༼དུས༽ཀྱི་རྩོམ་བརྡ།

  རྩོམ་རིག་ནི་མིའི་རིགས་ཀྱི་རིག་གནས་ཀྱི་ཚེ་སྲོག་ལ་ཁ་ལོ་བསྒྱུར་བྱེད་དུ་གྱུར་བའི་དུས་རབས་འདིར།དུས་དེབ་དང་ཚགས་པར་ཇི་ལྟར་མང་ན་ཡི་གེའི་ཁྱབ་རྒྱ་དེ་ལྟར་ཇེ་ཆེ་ཡིན་ལ།ཡི་གེའི་ཁྱབ་རྒྱ་ཇེ་ཆེ་ཡིན་པ་ལས་རིག་གནས་ཀྱི་ཁོར་ཡུག་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བ་སྨས་མ་དགོས་པ་ཞིག་ཡིན།དེ་ལྟ་ན་རང་རེའི་བོད་ལ་ཡང་དུས་དེབ་དང་ཚགས་པར་ནི་ལོ་རེར་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་ཇེ་མང་རེད་ལ།ས་གནས་ལ་ཁ་ཕྱོགས་པའི་དུས་དེབ་དང་ཚོགས་པར་ཁ་ཕྱོགས་པའི་དུས་དེབ།ཆེད་ལས་ལ་ཁ་ཕྱོགས་པའི་དུས་དེབ་སོགས་ཡོད་མོད།དེ་དག་ལས་མང་ཆེ་བ་ནི་སྐུལ་སློང་དང་ཤེས་བྱ་ཁྱབ་སྤེལ་གྱི་ཐད་ལ་ནུས་པ་བླ་ལྷག་ཐོན་གྱིན་མེད་པའི་གྲགས་མེད་འགུལ་མེད་དག་གི་གྲས་སུ་ཐེ།དུས་དེབ་དང་ཚགས་པར་དག་གི་སྤྱི་ཚོགས་ཀྱི་དོ་སྣང་ནི་དུས་དེབ་དེའི་ཕྱི་ནང་གི་སྤུས་ཚད་ཀྱིས་ཐག་བཅད་པ་ཡིན་ལ།དེའང་མཐར་གཏུགས་ན་རྩོམ་སྒྲིག་པའི་འཇོན་ནུས་དང་འགན་འཁྲིའི་འདུ་ཤེས་ལས་བསྐྱེད་པ་གཞི་མའོ།།
   དེ་བས།རང་གིས་༢༠༡༡ལོའི་༼དུས་༽ལོ་དེབ་ཀྱི་ནང་གི་དག་ཆའི་ཐད་ལ་འགན་འཁྲི་དང་འཇོན་ནུས་དམན་སོང་བའི་དབང་གིས་ཀློག་པོ་དག་གི་མགུ་ཁ་གང་བྱེད་ཀྱི་དཔེ་དེབ་འཐུས་ཚང་ཞིག་མ་འཁྱོངས་བར་འུ་ཐུག་གི་དགོངས་དག་དང་བཅས་རྗེས་མར་འདིའི་ཐད་ལ་ནོར་སྐྱོན་བྱུང་དུ་མི་འཇུག་པར་ཁག་ཐེག་བྱས་པ་ཡིན།
  ཞོར་དུ་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་༢༠༡༢ལོའི་༼དུས་༽ཀྱི་ཐད་ལ་ཁ་ཞེ་གཉིས་མེད་ཀྱིས་སློང་མོ་བྱེད་རྒྱུ་ཡིན།ད་ལོ་ནས་བཟུང་སྟེ་འབོལ་རྩོམ་རྐྱང་རྐྱང་གི་རྣམ་པ་ལས་བརྒལ་ཏེ་འབོལ་རྩོམ་མང་ཆེ་བ་བྱས་ནས་གཞན་པའི་རིགས་ཀྱང་བསྡུ་རྒྱུ་ཡིན་པས་ཐུགས་འཇགས་འཚལ།
  ཐེངས་འདིར་ཚན་པ་ལྔ་རུ་དགར་ནས་བསྡུ་རྒྱུ་ཡིན།
ཚན་པ་དང་པོ་༼ཀླད་པར་ངར་ལྡུད་པ༽འི་ནང་དུ་སྤྱི་ཚོགས་གླེང་བརྗོད་དང་བསམ་བློ་དང་རིག་གནས་སྣང་ཚུལ་ཐད་ཀྱི་འབོལ་རྩོམ་བསྡུ་རྒྱུ་ཡིན།༼བསྒྱུར་རྩོམ་ཡིན་ཡང་ཆོག༽
ཚན་པ་གཉིས་པ་༼མིག་བཤེར་ངང་ལམ་སྟོན་པ༽འི་ནང་དུ་རྩོམ་རིག་ཐད་ཀྱི་གླེང་བརྗོད་དང་དཔྱད་བརྗོད།སྙན་ངག་གི་ཕྲན་དཔྱད་བསྡུ་རྒྱུ་ཡིན།
