འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གིས་སྐབས་དང་པོའི་དམངས་ཁྲོད་ལ་གཞས་འགྲན་བསྡུར་སྤེལ་བ།

གསར་འགོད་པ་བོང་སྟག་རི་ལུ་དང་ཀུ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-09

 
 
  འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་ནི་ཐེམ་ཆེན་རྫོང་གི་བྱང་ཕྱོགས་སྟེ་པུ་ཧ་ཆུ་བོའི་རྦ་རླབས་ལྷུང་ལྷུང་འབབ་པའི་གཡས་འགྲམ་ཏུ་ཆགས་ཡོད་ལ།༢༠༡༡ལོར་སྦྱིན་བདག་མཁས་གྲུབ་དར་རྒྱས་ཀྱིས་བོད་རང་གི་ཁྱད་ཆོས་དོད་པོ་འདུག་པའི་སྤྲོ་སྐྱིད་གླིང་ཞིག་དགོས་པར་བསམ་ཏེ། མི་རིགས་ཀྱི་ཁྱད་ཆོས་དོད་པོ་འདུག་པའི་ཁམས་གསོ་གླིང་འདི་ལས་ཏེ་ལེགས་འགྲུབ་བྱུང་བ་ཡིན་ལ། ཁམས་གསོ་གླིང་འདི་ལེགས་འགྲུབ་བྱུང་བ་ནས་ཐག་ཉེ་རིང་གི་སྐུ་མགྲོན་ཟམ་མ་ཆད་པར་བྱུང་ལ། དེ་དག་གིས་གནས་འདི་ནས་རྒྱ་བོད་ཀྱི་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱད་ནས་ཡིད་ཚིམས་ཅིང་མགུ་གང་བའི་ངང་ནས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་གྱིན་ཡོད་ལ། སྦྱིན་བདག་མཁས་གྲུབ་དར་རྒྱས་ཀྱིས་ཁམས་གསོ་གླིང་འདི་སྒོ་འབྱེད་བྱེད་པའི་དམིགས་ཡུལ་ཡང་། གཅིག་ན་བོད་རང་གི་དམངས་སྲོལ་གྱི་རིག་གནས་མང་པོ་ཞིག་ཉམས་དམས་སུ་འགྲོ་བཞིན་པར་དམིགས་ཏེ་སྒྲུབ་པ་ཡིན་ལ། ཁང་བའི་ནང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱས་སྤྲོས་འདིས་མི་རྣམས་ལ་བོད་རང་གི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་རྒྱུད་འཛིན་བྱེད་པར་སྐུལ་སློང་བྱེད་ཀྱིན་ཡོད་ལ། དེ་བས། ཐེངས་འདིར་ཡང་ཁོས་བོད་མི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་ལ་གཞས་འཛིན་སྐྱོང་སྤེལ་གསུམ་དང་བོད་ཀྱི་ཉམས་དམས་སུ་འགྲོ་བཞིན་པའི་རིག་གནས་མང་པོ་ཞིག་སླར་གསོ་དང་། ཕྱི་རབས་པའི་གླུ་བ་གླུ་མ་གང་མང་ཞིག་སྐྱེད་སྲིང་བྱེད་ཆེད་འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གི་སྐབས་དང་པོའི་དམངས་ཁྲོད་ལ་གཞས་འགྲན་བསྡུར་སྤེལ་བ་ཡིན་ལ། འགྲན་ཞུགས་ཀྱི་ཁོར་ཡུག་ཡང་རང་ས་གནས་ལས་བརྒལ་ཏེ་མཚོ་བྱང་དང་མཚོ་ནུབ་ཕྱོགས་ཀྱི་གླུ་བ་གླུ་མ་སྐོར་ཞིག་འདུས་ཡོད་ལ། སྦྱིན་བདག་མཁས་གྲུབ་དར་རྒྱས་ལགས་ཀྱིས་གསུངས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་རྐང་བཙུགས་ཏེ་སྐབས་གཉིས་པ་དང་གསུམ་པ་འདི་ལས་གསོན་ཉམས་ལྡན་པ་ཞིག་སྒྲུབ་རྩིས་འདུག་ཟེར་ལ། འགྲན་བསྡུར་འདི་བརྒྱུད་ནས་གཞོན་སྐྱེས་མང་པོ་ཞིག་ལ་གཞས་ལ་ཞེན་ཅིང་ལ་གཞས་ལ་སྤྲོ་བའི་སྐུལ་སློང་ཡག་པོ་ཞིག་ཐེབས་པར་མ་ཟད། ཐེངས་འདིའི་འགྲན་བསྡུར་འདི་ནི་ཐེམ་ཆེན་ས་ཁུལ་ནས་ཀུན་གྱིས་དོ་སྣང་བྱེད་པའི་དམངས་ཁྲོད་རིག་གནས་རྒྱུད་འཛིན་ཀྱི་འགྲན་ཚོགས་ལེགས་པོ་ཞིག་ཆགས་ཡོད་དོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གིས་སྐབས་དང་པོའི་དམངས་ཁྲོད་ལ་གཞས་འགྲན་བསྡུར་སྤེལ་བ།

