བོད་ཀྱི་ངག་ཐོག་རྩོམ་རིག་ཐད་ཀྱི་ཉམས་ཞིབ་ལས་གཞི་གལ་ཆེན་ཞིག་དབྱིན་ཡུལ་དུ།

   ཉེ་ཆར་། དབྱིན་ཡུལ་ཨོཁེསེཧྥོར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོ་(University of Oxford)*རུ་བོད་ཀྱི་ངག་ཐོག་རྩོམ་རིག་ཉམས་ཞིབ་ཐད་ཀྱི་ལས་གཞི་གལ་ཆེན་ཞིག་དབུ་ཚུགས་ཡོད་འདུག
   སྤྱིར་བོད་ཀྱི་ངག་ཐོག་རྩོམ་རིག་ནི་ཕུན་ཚོགས་སྣ་འཛོམས་རིན་ཐང་གཞལ་གྱིས་བྲལ་བ་ཞིག་ཡིན་ན་ཡང་། ད་བར་དུ་གང་འཚམས་ཤིག་ཡིག་ཐོག་ཏུ་ཐོ་འགོད་བྱུང་ཡོད་པ་དང་ཕྱོགས་བསྡུས་ཀྱི་དཔེ་དེབ་སོགས་བོད་ཡིག་གཙོར་བྱས་པའི་ཡིག་རིགས་དུ་མའི་ནང་པར་སྐྲུན་ཅུང་ཟད་བྱུང་ཡོད་པ་ཙམ་ལས་། འཛམ་གླིང་སྤྱི་མཐུན་དུ་གྲུབ་པའི་རྩོམ་རིག་ལྟ་གྲུབ་དང་གཞུང་ལུགས་ཚད་ལྡན་།    རྣམ་གཞག་དང་ཐབས་ལམ་འདྲ་མིན་སོགས་ལ་བརྟེན་ནས་ངག་ཐོག་རྩོམ་རིག་དེ་དག་ལ་ཉམས་ཞིབ་གཏིང་ཟབ་གནང་བའི་འབྲས་བུ་ནི་ས་བཅད་མ་སྟོང་ཙམ་ཡང་ངོམ་དུ་མེད་པའི་ཚད་དུ་གནས་པར་དམིགས་ཏེ། ཨོཀསེཧྥོརཌི་སློབ་ཆེན་གྱི་ཁོངས་གཏོགས་ཝོབསིན་སློབ་གླིང་(Wolfson College)གིས་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན་ཐིག་ཤིང་བྱས་ཏེ། ངང་ཚུལ་ལམ་གནས་སྟངས་སྐྱོ་པོ་དེ་ལ་འགྱུར་བ་ཐེབས་ནས། བོད་ཀྱི་ངག་ཐོག་རྩོམ་རིག་གི་ཉམས་ཞིབ་ལས་ཀར་འཇུག་ངོགས་གསར་པ་ཞིག་གི་སྒོ་མོ་འབྱེད་པར་གྲ་སྒྲིག་དང་བཅས། སློབ་གླིང་དེ་རུ་༼བོད་དང་ཧི་མ་ལ་ཡ་རིག་པ། ཡིག་ཐོག་ཁུང་ལུངས་དང་དངོས་པོའི་རིག་གནས།༽ཞེས་བའི་ཁ་བྱང་འོག་ཞིབ་འཇུག་པ་གཞོན་པའི་གོ་གནས་ཤིག་ཉེ་ཆར་ཆེད་མངགས་གསར་འཛུགས་གནངས་འདུག་པར། སློབ་ཆེན་དེ་ག་རང་དུ་དགེ་རྒན་དང་ཉམས་ཞིབ་པའི་སློབ་གཉེར་གནང་མྱོང་ཞིང་། ཕྱི་རྒྱལ་རྩོམ་རིག་དང་གཞུང་ལུགས་ཀྱི་རྣམ་གཞག་དག་ལ་རྒྱུས་མངའ་ཤིན་ཏུ་ཆེ་བའི་མདའ་ཚན་པ་བླ་མ་སྐྱབས་མཆོག་རྒྱལ་སྤྱིའི་འབུམ་རམས་པ་རྩེ་དྲག་ཉི་ཤུ་ལས་ལེགས་འདེམ་ཐོན་ནས་གོ་གནས་དེར་བསྐོ་བཞག་གནང་འདུག
