གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་ཆོས་དབྱངས་སྐྱིད་ཀྱིས་ལེ་དབར20ཡོད་པའི་འགྲོ་གཤིབ་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་པ།

2012-08-12 17:24:00 བསམ་འཕེལ་ནོར་བུ། ཀློག་གྲངས། མཆན ཡོད།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་ལེ་དབར20ཅན་གྱི་འགྲོ་གཤིབ་འགྲན་བསྡུར་དེ་པེ་ཅིན་གྱི་དུས་ཚེས12ཉིན་གྱི་ནམ་གོང་གི་དུས་ཚོད1དང་སྐར་མ30ཡས་མས་སུ་མཇུག་རྫོགས། ཀྲུང་གོའི་ཆེས་ཐོག་མའི་བོད་རིགས་ཨོ་རྩལ་འགྲན་བསྡུར་ལ་ཞུགས་མཁན་ཆོས་དབྱངས་སྐྱིད་ཀྱིས་དུས་ཚོད1དང་སྐར་མ25དང་སྐར་ཆ16གི་གྲུབ་འབྲས་ཀྱིས་ཟངས་ཀྱི་རྟགས་པ་བླངས་པ་དང་། གླིང་ཆེན་ཨ་ཤེ་ཡ་ཡི་ཟིན་ཐོ་གསར་དུ་བྲིས།  ཨུ་རུ་སུའི་ལུས་རྩལ་པ་ལཱ་ཧྲི་མ་ནའོ་ཝ་ཡིས་གསེར་གྱི་རྟགས་མ་བླངས།   
 
   ཆོས་དབྱངས་སྐྱིད་ནི1990ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ལུས་རྩལ་ལ་ཧ་ཅང་དགའ་བ་དང་། ལྷན་སྐྱེས་ཀྱི་གཟུགས་གཞི་ལྡེམ་མྱུར་ལྡན་པ་ཞིག་ཡིན། ཁོ་མོ་དེ་སྔ་མཚོ་སྔོན་དགེ་ཐོན་སློབ་ཆེན་ལུས་རྩལ་སློབ་གླིང་གི2010ལོའི་ལུས་རྩལ་སློབ་གསོ་ཆེད་སྦྱོང་འཛིན་གྲྭའི་བྱང་ཚད་མཐོ་བའི་འགྲོ་གཤིབ་ལུས་རྩལ་པ་ཞིག་ཡིན་ལ། 2010ལོའི་ཟླ7པར་རྒྱལ་ཁབ་རུ་ཁག་ཏུ་ཞུགས། 2010ལོའི་ཟླ9བར་རྒྱལ་ཁབ་ལུས་རྩལ་ཅུའུ་དང་། ཀྲུང་གོའི་མཆོང་རྒྱུག་མཐུན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ནས་པེ་ཅིན་དུ་བསྡུས་པའི་རྒྱལ་སྤྱིའི་འགྲོ་གཤིབ་འགྲན་ཚོགས་སམ་རྒྱལ་ཡོངས་འགྲོ་རྒྱུག་འགྲན་ཚོགས་ཀྱི་ལེ་དབར20ཡོད་པའི་བུད་མེད་དར་མའི་རུ་ཁག་ཁྲོད་རྒྱལ་ནང་གི་ཨང་དང་པོ་བླངས་པ་རེད།   
 

རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།