གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼པྲ་དྲ༽ཞེས་པའི་གློག་བརྙན་གྱི་དྲ་བ་གསར་བ་ཞིག་ཤར་གཏོང་བྱས་འདུག

2013-05-29 16:59:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

  ༄༅།།བརྙན་ཞེན་པ་ལྷན་རྒྱས། 

དེ་ཡང་ཇི་སྐད་དུ།༼མ་དར་བ་རྣམས་སུ་དར་བར་བྱེད་ཅིང་། དར་བ་རྣམས་སུ་དག་ཅིང་འཕེལ་བ་དང་། ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག༽ཅེས་གསུངས་པ་ནང་བཞིན་དུ། དེང་གི་ཆ་འདིར་བོད་ཡུལ་ལུང་པ་སོ་སོ་རུ་གློག་བརྙན་དང་འབྲེལ་བའི་སྣང་ཚུལ་མང་དག་ཅིག་འབྱུང་གིན་པ་ལ། སྣང་ཚུལ་འདི་དག་དྲིལ་བ་དང་བསྡོམས་པ། གསེད་པ་སོགས་ཀྱི་ཆ་ནས་སྟོང་བར་གྱུར་ཅིང་། ཀུན་གྱི་བློ་ཁ་འདི་སར་ལིང་གིས་ཕྱོགས་ཡོད་ན་ཡང་རིག་གནས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་འདི་དག་ལ་བདག་པོ་བརྒྱབ་སྟེ། བོད་སྐད་བོད་ཡིག་གི་སྟེང་ནས་སྨྲ་བརྗོད་ཀྱི་སྡིངས་ཆ་བསྐྲུན་པ་མེད་པས། ངེད་བརྙན་ཞེན་པ་ཁ་ཤས་ཀྱིས་ཀུན་སློང་འདི་འདྲ་ཞིག་གཞིར་བཅས། ས་ག་ཟླ་བའི་ཉི་བཟང་སྐར་བཟང་གི དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་འདི་ལ་པྲ་དྲ་ཞེས་པའི་བོད་སྐད་གློག་བརྙན་སྐོར་གྱི་དཔྱད་བརྗོད་དང་ངོ་སྤྲོད། སྣང་ཚུལ་དབྱེ་ཞིབ། མ་ཟད་བོད་སྐད་ཕྱི་ལོགས་ཀྱི་གློག་བརྙན་སྐོར་གྱི་ཆ་འཕྲིན་གང་འཚམ་བསྡུ་རུབ་བྱས་པའི་དྲ་བ་འདི་ཉིད་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་རྒྱུ་བྱུང་། དང་པོར«གློག་བརྙན»ལོ་དེབ་བཟོ་རྒྱུའི་འཆར་གཞི་ཡིན་པ་མ་ཟད་དེ་འབྲེལ་གྱི་རྩོམ་བརྡ་ཡང་བརྒྱབ་མྱོང་། ཡར་འདང་མར་འདང་མང་པོ་བརྒྱབ་རྗེས་བརྡ་འཕྲིན་དུས་རབས་འདིའི་གོམ་འགྲོས་དང་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱི་འཚོ་བ་རོལ་སྟངས་ལ་གའུ་ཁ་སྦུབ་ཏུ་སྦྱོར་ཕྱིར། དུས་དེབ་ནས་དྲ་བར་བསྒྱུར་ཅིང་། ད་ལྟ་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་ཡོད་པ་འདི་རེད། གློག་བརྙན་དང་འབྲེལ་ཚད་ཀྱི་དོན་གང་ཡིན་དྲ་བ་འདིར་དགོད་འཆར་ཡིན་པས། ཁྱེད་ལྟ་མཁན་ལྷན་རྒྱས་ནས་ཕྱག་རྩོམ་སྐྱིད་པོ་མང་པོ་བསྐུར་ཡོང་བའི་རེ་བ་ནི་ཤིན་ཏུ་ཆེ།
  དྲ་གནས། http://www.filmtbt.com
  རྩོམ་ཡིག་བསྐུར་ས། filmtbt@gmail.com 1020191634@qq.com 1349118815qq@.com

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།