   མདའ་ཚན་པ་བླ་མ་སྐྱབས་མཆོག་ནི་བོད་མདོ་སྨད་མདའ་ཚན་སྡེ་བར་འཁྲུངས་ཤིང་སྐུ་ན་འཚར་ལ། ལོ་གཞོན་པའི་སྐབས་ནས་དབྱིན་ཡུལ་སོགས་ནས་སློབ་གསོ་མྱོང་པའི་བགོ་སྐལ་ཐོབ་ཡོད་པའི་ན་གཞོན་ཉམས་ཞིབ་པ་ཞིག་ཡིན་པར་། ཁོང་གི་རབ་འབྱམས་དམ་བཅའ་འབུལ་ས་ནི་ལོན་ཊོན་སློབ་གྲྭ་ཆེན་མོ་(University of London)ཡིན་འདུག་ལ། ༢༠༡༣ལོར་ཕུལ་བྱུང་རྒྱུགས་འབྲས་ཐོག་ནས་ཨོཀསེཧྥོརཌི་སློབ་ཆེན་གྱི་རྩོམ་རིག་གི་འབུམ་རམས་པའི་དམ་བཅའ་བཞག་གནང་ཡོད་འདུག ཁོང་གི་དམ་འབུལ་ཆེད་རྩོམ་དེ་ནི་བོད་ཀྱི་རྩོམ་རིག་གི་སྐོར་ཤས་ཆེ་བ་ཞིག་ཡིན་པ་དང་། ད་རེས་ཀྱི་ལས་གཞི་གསར་པ་འདི་ཡང་ཁོང་གི་ཆེད་རྩོམ་དེའི་རྒྱུན་མཐུད་ལྟ་བུ་ཞིག་ཀྱང་ཆགས་ཡོད་འདུག
 
  ཨོཀསེཧྥོརཌི་གཙུག་ལག་སློབ་གྲྭའི་ལྷ་ཁང་ཞིག་གི་རྩེ་ནས་རྒྱང་ལྟ་གནང་བཞིན་པ།
 
མདའ་ཚན་བླ་མ་སྐྱབས་ཀྱི་འབུམ་རམས་པའི་ལམ་སྟོན་པ། མིའི་རིགས་རིག་པའི་མཁས་དབང་དང་སློབ་དཔོན་ཆེན་མོ་Charles Rambleལགས།
 
འབུམ་རམས་པའི་མཚན་ཐོབ་བཞེས་པའི་ཉིན་གྱི་མདའ་ཚན་པ་བླ་མ་སྐྱབས།
དྲི་བ། ཁྱེད་ཀྱིས་བདེ་བླག་ངང་དམ་བཅའ་བཞག་ཅིང་དགེ་རྒན་ཆེན་མོ་དག་གིས་དམིགས་བསལ་བསྟོད་བསྔག་གནང་པ་ཐོས་པས་དགའ་པོ་ཞེ་དྲག་བྱུང་། ཐོག་མར་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།
ལན། ཐུགས་རྗེ་ཆེ། དཀའ་ལས་རྒྱབ་པ་ལ་འབྲས་བུ་ཏོག་ཙམ་བྱུང་བསམ་ནས་ང་རང་ཡང་སེམས་ལྷོད་ལ་བབས་བསྡད་ཡོད།
དྲི་བ། དྲ་རྒྱ་ཞིག་གིས་མངགས་བཅོལ་གནང་བ་ལྟར་ངས་ཁྱེད་ལ་དྲི་བ་ཁ་ཤས་ཞུ་དགོས་བྱུང་། ཡིན་ན་ཡང་དྲི་བ་རྙོག་དྲ་ཚ་པོ་མེད། དང་པོ་ཁྱེད་ཀྱིས་ངག་རྩོམ་སྐོར་གྱི་ལས་གཞི་དེ་ངོ་སྤྲོད་རགས་རིམ་གནང་རོགས།
ལན། ང་ལ་རྙོག་དྲ་ཚ་པོ་དེ་ལས་སླ་པོར་གཏོང་བའི་ནུས་པ་ཡོད། ༼ཀུ་རེ་ཡིན།༽ ངའི་ཞིབ་འཇུག་གི་ལས་གཞི་ནི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་བྲིས་རྩོམ་དང་ངག་རྩོམ་གཉིས་ཀའི་ཕན་ཚུན་ལྟོས་བཅས་ཀྱི་འབྲེལ་བ་རྙོག་འཛིང་ཅན་དེ་ལ་རྟོག་དཔྱོད་བྱ་རྒྱུ་དེ་ཡིན། བྲིས་རྩོམ་རིགས་ཅི་དང་ཅི་ཡིན་ཡང་ངག་རྩོམ་དང་དཔྱད་བསྡུར་མ་བྱས་ན་དེ་ཚོར་གོ་རྟོགས་ཆ་ཚང་ཞིག་ཧ་ལམ་ལོན་དཀའ་བ་འདུག  