གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙེ་མོ་རྫོང་དུ་ཇོ་མོ་གངས་དཀར་རྟ་རྒྱུག་དུས་ཆེན་རོལ་བ།

2013-08-06 00:18:00 ལྷ་མོ་ཚེ་སྐྱིད། ཀློག་གྲངས། མཆན ཡོད།
 
  ཟླ8པའི་ཚེས1ཉིན་ནས་བཟུང་། སྙེ་མོ་རྫོང་གི་ཇོ་མོ་གངས་དཀར་རྟ་རྒྱུག་དུས་ཆེན་སྐབས་དང་པོ་མཚོ་ངོས་མཐོ་ཚད་ལ་སྨི7048ཡོད་པའི་ཇོ་མོ་གངས་དཀར་རི་འདབས་སུ་དུས་ཡུན་ཉིན་གསུམ་ལ་བསྡུས་པ་རེད།
 ཐེངས་འདིའི་རྟ་རྒྱུག་དུས་ཆེན་གྱི་བྱ་འགུལ་དུ། རང་བྱུང་རྐོས་རྒྱན་གྱི་དམངས་སྲོལ་འཁྲབ་སྟོན་དང་། རྟ་རྒྱུག  ཐག་འཐེན། རྡོ་འདེགས། དེ་མིན་སྙེ་མོའི་ངོ་མཚར་གསུམ་ཞེས་པའི་དངོས་མྱོང་འགྲེམ་སྟོན་ཁང་དང་། སྙེའི་ཡིག་གཟུགས་ཞེས་པའི་ཡིག་གཟུགས་འགྲེམ་སྟོན་ཁང་། པར་རིས་འགྲེམ་སྟོན་ཁང་། གལ་ཆེའི་ཚོང་འགུག་འགྲེམ་སྟོན་ཁང་བཅས་འགྲེམ་སྟོན་ཁང་བཞི་སོགས་སྒྲིག་བཀོད་བྱས་ཏེ་རྟ་རྒྱུག་དུས་ཆེན་སྐབས་དང་པོར་ཐུན་མིན་གྱི་ཁྱད་ཆོས་ཤིག་ངོམས་པ་རེད།
       
  རྒྱུས་ལོན་པ་ལྟར་ན། སྙེ་མོ་རྫོང་ཞུགས་པའི་ཀྲུང་གོའི་ལས་དོན་ལེགས་པོ་བོད་ལྗོངས་སུ་བསྐྱོད་པའི་བྱ་འགུལ་ཞེས་པའི་མ་དངུལ་གཏོང་འགན་ནི་དུང་ཕྱུར18.5ཡིན་པ་དང་མིག་སྔར་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། སྡོམ་པས་མ་དངུལ་སྒོར་དུང་ཕྱུར216.1བཏང་། མཉམ་འབྲེལ་ལས་གཞིར་ཇོ་མོ་གངས་དཀར་རི་བོའི་རྫ་ཆུ་སྔོག་འདོན་དང་། བོད་བྱ་གསོ་སྤེལ། ཆུ་གློག  འོད་གློག་གློག་ཚུགས་བཅས་ཀྱི་འཛུགས་སྐྲུན་སོགས་འདུས།
  སྙེ་མོ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཕུར་ཆུང་གིས་བཤད་རྒྱུར། རྟ་རྒྱུག་དུས་ཆེན་གྱི་སྟེགས་བུ་འདིར་བརྒྱུད་དེ། སྙེ་མོ་རྫོང་གི་སྲོལ་རྒྱུན་རིག་གནས་དང་། དམངས་སྲོལ་འཚོ་རྣམ་སོགས་འགྲེམ་སྟོན་བྱེད་པ་མ་ཟད་ཚོང་འགུག་དངུལ་འདྲེན་སྒོས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་སྔར་ལས་གོང་འཕེལ་དང་དམངས་ལ་ཕན་ཁེ་གང་ལེགས་སྐྲུན་ཐུབ་པར་སྨོན་འདུན་ཞུས།
 

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།