གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼དྲོད་ཁོལ༽ཞེས་པའི་གློག་བརྙན་ཞིག་བཟོ་བཞིན་པ།

2013-05-26 00:10:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

 ཉེ་ལམ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ན་གཞོན་འཁྲབ་ཁྲིད་པ་ལྷ་མོ་དོན་གྲུབ་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ《དྲོད་ཁོལ》ཞེས་པ་དེ་མདོ་ལྷོ་གློག་བརྙན་འཕྲིན་རྒྱ་ཁྱབ་ཚད་ཡོད་ཀུང་སིས་ཕབ་བསྐྲུན་བྱས་ཏེ་ཡོངས་སུ་མཇུག་རྫོགས་ཡོད།
 
  སྤྱི་ལོ་2013ལོའི་ཟླ་5པའི་ཚེས་25ཉིན།བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་སྒྲོག་གསུམ་སྡེ་བར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ན་གཞོན་འཁྲབ་ཁྲིད་པ་ལྷ་མོ་དོན་གྲུབ་ཀྱི་སློབ་ཞོར་དུ་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་ཐོག་མ<<དྲོད་ཁོལ>>ཞེས་པ་དེ་མདོ་ལྷོ་གློག་བརྙན་འཕྲིན་རྒྱ་ཁྱབ་ཚད་ཡོད་ཀུང་སིས་ཕབ་བསྐྲུན་བྱས་ཏེ་རྒྱལ་ཁའི་ངང་མཇུག་རྫོགས།   
  གློག་བརྙན་འདིའི་ནང་དུ་སྙུང་གཞིའི་བཟུང་བའི་སློབ་ཆེན་སློབ་མ་ཞིག་གིས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དཀའ་སྡུག་གི་སྔུན་ནས་མགོ་བོ་མི་བསྒུར་ཞིང་མི་དང་མིའི་བར་གྱི་ཆེས་སྤྱིར་བཏང་དང་ལྷད་མེད་ཀྱི་བརྩེ་བས་ཚེ་སྲོག་ལ་དྲོད་ཁོལ་དང་སྟོབས་ཤུགས་སྦྱིན་ཐུབ་པའི་གཏམ་རྒྱུད་གསོན་པོ་ཞིག་ང་ཚོའི་མིག་ལམ་དུ་བསྟར་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།