ཁ་བ་ནག་པོའི་སྙན་དེབ༼སྡིག་པའི་མེ་ཏོག༽ཅེས་པ་འགྲེམ་སྤེལ་བྱས་པ།

 1 མཚམས་སྦྱོར་མདོར་བསྡུས།
ཁ་བ་ནག་པོའམ་ཀརྨ་བཀྲ་ཤིས་ཀྱི་ཕ་ཡུལ་ནི་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ཟུར་མང་སྡེ་བ་ནས་ཡིན་པ་རེད། སྔ་གཞུག་ནས་སྙན་ངག་མང་པོ་བྲིས་ཏེ་དུས་དེབ་དང་དྲྭ་ཐོག་ཏུ་བཀོད་ཡོད་ཅིང་། དེང་ཐོག་རང་མོས་སྙན་ངག་གཅེས་བཏུས་༼སྡིག་པའི་མེ་ཏོག་༽ཅེས་པ་རྒྱ་ཆེ་བའི་མི་དམངས་དག་གི་མིག་ལམ་འབུལ་རྒྱུ་བྱུང་ཡོད་པས།  དུས་ཚོད་རེ་བཙལ་ནས་ཞིབ་བལྟ་ཐེངས་གཅིག་བགྱིས་པར་ལགས།  ཁ་བ་ནག་པོའི་སྙན་ངག་ནི་མི་ཚེ་འཁྱོལ་ཐབས་དང་དུས་ཚོད་འགྲོ་ཅན་ཙམ་དུ་མ་ཡིན་པར་སྙན་གཞུང་ལ་འཇུག་པའི་འོག་ཚོར་བའི་སྐྱེན་པོའི་རྐྱེན་བྱས་ནས་འཁྲུངས་པ་ཞིག་ཡིན།    ཁོང་རང་གི་རང་མོས་སྙན་ངག་༼སྡིག་པའི་མེ་ཏོག་༽ཅེས་པ་ཐེངས་གཅིག་བཀླགས་པའི་གཞུག་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་སེམས་ལ་དགའ་སྐྱོའི་ཚོར་བ་ཞིག་སྟེར་ཐུབ་པར་སྙམ།  རྒྱུ་མཚན་གང་ལགས་ཟེར་ན་ང་ནི་ཁོང་རང་གི་སྙན་ངག་ལ་ཉེ་སར་བཅར་ནས་བལྟས་པ་དེས་ངེས་ཤེས་ཤིག་རྙེད་པ་དེའོ། །
  སྤྱིར་ད་ལྟ་དུས་རབས་ནས་སྙན་དེབ་ཕུད་མཁན་ནི་བགྲང་གི་མི་ལང་བ་ཞིག་ཡིན་པ་རེད།  དེའི་ནང་སྙན་ངག་(ཚིག་ལྷུག ཚིགས་བཅད། རང་མོས་སྙན་ངག་གསུམ་པོ།)ཕུན་སུམ་ཚོགས་པ་ཞིག་ལྡན་པ་ནི་ཉུང་ཉུང་ཙམ་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་ཡིན། ཁ་བ་ནག་པོའི་སྙན་ངག་ལྟ་བུ་ནི་ལྟ་རིན་ཡོད་པ་དང་གླེང་རིན་ཡོད་པའི་སྙན་ངག་ལ་སེམས་ཀྱིན་ཡོད། རྗེས་ནས་ཁྱེད་ཚོའི་ལག་ལ་འབྱོར་ཚར་དུས།  ཤེས་ཡོང་གི་རེད།

2སེམས་ཀྱིས་དབུས་ནས་འཁྲུངས་པའི་ལེགས་སྐྱེས་སྙན་ཚིག
ནག་ནོག་ཏུ་མ་གྱུར་བའི་སེམས་པའི་བར་གསེང་ཞིག་ནས
༼སྡིག་པའི་མེ་ཏོག་༽གི་མཛེས་ཆོས་དང་དེའི་ངོ་བོ་ལ་བསམ་བློ་ཞིབ་ཏུ་འཁོར་དུས
དྲི་མ་དང་ནག་ནོག་གིས་གཏན་ནས་མ་གོས་པའི་མེ་ཏོག་ཅིག་བཞད་སོང
མེ་ཏོག་དེ་འཇིག་རྟེན་དང་ཉེ་བའི་དགའ་སྐྱོའི་ཚོར་བ་ཞིག་ལ་སེམས
 
ཁྱེད་རང་དང་ཐག་རིང་ཐག་རིང་གི་ཡུལ་གྲུ་ཞིག་ནས
ངས་མེ་ཏོག་ཅིག་ཆུ་དྭངས་ས་དང་ས་གཙང་ས་ནས་དངོས་སུ་འབུས་སུ་བཅུག་ཡོད
འབུས་བཅུག་པའི་མེ་ཏོག་དེ་༼སྡིག་པའི་མེ་ཏོག་༽དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་སོང
 
ཁ་བ་དང་ལྷགས་རླུང་གི་གཡོགས་པའི་ཡུལ་གྲུ་ཆུང་ཆུང་ཞིག་ནས
རྩིས་འཕྲུལ་གྱི་སྒོ་མ་ཕྱེས་ཏེ་སྡིག་པའི་མེ་ཏོག་གི་ངོ་དོན་རགས་རིམ་ཙམ་བསེད་དུས
༼འདབ་ལོ་འཐོར་སྟངས་༽དང་༼ཆུ་འགྲམ་གྱི་མེ་ཏོག་༽དག་འབུས་ཚུལ་ཏག་ཏག་མངོན་སོང
 
ཁྱེད་ཀྱི་སྙན་ངག་ཀློག་གིན་ཀློག་གིན་སོང་ན་རང་ཤུགས་ཀྱིས་ཚོར་བ་ཞིག་སྐྱེ་ཡོང་གི
ཚོར་བ་དེ་༼སྨུག་སྤྲིན་དང་ས་སྲོད་ཀྱི་བར་ཐག་ནས་བརྒྱུས་པའི་ཐ་སྙད་གསོན་པོ་ཞིག་གོ
2012/12/12ཉིན་གྲོགས་དམ་པ་ཁ་བ་ནག་པོའི་སྙན་དེབ་སྡིག་པའི་མེ་ཏོག་ལ་རྟེན་འབྲེལ་ཞུ་ཡིག་ཟུར་མང་ནས་མཚན་མོར་བོད་བདུད་རྒྱལ་གྱིས་སྦྱར་བའོ། །
འགྲེམ་སྤེལ་བྱེད་སའི་ས་ཆ་ནི།  མདོ་སྨད་རེབ་གོང་།  མགོ་ལོག་རྭ་རྒྱ། གསེར་རྟ།   རྔ་བ།  ཡུལ་ཤུལ་སོགས་སུ་ཡིན་པས་དེ་ལུགས་ཀྱི་ཐུགས་འཇགས་འཚལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་ནག་པོའི་སྙན་དེབ༼སྡིག་པའི་མེ་ཏོག༽ཅེས་པ་འགྲེམ་སྤེལ་བྱས་པ།

2012-12-29 བོད་བདུད་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།