གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེམ་ཆེན་རྫོང་གི་ས་གནས་ལོ་རྒྱུས་ཀྱི་དཔེ་དེབ་དེ་འགྲེམས་སྤེལ་བྱེད་པར་གྲ་སྒྲིག་ བྱེད་བཞིན་པ།

2013-04-16 14:12:00 གསར་འགོད་པ། བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།




མི་འགྱངས་པར་པར་ཏུ་བསྐྲུན་རྩིས་ཡོད་པའི་ཐེམ་ཆེན་རྫོང་གི་ས་གནས་ལོ་རྒྱུས་ཀྱི་དཔེ་དེབ།

ས་གནས་ལོ་རྒྱུས་ཀྱི་རྩོམ་པ་པོའམ་ཆེད་མཁས་པ་རྒན་བསམ་ཚེ་ལགས།
  ཐེམ་ཆེན་རྫོང་ནི་མཚོ་ངོས་ལས་རྨིད་སུམ་སྟོང་ལྷག་ཡོད་པའི་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་མགོ་ ཁུངས་སུ་ཆགས་ཡོད་ལ།རང་ཞིང་གི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཁག་གྲས་ཀྱི་གཅིག་ཡིན།ཐེམ་ཆེན་རྫོང་གི་ས་གནས་ལོ་རྒྱུས་མཚོན་པའི་དཔེ་དེབ་ཐོག་མ་དེ་སྤྱི་ལོ་1985ལོར་པར་ཏུ་   བཏབ་ཅིང་།  དེའི་ནང་དུ་སྤྱི་ལོ་1954ནས་1985ལོའི་བར་གྱི་ཐེམ་ཆེན་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས་བྲིས་ཡོད་པ་དང་། 1985ནས་2010ལོའི་བར་གྱི་ལོ་ངོ་ཉེར་ལྔའི་རིང་གི་ཐེམ་ཆེན་རྫོང་གི་ས་གནས་ལོ་རྒྱུས་མཚོན་པའི་དཔེ་དེབ་དེ།མཚོ་ནུབ་ཁུལ་གྱི་ཆེད་མཁས་པ་རྒན་བསམ་ཚེ་ལགས་ཀྱིས་ལོ་ངོ་བདུན་ལྷག་གི་རིང་ལ་བྲིས་ཏེ། ད་ལྟ་འགྲེམས་སྤེལ་བྱེད་ པར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། དཔེ་དེབ་འདིར་ཡིག་གྲངས་ཁྲི་160དང་། ས་གནས་ཀྱི་འདྲ་པར་ཉིས་བརྒྱ།དཔེ་རིས་བརྒྱད་ཅུ།ཚན་པ་ཆེན་པོ་དགུ་དང་ཚན་ཆུང་བདུན་ཅུ་དོན་གཉིས།   ལེའུ་ཆུང་བ་བཞི་བརྒྱ་དང་གསུམ་གྱིས་གྲུབ་ཡོད་ལ།  དེ་ལས་ཚན་པ་ཆེན་པོ་དགུ་ནི་ཐེམ་ཆེན་རྫོང་གི་ས་རྒྱུས་དང་། རྨང་གཞིའི་སྒྲིག་ཆས། དཔལ་འབྱོར། དཔལ་འབྱོར་དོ་དམ། སྲིད་དོན།  ཆབ་སྲིད།  མང་ཚོགས་ཚོགས་པ།  སྲིད་ཁྲིམས་དམག་དོན། སྤྱི་ཚོགས་ལས་དོན་བཅས་ཡིན་ལ།ས་གནས་ལོ་རྒྱུས་མཚོན་པའི་དཔེ་དེབ་འདིར་ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་སྤྱི་ལོ་2010ལོར་ཐེངས་དང་པོར་ཞིབ་གཤེར་བྱས་ཤིང་།མི་འགྱངས་པར་།ལོ་རྒྱུས་ཆེད་མཁས་པ་གྲགས་ཅན་དང་ས་གནས་ཆེད་མཁས་པ་སོགས་གདན་ཞུ་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཞིབ་བཤེར་ཐེངས་གཉིས་པ་བྱེད་རྩིས་ཡོད་ལ།  ཆེས་མཐའ་མའི་ཞིབ་བཤེར་ལེགས་འགྲུབ་བྱུང་རྗེས་དངོས་སུ་དཔར་བསྐྲུན་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དང་། འདི་ནི་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ས་ཁུལ་སོ་སོ་ནས་ཐེངས་གཉིས་པའི་ས་གནས་ལོ་རྒྱུས་འགྲེམས་སྤེལ་བྱས་པ་ལས་ཆེས་ཐོག་མའི་དཔེ་དེབ་དེ་ཡིན་ནོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།