སྒྱུ་རྩལ་གྱི་རྣམ་པ་ཆེན་མོ་འདི་གཉིས་ཀ་མཚམས་ལ་ལར་ཆུ་དང་འོ་མ་འདྲེས་པ་བཞིན་ངོ་བོ་དབྱེ་དཀའ་བ་ཞིག་དང་། ཕན་ཚུན་ལ་ཤུགས་རྐྱེན་ཕྲ་རགས་བཞག་དང་འཇོག་གིན་པ་དེར། ད་སྔ་རྩོམ་རིག་རིགས་ལམ་སོགས་བེད་སྤྱད་ནས་ཞིབ་དཔྱོད་བྱས་པ་དཀོན་པས། ང་སྟག་རྒན་འདིའི་རྔ་མར་འཇུ་རྒྱུ་བྱས་བ་ཡིན། དེ་མི་འཆོར་ཆེད་གྲོགས་ཁྱེད་དང་བོད་གངས་ཅན་གྱི་ཡིག་ངག་གཉི་ཀའི་སྒྱུ་རྩལ་བ་དང་ཉམས་ཞིབ་པ་ཚོར་རོགས་སྐྱོར་བྱ་རོགས་ཞེས་སྐེ་བསྟན་ནས་སྐུ་མཁྱེན་སྐུ་མཁྱེན་ཡང་ཞུས་པ་ཡིན།
དྲི་བ། ལས་གཞི་འདི་དང་རྐུབ་བཀྱག་འདི་ཡང་ཁྱེད་རང་གི་ཆེད་ལས་ལ་དམིགས་ནས་ཆེད་མངགས་བཟོས་པ་ཞིག་ཡིན་པ་འདྲ།
ལན། དེ་འདྲ་རང་ད་ཨེ་ཡིན་ནམ། གང་ལྟར་ང་ལ་མཚོན་ན་ནམ་ལངས་དང་ཉི་ཤར་དུས་མཉམ་ཡིན་པ་འདྲ་པོ་ཞིག་བྱུང་། རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་འབུམ་རམས་པ་ཉི་ཤུ་དང་ལྷན་འགྲན་བསྡུར་བརྒྱུད་དེ་གོ་གནས་འདི་ཐོབ་པའི་ཁར་། ད་དུང་དགའ་འོས་པ་ལས་གཞིའི་ཁ་ཕྱོགས་ཐག་གཅོད་ཀྱི་དབང་ཆ་ཡང་ང་རང་ལ་ཡོད་པ་རེད་། ང་ཚོས་ངག་ཐོག་རྩོམ་རིག་ལ་དམིགས་བསལ་དོ་སྣང་བྱ་རྒྱུ་དང་། ཡིག་ངག་གཉིས་ཀྱི་རྒྱུ་རྩལ་འདྲེས་མཚམས་ལ་དཔྱོད་རྒྱུ་བྱས་པ་དེ་ངས་གདམ་གསེས་ཡིན། ཡིན་ནའང་རང་གི་ཐོད་པའི་རི་མོ་དང་ལས་འབྲས་༼ངལ་རྩོལ་གྱི་འབྲས་བུ་ལ་ཟེར་བ་ཡིན༽གཉིས་སྟབས་འགྲིག་ནས་རྐུབ་བཀྱག་གསར་བ་དེར་ཁ་འབེབས་མཁན་དེ་ང་ཆགས་སོང་།
དྲི་བ། ལས་གཞི་འདིའི་ལས་ཡུན་ཅི་ཙམ་ཡིན་པ་དང་ཐབས་ཤེས་ག་རེ་ཡིན་པ།
ལན་། དུས་ཡུན་ལོ་གསུམ་ཙམ་ཡིན་ས་རེད། ད་དུང་གསལ་པོ་ཧ་གོ་མ་སོང་། ཡིན་ནའང་འདི་རྐུབ་བཀྱག་འདིའི་དུས་ཡུན་ཡིན་པ་ལས། ངའི་ཞིབ་འཇུག་གི་ལས་གཞི་དེ་སློབ་ཆེན་དང་ཞིབ་འཇུག་གི་གོ་གནས་གཞན་བརྒྱུད་མུ་མཐུད་སྣ་ཇེ་འཛོམ་དང་གཏིང་ཇེ་ཟབ་ཏུ་གཏོང་འཆར་ཡོད། ཐབས་ཤེས་ཀྱི་ཕྱོགས་ནས་ད་ལྟ་བར་དབྱིན་ཇིའི་སློབ་ཆེན་དག་བརྒྱུད་ནས་སྦྱངས་ཁུལ་བྱས་པའི་རིགས་པའི་གཞུང་ལུགས་འདྲ་མིན་དང་བསམ་བློའི་རྣམ་གཞག། རྟོག་གེའི་གྲུབ་མཐའ་ལ་སོགས་ཕྱི་གླིང་གི་རིག་པའི་གནས་དང་།  