གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིན་མོ“བུད་མེད་དང་བྱིས་པའི་ཞབས་འདེགས་ཚོགས་པས”མཚོ་སྔོན་རྐང་ཚ་ནས་བྱེད་སྒོ་སྤེལ་བ།

2013-05-09 17:53:00 ཚེ་གཟུངས་སྐྱིད། ཀློག་གྲངས། མཆན ཡོད།

  སྤྱི་ཟླ་བཞི་བའི་ཚེས་ཉེར་བདུན་ནས་ཉེར་བརྒྱད་བར་ངེད་ཚོགས་པས་མཚོ་སྔོན་རྐང་ཚའི་ཡུལ་ཚོ་གསུམ་དུ་སྡོམ་པས་སྐྱེས་ཕོ་མོ་སུམ་བརྒྱ་ལྷག་ལ་དུས་རྒྱུན་འཚོ་བའི་ཁྲོད་འགོས་སླ་བའི་རིམས་ནད་ལ་ཇི་ལྟར་མཉམ་འཇོག་དང་གཙང་སྤྲ་བྱེད་ཚུལ་དང༌། ལྷག་པར་ཨེ་ཙི་སོགས་ཉེན་ཁ་ཆེ་བའི་མཚན་མའི་རིམས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་རིམས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་བཅས་ཕྱོགས་འགའ་ནས་འཕྲོད་བསྟེན་ཤེས་བྱ་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར5774ཙམ་གྱི་སྨན་བྱིན་པ་ཡིན།
  ཐེངས་འདིའི་བྱེད་སྒོར་ཐོད་རྒལ་གྱི་རྣམ་པ་ཞིག་ཡོད་པ་ནི། གཙོ་བོ་སྐྱེས་པ་ཚོ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཨེ་ཛིའི་ཉེན་ཁ་སོགས་མཚན་མའི་རིམས་ནད་ཀྱི་ཤེས་བྱ་སྣ་ཚོགས་བསྒྲགས་པ་མ་ཟད། སྨད་པས་གནས་དེར་བསླེབས་པའི་ནད་པའི་ནད་རྟགས་ལ་དཔྱད་ཅིང་དེ་དང་མཐུན་པའི་སྨན་སྦྱིན་བཏང༌།

འདི་ནི་སྨན་པས་སྐྱེས་པ་ཚོར་འཕྲོད་བསྟེན་ཤེས་བྱ་སྒྲོག་པའི་སྒང་ཡིན།
 ཐེངས་འདིའི་མ་དངུལ་རྐང་ཚ་རྫོང་བོད་སྨན་ཁང་གི་སྨན་པ་གནམ་ཐར་རྒྱལ་ལགས་ཀྱིས་བཏང་བ་ཡིན་ལ། བྱེད་སྒོ་སྤེལ་བར་རྐང་ཚ་རྫོང་བུད་མེད་ལྷན་ཚོགས་ཀྱི་འགོ་གཙོ་འཕགས་མོ་སྐྱིད་ལགས་གཙོ་བྱས་ཡུལ་ཚོ་སོ་སོའི་དཔོན་པོ་དང་ལས་བྱེད་པ་ཚོའི་རྒྱབ་སྐྱོར་ཆེན་པོ་ཐོབ་པས་བྱེད་སྒོ་བདེ་ལེགས་ངང་འགྲུབ་ཡོད།
 
འདི་ནི་སྨན་པ་གནམ་ཐར་རྒྱལ་ལགས་ཀྱིས་ནད་པར་ལྟ་བའི་སྒང་ཡིན།
 
 འདི་ནི་སྨན་སྦྱིན་གཏོང་བའི་སྒང་ཡིན།
 
འདི་ནི་ཨེ་ཛི་སོགས་འགོས་ནད་ཀྱི་རྒྱུན་ཤེས་ལག་དེབ་སྦྱིན་པའི་སྒང་ཡིན།
ཐེངས་འདིའི་བྱེད་སྒོ་དཔལ་མོ་དང༌། གཡང་མོ་ཚེ་རིང༌། ཚེ་གཟུངས་སྐྱིད་བཅས་ཀྱིས་སྤེལ་བ་ཡིན།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།