གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱང་སྒྲ་སྙན་གྱི་རྩོམ་བཏུས་འགྲེམས་སྤེལ་ཚོགས་འདུ་རེབ་གོང་དུ་བསྡུས་པ།

2013-07-12 12:03:00 ཚེ་རིང་འབུམ། ཀློག་གྲངས། མཆན ཡོད།
 དགེ་འདུན་ཆོས་འཕེལ་དྲ་བའི་གཙོ་སྒྲུབ་བྱས་པའི་མི་རབས་གསུམ་པའི་སྙན་ངག་པ་བྱང་སྒྲ་སྙན་གྱི་རྩོམ་བཏུས་༼བྱང་ཐང་སྨུག་པ་ཁེར་རྒྱུག༽ཅེས་པའི་འགྲེམས་སྤེལ་ཚོགས་འདུ་སྤྱི་ཟླ་༦པའི་ཚེས་༣༠ཉིན་མཚོ་སྔོན་རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་བརྡལ་དུ་གནས་པའི་རེབ་གོང་ཤེས་རིག་གླིང་དུ་བསྡུས། འདུ་ཚོགས་ལ་སྙན་ངག་པ་གུ་རུ་དོན་གྲུབ་དང་མར་ཁུ་རྒྱལ་མཚན་སོགས་མི་རབས་གསུམ་པའི་ཚོགས་མི་རྣམས་དང་། རོང་བོ་དགེ་འདུན་ལྷུན་གྲུབ་དང་ཁྱུང་བཟང་། མོག་ཟླ། འཇམ་ཕྲུག་བླ་མ་ཚེ་རིང་། དཔལ་བེའུ་སོགས་རྩོམ་པ་པོ་དང་སྙན་ངག་པ། ཆེད་མཁས་པ་སོགས་མི་སྣ་ཉི་ཤུ་ལྷག་ཞུགས་པ་དང་། རྩོམ་པ་པོ་བྱང་སྒྲ་སྙན་གྱི་རྩོམ་བཏུས་དང་སྦྲེལ་བོད་ཀྱི་རྩོམ་རིག་གསར་བའི་ལམ་ཕྱོགས་དང་དམིགས་སྒོ། གསར་རྙིང་གི་འགལ་འབྲེལ་སོགས་ལ་བགྲོ་གླེང་བྱས་ཡོད་པ་རེད།
 
   ༼བྱང་ཐང་སྨུག་པ་ཁེར་རྒྱུག༽ཅེས་པའི་རྩོམ་བཏུས་དེབ་དེ་ནི་རྩོམ་པ་པོ་བྱང་སྒྲ་སྙན་ལགས་ཀྱིས་རྒྱ་ཡིག་གི་སྙན་དེབ་༼རྔམ་མཐུག་གི་སེམས་སྒྲ༽ཞེས་པ་པར་བའི་རྗེས་ཀྱི་བོད་ཡིག་གི་རྩོམ་དེབ་ཐོག་མ་ཡིན་ཞིང་། ལོ་ངོ་ཉི་ཤུ་ཡས་མས་རིང་ལ་གསར་རྩོམ་གྱི་རྒྱུན་བསྐྱངས་པའི་བརྩམས་ཆོས་དག་ལས་ལག་སོན་བྱུང་བ(རྩོམ་པ་པོ་འདི་བས་ཚོགས་ཐོག་ཏུ་རང་གི་རྩ་དོན་ལ་གསར་རྩོམ་གྱི་འབྲས་བུ་དེ་དུས་དེ་ག་རང་ལ་སྐྱེད་མ་ཐོན་དུས་ཕངས་མེད་བརླག་པར་བརྗོད་པ་དང་། རྩོམ་ཡིག་ཅེས་པ་དུས་དེབ་སོགས་སུ་བསྐུར་ཏེ་རང་གི་པིར་མིང་ཙམ་དངོམ་རྒྱུ་ཞིག་མིན་པ་དང་། ཐ་ན་རྩོམ་བཏུས་སུ་བཀོད་པའི་རྩོམ་ཡིག་རྣམས་ནི་ལག་སྣེར་བྱུང་བ་ཁོ་ན་ཙམ་དུ་བཤད་དོ། ། )དག་བཏུས་སྒྲིག་བྱས་ཡོད་པ་རེད།།
  གཞན་ཡང་ཚོགས་ཐོག་ཏུ་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་དང་མར་ཁུ་རྒྱལ་མཚན་སོགས་ཀྱིས་བོད་རྩོམ་སྐོར་ལ་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནང་བ་དང་སྙན་ངག་གྱེར་འདོན་སོགས་བྱས་ཡོད་དོ། །
ཞིབ་ཏུ་དྲ་གནས
http://www.gdqpzhx.com/bo/html/school/201307022379.html
http://www.gdqpzhx.com/bo/html/photo/201307022395.html
http://www.ranggrol.com/news/tibet/2013-07-02/488.htmlརུ་གསལ།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།