གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་དུ༼གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ༽སླར་ཡང་སྤེལ་བ།

2013-03-27 11:38:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

 
  ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མ་ཚོགས་པའི་དཔེ་ཀློག་ཚན་ཁག་གིས་སློབ་སྐབས་འདིར་སླར་ཡང་གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ་ཅེས་པ་དེ་དུས་ལྟར་དུ་སྤེལ་གྱིན་གདའ།
  བོད་ཀྱི་སྐད་རིག་གནས་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་མཇུག་རྫོགས་མ་ཐག་ལྷག་བསམ་དང་སྤོབས་པའི་ཁེངས་པའི་བུ་མོ་འགའ་ཞིག་གིས་༢༠༡༢ལོའི་ཟླ་༣པའི་ཚེས་༢༤ཉིན་ཡང་བསྐྱར་གཟའ་ཉི་མའི༼དཔེ་ཀློག་གི་བྱེད་སྒོ༽དེ་དཔྱིད་དཔལ་གྱི་མེ་ཏོག་གི་དྲི་བསུང་དང་ལྷན་དུ་སྤེལ་ལ།ཁོ་མོ་ཚོས་དཔེ་ཆ་ལྟ་ཀློག་དང་བསམ་བློ་བརྗེ་རེས།   དཔེ་དེབ་མངག་ཉོ།དཔེ་ཆ་གཡོར་བ་བཅས་ཀྱི་བྱེད་སྒོའི་རྩ་དོན་གཞིར་བཟུང་ཐོག་དགེ་སློབ་ཚོའི་འདུན་པ་དང་དགོས་མཁོར་དམིགས་ཏེ་བྱེད་སྒོ་སྤེལ།
   བུ་མོས་ཚོས་དཀའ་བ་ཁྱད་བསལ་དང་ངལ་བ་དང་དུ་བླངས་ནས་དཔེ་ཚོང་ཁང་སྐོར་ཞིག་ནས་དཔེ་ཆ་བཞི་བརྒྱ་ལྷག་ཉོས་ཏེ་སློབ་རའི་ནང་དུ་བཀྲམས་ཤིང་དཔེ་ཀློག་ལ་མོས་པའི་དགེ་སློབ་ཡོངས་ལ་ལྟ་ཀློག་དང་ཉོ་རུ་བཅུག་པས་དགེ་སློབ་ཚོའི་དགའ་བསུ་ཐོབ། བྱེད་སྒོ་འདིར་མི་འདང་ས་འགའ་ཤས་ཡོད་མོད།དགེ་སློབ་ཚོས་མཛུབ་སྟོན་དང་རྒྱབ་སྐྱོར་ལས་བུ་མོ་ཚོར་་ཡིད་ཆེས་དང་སྤོབས་པ་ཆེན་པོས་རྗེས་ཕྱོགས་སུ་བྱེད་སྒོ་འདི་འཐུས་ཚང་དང་མུ་མཐུད་དུ་སྤེལ་བའི་འཆར་གཞི་ཡོད་དོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།