ལོ་སར་གྱི་ལེགས་སྐྱེས་སུ་<<གཟི་མིག་དཔེ་ཚོགས>>དཔེ་སྐྲུན་དང་འགྲེམ་སྤེལ་བྱས་

བསོད་ནམས་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-04

 བོད་ཆུ་མོ་སྦྲུལ་ལོའི་ལོ་སར་ཐོན་ལ་ཉེ་དུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་<<གཟི་མིག་དཔེ་ཚོགས>>ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཏེ། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ་བ་རེད། <<གཟི་མིག་དཔེ་ཚོགས>>ནི2011ལོའི་རྩོམ་རིག་བརྩམས་ཆོས་འདམ་སྒྲུག་བྱས་པའི་དཔེ་ཚོགས་ཤིག་སྟེ། <<2011ལོའི་སྒྲུང་གཏམ>>དང<<2011ལོའི་སྙན་ངག>> <<2011ལོའི་ལྷུག་རྩོམ>> <<2011ལོའི་བསྒྱུར་རྩོམ>>  <<2011ལོའི་རྩོམ་རིག་དཔྱད་བརྗོད>>ཅེས་བསྡོམས་པས་དཔེ་ཆ་ལྔ་ཡིས་གྲུབ་བོ། །
  དུས་རབས་ཉེར་གཅིག་པའི་ཚུན་ལ། བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཏེ། རྩོམ་པ་པོ་རྒན་དར་གཞོན་གསུམ་གྱིས་གསར་རྩོམ་གྱི་རྒྱུན་ཆེས་ཆེར་བསྐྱངས་ཤིང་། གྲངས་དང་སྤུས་ཚད་གང་ཐད་ནས་བརྩམས་ཆོས་ཇེ་མང་ཇེ་ལེགས་སུ་འགྲོ་བཞིན་པའི་གནས་ཚུལ་ཉམས་དགའ་བ་བྱུང་། གསར་རྩོམ་གྱི་གྲུབ་འབྲས་འདིར་དུས་ལས་ཡོལ་བ་མེད་པར་སྤྱི་བསྡོམས་བྱས་ཏེ། ཀློག་པ་པོ་དག་གི་སྤྱན་སྔར་ཕུལ་བྱུང་བརྩམས་ཆོས་གང་ལེགས་གཅིག་བསྡུས་ཀྱི་ཚུལ་དུ་མཁོ་འདོན་བྱས་པ་བརྒྱུད། དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གི་རྨང་གཞིའི་འཛུགས་སྐྲུན་དང་རྩོམ་རིག་གསོག་ཉར་བྱ་བར་ཕན་འབྲས་ཏོག་ཙམ་བསྐྲུན་ཨེ་ཐུབ་ཀྱི་ཀུན་སློང་གིས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཕུལ་བྱུང་བརྩམས་ཆོས་འདམ་སྒྲུག་དང་པར་སྐྲུན་བྱས་པ་ཡིན།
  ལེགས་རྩོམ་འདམ་སྒྲུག་གི་དཔེ་ཚོགས་འདིའི་ནང་གི་རྩོམ་ཡོངས་ནི2011ལོའི་ནང་གི་པར་རྟགས་ངོ་མ་ཡོད་པའི་བོད་ཡིག་གི་རྩོམ་རིག་དུས་དེབ་དང་ཚགས་པར་ཡོད་ཚད་ལས་བདམས་པ་དང་། རྩོམ་གྱི་སྒྲིག་རིམ་བརྩམས་ཆོས་སྤེལ་བའི་དུས་ཀྱི་སྔ་ཕྱི་ལྟར་བཀོད་ཡོད། སྒྲིག་པ་པོས་རྩོམ་ཡིག་འདེམ་དུས་གང་ཐུབ་ཅི་ཐུབ་ཀྱིས་ལོ་རེའི་བརྩམས་ཆོས་མཐའ་དག་ལས་འཐུས་ཚབ་རང་བཞིན་གྱི་རྩོམ་ཡིག་སྟེ། གཙོ་བོ་རྩོམ་ལུས་མི་འདྲ་བ་ལས་བརྗོད་བྱ་མངོན་དོད་ཅན་དང་སྒྱུ་རྩལ་གྱི་མཚོན་སྟོབས་ཁྱད་པར་ཅན་དག་དམིགས་སུ་བཟུང་བའི་དུས་མཚུངས་སུ། རང་གཤིས་དང་བྱེད་ཐབས། རྣམ་པ། སྐད་ཆ་སོགས་སྣ་མང་ཅན་ལ་སྣང་འཇོག་བྱས་ཏེ། བརྩམས་ཆོས་ཀྱི་གསར་གཏོད་རིན་ཐང་ལ་མཐོང་ཆེན་བྱས་པར་མ་ཟད། རྒྱ་ཆེའི་ཀློག་པ་པོའི་ལྟ་ཀློག་གི་རེ་བ་ལའང་བསམ་བློ་བཏང་སྟེ། ངེས་པ་དོན་གྱིས་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་པའི་བརྩམས་ཆོས་དག་འདེམ་ཅི་ཐུབ་བྱས་ཡོད་པ་རེད།
 དཔེ་ཚོགས་འདིའི་འབྲེལ་ཡོད་རྩོམ་སྒྲིག་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ལེགས་རྩོམ་འདམ་སྒྲུག་གི་དཔེ་ཚོགས་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཐོག་དང་པོར་པར་སྐྲུན་བྱས་པ་ཞིག་ལགས་ཏེ། ཁོ་ཚོས་རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོའི་གདེང་འཇོག་བྱེད་པར་རེ་བ་ནན་མོ་བཅངས་ཡོད། གལ་ཏེ་ཁྱེད་རྣམ་པས་ཡར་སྐུལ་དང་བདེན་ཁ་ཐོབ་བྱུང་ན། དཔེ་སྐྲུན་ཁང་གིས་སྤོབས་པ་ཆེར་བསྐྱེད་ཀྱིས་ལོ་རེའི་ལེགས་རྩོམ་འདམ་སྒྲུག་གི་དཔེ་ཚོགས་འདི་མུ་ནས་མུ་རུ་རྒྱུན་སྐྱོང་བྱ་ངེས་པ་ཡིན་ཟེར།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་སར་གྱི་ལེགས་སྐྱེས་སུ་&lt;&lt;གཟི་མིག་དཔེ་ཚོགས&gt;&gt;དཔེ་སྐྲུན་དང་འགྲེམ་སྤེལ་བྱས་

2013-02-04 བསོད་ནམས་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།