གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨན་ལྗི་ལི་ནཱ•ལྗུ་ལེ(AngelinaJolie)ལ་ནུ་གཏུབ་གཤག་བཅོས་བྱས་ཡོད་འདུག

2013-05-21 02:19:00 གུ་རུ། ཀློག་གྲངས། མཆན ཡོད།

ཨ་རིའི་ཆུ་ཚོད་ཕྱི་ཟླ5པའི་ཚེས14ཉིན། ཉིག་ཡོག་དུས་བབ་ཏུ་འཁྲབ་སྟོན་པ་གྲགས་ཅན་ཨན་ལྗི་ལི་ནཱ•ལྗུ་ལེ་ཡིས་སྒེར་ངོས་ནས་བྲིས་པའི་འཕྲིན་ཡིག་ཅིག་བཀོད་འདུག་ལ། དེའི་ནང་དུ་མོ་རང་གིས་ནུ་སྐྲན་ལ་སྔོན་འགོག་བྱ་ཆེད་ནུ་གཏུབ་སྨན་བཅོས་བྱས་ཡོད་ཚུལ་བསྒྲགས་འདུག འཕྲིན་ཡིག་འདི་ཁྱབ་བསྒྲགས་བྱས་མ་ཐག གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཏེ་གླེང་མོལ་མང་དུ་བྱས་འདུག
 
  ཟླ་ཁ་ཤས་སྔོན་ལ་ནད་དཔྱད་བྱས་དུས། མོ་རང་ལ་ནུ་སྐྲན་འབྱུང་ཉེན་ཆེ་ཞིང་། ཉེན་ཁ་འབྱུང་ཚད87%ཟིན་ཡོད་འདུག ནད་བབ་འདི་ཤེས་རྟོགས་བྱུང་མ་ཐག མོས་ནད་གསོ་བྱ་བའི་སེམས་ཐག་བཅད་དེ་ཕྱི་ཟླ་གཉིས་པའི་ཚེས་གཉིས་ནས་སྨན་བཅོས་བྱ་བའི་མགོ་བཙུགས་ཏེ། ཕྱི་ཟླ4པའི་ཚེས27ཉིན་སྨན་བཅོས་ཡོངས་སུ་བྱས་ཚར་འདུག མིག་སྔའི་ནད་དཔྱད་ཀྱི་འབྲས་བུར་གཞིགས་ན། ཉེན་ཁ་འབྱུང་ཚད་དེ87%ནས5%ལ་བབས་འདུག་ལ། ནད་བབ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་འདུག ཡིན་ནའང་ནུ་སྐྲན་རྩ་ནས་སྔོན་འགོག་བྱ་ཐུབ་པ་མ་ཡིན་ལ། ད་དུང5%ཙམ་གྱི་ཉེན་ཁ་ཡོད་པས་ད་དུང་མུ་མཐུད་དུ་སྨན་བཅོས་བྱ་དགོས་པར་བཤད། ནད་འདི་མོ་རང་གི་རིགས་རྒྱུན་ལའང་འབྲེལ་བ་ཡོད་སྲིད་དེ། མོའི་ཨ་མ་ལ་ནུ་སྐྲན་བྱུང་ནས་དགུང་ལོ56ཐོག་ཚེ་ལས་འདས་ཡོད་འདུག
  རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པས་སྡོམ་རྩིས་བྱས་པ་ལྟར་ན། ལོ་རེར་ཁྱོན་མི458000ལྷག་ནུ་སྐྲན་བྱུང་སྟེ་ཚེ་ལས་འདས་ཀྱིན་ཡོད་པ་དང་། དེའི་ནང་གི་མི་འབོར་མང་གྲས་ཤིག་ལ་མ་གཞི་ནས་སྨན་བཅོས་བྱ་ནུས་མོད། མི་སྒེར་དང་ཁྱིམ་ཚང་གི་མཚན་སྙན་ལ་དོགས་ཏེ་ནུ་གཏུབ་སྨན་བཅོས་བྱ་མ་ནུས་པས་ཡིན་འདུག ཨན་ལྗི་ལི་ན་•ལྗུ་ལེ་ཡིས་སྦ་གསང་གང་ཡང་མེད་པར་རང་གི་ཉམས་མྱོང་ཕྱི་ལ་བསྒྲགས་དོན་ཡང་གནས་ཚུལ་འདི་ལ་དམིགས་གཏད་པ་ཡིན་འདུག་སྟེ། ནད་ཡམས་འདི་རིགས་ཀྱིས་མནར་གྱིན་པའི་བུད་མེད་མང་པོ་ལ་སྨན་བཅོས་བྱ་བའི་སྐུལ་མ་བཏང་ཡོད། འདིའི་སྐོར་མོའི་འཕྲིན་ཡིག་ཏུའང་གསལ་པོར་བཀོད་འདུག མོ་རང་གི་སྙིང་སྟོབས་འདི་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ལ། མོ་ནི་མིང་དོན་གཉིས་མཚུངས་ཀྱི་མཛངས་མ་ཞིག་རེད་ཅེས་བསྔགས་ཀྱིན་འདུག 


རྩོམ་ཁུངས། བོད་བརྙན་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།