བོད་རང་གི་ལྟ་གྲུབ་དང་། རིགས་ལམ། བློ་རིག་སོགས་དང་བསྡོངས་ནས་ངག་རྩོམ་དང་ཡིག་རྩོམ་འབྲེལ་འདྲེས་ཀྱི་ས་མཚམས་ཆུ་མཚམས་སོགས་ལ་དཔྱད་རྒྱུ་ཡིན། གཙོ་བོ་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་དགག་སྒྲུབ་རིང་ལུགས། སྤྱི་ཚོགས་དང་མིའི་རིགས་རིག་པ་སོགས་ཀྱི་རིགས་ལམ་བརྒྱུད་ཉམས་ཞིབ་བྱ་རྒྱུ་ཡིན། རིགས་ལམ་གཅིག་གམ། ལྟ་གྲུབ་གཅིག་ཁོ་ན་ལ་བརྟེན་པ་མ་ཡིན་པར་རྟེན་འབྲེལ་གྱི་བསམ་བློའི་སྒྲོམ་གཞི་དང་ཐབས་ལམ་ཞིག་བརྒྱུད་ནས་ཞིབ་འཇུག་དང་སློབ་ཁྲིད་སྦྲགས་མར་བྱ་རྩིས་ཡོད། ཉམས་ཞིབ་བྱེད་ཀྱིན་བྱེད་ཀྱིན་ཡང་བསམ་བློ་དང་ཐབས་ཤེས་མང་པོ་ཞིག་རྙེད་ཡོང་སྲིད་པས་ད་ལྟ་འདི་དང་དེ་ཡིན་ཞེས་གཅིག་རང་གཅིག་བཤད་རྒྱུ་མེད།
   བླ་མ་སྐྱབས་མཆོག་ནས་ད་དུང་ཁ་གསབ་གནང་པར། གཙོ་བོ་བོད་མི་དང་བོད་ཀྱི་རིག་གཞུང་སྙན་ངག་གིས་བརླབས་ཡོད་པ་དེ་སྟོན་ཐུབ་པའི་ཐབས་ཤེས་དང་བློ་རིག་ཅིག་ཉམས་ཞིབ་ཀྱི་འཇུག་ལམ་འདིའི་འགྲུལ་བཞུད་ཁྲོད་འཚོལ་འདོད་ཡོད། བོད་ཀྱི་ངག་ཐོག་རྩོམ་རིག་ནི་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། སྤྱི་ཚོགས་སོགས་ཀྱི་ཟུར་དང་ངོས། ཕྱོགས་དང་ཆ་ཤས་འཆར་ཐུབ་བའི་སྙན་ངག་གིས་བྲན་པའི་མེ་ལོང་ཞིག་ཡིན་ཙང་དེ་ལ་དམིགས་འདོད་བྱུང་།
   དབུ་བརྙེས་ནས་ལོ་ངོ་དགུ་བརྒྱ་ལྷག་ཙམ་ཕྱིན་ཅིང་འཛམ་གླིང་ལ་སྐད་གྲགས་ཤིན་ཏུ་ཆེ་བའི་ཨོཁེསེཧྥོར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོ་ནི་སློབ་སྦྱོང་དང་ཉམས་ཞིབ། གསར་གཏོད་བཅས་ཀྱི་བསྟི་གནས་འགངས་ཆེན་ཞིག་སྟེ། དབྱིན་ཇའི་དུས་བབ་ཚགས་པར་The Times**ཞེས་པས་༢༠༡༡ལོ་ལ་བརྟག་དཔྱད་བྱས་པ་ལྟར་ན། སློབ་གྲྭ་དེ་ནི་དབྱིན་ཡུལ་གྱི་སློབ་གྲྭ་ཡག་ཤོས་ཨང་དང་པོ་དང་འཛམ་གླིང་གི་ཨང་གསུམ་པ་ཡིན་འདུག་ལ། མདའ་ཚན་པ་བླ་མ་སྐྱབས་མཆོག་ནི་སློབ་ཆེན་འདིའི་རྩོམ་རིག་འབུམ་རམས་པ་ཐོན་པའི་བོད་པ་ཐོག་མ་དེ་ཡང་ཡིན་པས།     མཐུན་རྐྱེན་འདི་རིགས་ནི་ཉམས་ཞིབ་ཀྱི་ལས་གཞི་འདི་བཀྲ་ཤིས་བརྩེག་མའི་ལམ་ལ་འགྲོ་བའི་སྔ་ལྟས་འདྲ་ཞིག་ཆགས་འདུག
མཆན་།
 *牛津大学
**泰晤士报

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་ངག་ཐོག་རྩོམ་རིག་ཐད་ཀྱི་ཉམས་ཞིབ་ལས་གཞི་གལ་ཆེན་ཞིག་དབྱིན་ཡུལ་དུ།

2013-07-13 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།