ཟླ་༧པའི་ཚེས་༢༠ཉིན། ཨ་ཕོལ་བཅུ་གཅིག་པ་ཞེས་པའི་འཇིག་རྟེན་འཕུར་གྲུར་བཀོད་འདོམས་གནང་བའི་ཨམ་སི་ཐི་རོང་མཆོག་མིའི་རིགས་ཀྱི་ཁྲོད་ནས་ཟླ་བའི་གོ་ལར་གོམ་པ་དང་པོ་སྤོ་མཁན་དུ་གྱུར་ཅིང་ཁོང་གིས་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་ལ་ཟླ་བའི་གོ་ལའི་ངོས་སུ་གོམ་བགྲོད་བྱས་པ་རེད།
རྩོམ་ཁུངས། ངེད་དྲ་བ།