༼རྨི་ལམ་༽ ཞེས་པའི་གློག་བརྙན་འགྲེམས་སྤེལ་བྱེད་ལ་ཉེ།

  ༼རྨི་ལམ༽་ཞེས་པའི་གློག་བརྙན་འདིའི་ཁྲོད་དུ་བོད་རིགས་སློབ་ཆེན་པ་ཀུན་དགའ་སློབ་ཆེན་ནས་མཐར་ཕྱིན་རྗེས་གཞུང་གི་བྱ་བ་མ་ལས་པར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རང་གི་ཕུགས་བསམ་སྙེག་འདོད་པའི་ན་གཞོན་ཞིག་གི་སྟོང་བསམ་གྱི་རྨི་ལམ་དེ་བརྗོད་སྙིང་དུ་བཟུང་ཡོད་ལ། དུས་ཚོད་ཀྱི་རྐྱེན་པས་བརྙན་ཐུང་འདིའི་མགོ་འཛུགས་ས་ཀུན་དགའ་སློབ་ཆེན་ནས་མཐར་ཕྱིན་མ་ཐག་མ་ཡིན་པར་ཁོས་ཚོང་ལས་ཁ་ཤས་གཉེར་ནས་ལེགས་འགྲུབ་མ་བྱུང་བར་ད་ལྟ་ཡང་ཡུལ་མི་ཚོ་དང་མཉམ་དུ་གྲོས་བྱས་ནས་ཡང་བསྐྱར་གྲོགས་པོ་ཁ་ཤས་དང་ལྷན་དུ་དེང་རབས་ཀྱི་ཆ་དང་ལྡན་པའི་ལས་གཞི་ཞིག་སྟེ་གློག་བརྙན་ཕབ་ལེན་དང་སྐད་སྦྱོར་སོགས་བྱེད་སའི་ལས་སྒྲུབ་ཁང་ཞིག་བསྒྲུབ་རྩིས་ཡོད་པ་དེ་ཡིན།  ཀུན་དགའ་ཕ་ཡུལ་ནས་གྲོང་ཁྱེར་དུ་འགྲོ་ཁར་ཁོའི་ཨ་ཕས་རྨི་ལམ་གྱི་ལམ་ནས་རང་གི་བུའི་མ་འོངས་པའི་བདེ་སྡུག་ལེགས་ཉེས་ལ་དོགས་པ་ཅུང་ཙམ་སྐྱེས་ཡོད་ན་ཡང་། སྲོལ་རྒྱུན་གྱི་གོམས་སྲོལ་ཡལ་བར་འདོར་བཞིན་པའི་བོད་ཀྱི་གྲོང་ཚོ་ཆུང་ཆུང་འདིར་འཚོ་བ་རོལ་བཞིན་པའི་ཀུན་དགའི་ཨ་ཕས་ཀྱང་རང་གི་རྨི་ལམ་གྱི་མཚོན་དོན་དེ་དེང་རབས་ཀྱི་སློབ་ཆེན་འགྲིམས་མྱོང་བའི་བུ་ཀུན་དགའི་མདུན་ནས་གླེང་མ་ཕོད་པར་ལུས། འདི་ནི་དེང་རབས་ཀྱི་ཁྲོད་ན་སྲོལ་རྒྱུན་ཉམས་ཞེན་དུ་འགྲོ་བཞིན་པའི་རྟགས་མཚན་ཞིག་ཀྱང་ཡིན་ངེས།  མཇུག་མཐར་ཀུན་དགར་ཡང་བསྐྱར་ཚོང་ལས་ཀྱི་སྟེང་ནས་ཕམ་ཉེས་བྱུང་མོད།  ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་དེ་འཁྲབ་འཁྲབ་གཞུང་རྩོམ་མཁན་གྱིས་གསལ་ཐག་ཆོད་པའི་སྒོ་ནས་མ་གླེང་བར་ལྟ་མཁན་རྣམས་ལ་དྲི་ཚིག་ལྟ་བུ་ཞིག་ཏུ་བཞག་ཡོད། ལྟ་མཁན་མང་བོ་ཞིག་གིས་ཀུན་དགའ་དང་ཁོའི་མཛའ་མོ་གཡང་འཛོམས་གཉིས་ཀྱི་བར་ལ་བརྩེ་དུང་གི་འགལ་རྐྱེན་ཞིག་ཡོང་པའི་འོལ་ཚོད་བྱ་སྲིད་མོད།  འོན་ཀྱང་རྩོམ་མཁན་གྱིས་གློག་བརྙན་གྱི་དོན་རྐྱེན་གཙོ་བོ་དེ་ཕོ་མོའི་བརྩེ་དུང་ཙམ་གྱི་སྟེང་དུ་མ་བཞག་པར་ཀུན་དགའ་ཕ་ཡུལ་དུ་ལོག་པ་དེ་ལ་མཐོང་ཆེན་ལྟ་བུ་ཞིག་ཀྱང་བྱས་ཡོད་པའི་ཚོར་བ་སྟེར་ངེས་ཡིན།  གང་ལྟར་གློག་བརྙན་འགོ་བརྩམས་མ་ཐག་ཨ་ཕས་བཤད་མ་ཕོད་པའི་རྨི་ལམ་དེ་བུ་ཀུན་དགས་ཇི་མ་ཇི་བཞིན་དུ་ཡང་བསྐྱར་རྨིས་པ་དེས་ཀུན་དགའ་ཕ་ཡུལ་དུ་ལོག་པའི་སྒུལ་ཤུགས་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། གཡང་འཛོམས་ཀྱིས་མཇུག་མཐར་བཤད་པའི་སྐད་ཆ་དེས་ཀུན་དགའ་ལ་འཆར་གཞི་གཞན་ཞིག་ཡོད་པའི་དོགས་པ་ཡང་སྐྱེ་རུ་འཇུག་སྲིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།