2012-08-09 གསར་འགོད་པ་བོང་སྟག་རི་ལུ་དང་ཀུ ཀློག་གྲངས། མཆན ཡོད།

 
 
  འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་ནི་ཐེམ་ཆེན་རྫོང་གི་བྱང་ཕྱོགས་སྟེ་པུ་ཧ་ཆུ་བོའི་རྦ་རླབས་ལྷུང་ལྷུང་འབབ་པའི་གཡས་འགྲམ་ཏུ་ཆགས་ཡོད་ལ།༢༠༡༡ལོར་སྦྱིན་བདག་མཁས་གྲུབ་དར་རྒྱས་ཀྱིས་བོད་རང་གི་ཁྱད་ཆོས་དོད་པོ་འདུག་པའི་སྤྲོ་སྐྱིད་གླིང་ཞིག་དགོས་པར་བསམ་ཏེ། མི་རིགས་ཀྱི་ཁྱད་ཆོས་དོད་པོ་འདུག་པའི་ཁམས་གསོ་གླིང་འདི་ལས་ཏེ་ལེགས་འགྲུབ་བྱུང་བ་ཡིན་ལ། ཁམས་གསོ་གླིང་འདི་ལེགས་འགྲུབ་བྱུང་བ་ནས་ཐག་ཉེ་རིང་གི་སྐུ་མགྲོན་ཟམ་མ་ཆད་པར་བྱུང་ལ། དེ་དག་གིས་གནས་འདི་ནས་རྒྱ་བོད་ཀྱི་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱད་ནས་ཡིད་ཚིམས་ཅིང་མགུ་གང་བའི་ངང་ནས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་གྱིན་ཡོད་ལ། སྦྱིན་བདག་མཁས་གྲུབ་དར་རྒྱས་ཀྱིས་ཁམས་གསོ་གླིང་འདི་སྒོ་འབྱེད་བྱེད་པའི་དམིགས་ཡུལ་ཡང་། གཅིག་ན་བོད་རང་གི་དམངས་སྲོལ་གྱི་རིག་གནས་མང་པོ་ཞིག་ཉམས་དམས་སུ་འགྲོ་བཞིན་པར་དམིགས་ཏེ་སྒྲུབ་པ་ཡིན་ལ། ཁང་བའི་ནང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱས་སྤྲོས་འདིས་མི་རྣམས་ལ་བོད་རང་གི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་རྒྱུད་འཛིན་བྱེད་པར་སྐུལ་སློང་བྱེད་ཀྱིན་ཡོད་ལ། དེ་བས། ཐེངས་འདིར་ཡང་ཁོས་བོད་མི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་ལ་གཞས་འཛིན་སྐྱོང་སྤེལ་གསུམ་དང་བོད་ཀྱི་ཉམས་དམས་སུ་འགྲོ་བཞིན་པའི་རིག་གནས་མང་པོ་ཞིག་སླར་གསོ་དང་། ཕྱི་རབས་པའི་གླུ་བ་གླུ་མ་གང་མང་ཞིག་སྐྱེད་སྲིང་བྱེད་ཆེད་འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གི་སྐབས་དང་པོའི་དམངས་ཁྲོད་ལ་གཞས་འགྲན་བསྡུར་སྤེལ་བ་ཡིན་ལ། འགྲན་ཞུགས་ཀྱི་ཁོར་ཡུག་ཡང་རང་ས་གནས་ལས་བརྒལ་ཏེ་མཚོ་བྱང་དང་མཚོ་ནུབ་ཕྱོགས་ཀྱི་གླུ་བ་གླུ་མ་སྐོར་ཞིག་འདུས་ཡོད་ལ། སྦྱིན་བདག་མཁས་གྲུབ་དར་རྒྱས་ལགས་ཀྱིས་གསུངས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་རྐང་བཙུགས་ཏེ་སྐབས་གཉིས་པ་དང་གསུམ་པ་འདི་ལས་གསོན་ཉམས་ལྡན་པ་ཞིག་སྒྲུབ་རྩིས་འདུག་ཟེར་ལ། འགྲན་བསྡུར་འདི་བརྒྱུད་ནས་གཞོན་སྐྱེས་མང་པོ་ཞིག་ལ་གཞས་ལ་ཞེན་ཅིང་ལ་གཞས་ལ་སྤྲོ་བའི་སྐུལ་སློང་ཡག་པོ་ཞིག་ཐེབས་པར་མ་ཟད། ཐེངས་འདིའི་འགྲན་བསྡུར་འདི་ནི་ཐེམ་ཆེན་ས་ཁུལ་ནས་ཀུན་གྱིས་དོ་སྣང་བྱེད་པའི་དམངས་ཁྲོད་རིག་གནས་རྒྱུད་འཛིན་ཀྱི་འགྲན་ཚོགས་ལེགས་པོ་ཞིག་ཆགས་ཡོད་དོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།