ཚན་པ་གསུམ་པ་༼འཚོ་བར་བཅར་ཏེ་འདྲི་བ༽འི་ནང་དུ་འཚོ་བ་དངོས་མཚོན་པའི་ཞིང་འབྲོག་མང་ཚོགས་དང་སློབ་མ་དང་དགེ་རྒན་སོགས་ལ་དྲིས་པའི་བཅར་འདྲི་བསྡུ་རྒྱུ་ཡིན།
ཚན་པ་བཞི་བ་༼རྒྱུན་པར་ཤེས་དགོས་པ༽འི་ནང་དུ་བོད་རང་གི་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་སྐོར་གྱི་ཤེས་བྱ་བསྡུ་རྒྱུ་ཡིན།             ཚན་པ་ལྔ་བ་༼ཁྲ་བོའི་རས་ལ་རེག་པ༽འི་ནང་དུ་རང་མོས་སྙན་ངག་གཅིག་དང་བཅད་རྩོམ་སྙན་ངག་གཅིག  སྒྲུང་ཐུང་གཅིག་བཅས་བསྡུ་རྒྱུ་ཡིན།
གཞན་ཁ་གསལ་སྒོས་བཤད་རྒྱུ་ཞིག་ཡོད་པ་ནི་ཐེངས་འདིར་པར་ངོས་ཀྱི་སྒྲིག་གཞི་དང་ནང་དོན་གྱི་བརྗོད་བྱ་སོགས་ཇེ་བཟང་དུ་གཏོང་ཆེད་ཟུར་ཟའི་རི་མོ་བསྡུ་རྒྱུ་ཡིན།རྩོམ་པོས་རང་གི་བརྩམས་ཆོས་ཀྱི་རྗེས་ལ་མིང་དང་འབྲེལ་གཏུག་ཨང་གྲངས་གསལ་བོ་འབྲི་དགོས་ལ།རང་གི་འདྲ་པར་དང་ངོ་སྤྲོད་ཡི་གེ་བྲིས་ནས་བསྐུར་ཡང་ཆོག ད་དུང་བཅར་འདྲི་དང་རྒྱུན་ཤེས་མཁོ་སྤྲོད་བྱེད་མཁན་དག་གིས་ཀྱང་རང་གི་མིང་དང་འབྲེལ་གཏུག་ཨང་གྲངས་བྲིས་ནས་བསྐུར་དགོས།དཔེ་ཆ་དཔར་རྗེས་འདིའི་ཐད་ལ་རྒྱབ་སྐྱོར་གནངས་པའི་རྩོམ་པོ་དང་ཤེས་བྱ་མཁོ་སྤྲོད་མཁན་དག་ལ་དཔེ་དེབ་འགའ་རེ་སྟེར་ཅི་ཐུབ་བྱེད་རྒྱུ་ཡིན།
དེ་བས།རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་གངས་ཅན་བོད་པའི་ཤེས་ཡོན་པ་དག་ལ་སྐོམས་གདུང་གི་ལྷུང་བཟེད་འདི་གཟེད་ནས་སློང་མོ་ཡང་ཡང་བྱས་པ་ཡིན་པས།འདིའི་ཐད་ལ་རྒྱབ་སྐྱོར་རེ་གནང་རྒྱུར་རེ་བ་ཤུན་ཏུ་ཆེ་ལགས།
རྩོམ་པོས་རྩོམ་ཡིག་དག་བཅོས་བྱས་རྗེས་བསྐུར་ཐུབ་ན་རབ་ཡིན།
རྩོམ་ཡིག་བསྐུར་དུས་ཡིག་གཟུགས་ངེས་པར་དུ་ཧི་གཟུགས་ཡིན་དགོས།
ཡིག་ཟམ shidaifengbao2011@163.com
རྩོམ་བསྡུའི་དུས་ཡུན   སྤྱི་ཟླ་༨པའི་ཚེས་༡ནས་སྤྱི་ཟླ་༩པའི་ཚེས་༢༥བར་ཡིན།
                                         
                                  ༼དུས་༽རྩོམ་སྒྲིག་པ་དུང་བུ་དང་ཤེ་ར་བྷ་གཉིས་ནས་
                                                       ཟླ་༧པའི་ཚེས་༢༨ཉིན་གུས་ཕུལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།