གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་མོ་རྒྱལ་ལམ་བླ་གཟིས་བརྩམས་པའི་སྒྲུང་རིང《ཕྱུར་བ》ཞེས་པ་པར་དུ་བསྐྲུན་པ།

2014-06-17 20:55:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉེ་ལམ། བོད་ཀྱི་རྩོམ་པ་པོ་མཁའ་མོ་རྒྱལ་ལམ་སྨྱུག་མིང་ལ་བླ་གཟིར་འབོད་པ་གང་དེས་བརྩམས་པའི་སྒྲུང་རིང<<ཕྱུར་བ>>ཞེས་པ་སི་ཁྲིན་ཏང་དེབ་ཚོགས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག
 
 
 
 
 
  རྩོམ་པ་པོའི་ཉེ་བའི་པར།
  བརྩམས་སྒྲུང་དེ་རུ་རྩྭ་ཐང་ནས་སྐྱེས་ཤིང་རྩྭ་ཐང་ནས་ནར་སོན་པའི་རི་མོ་བ་མཛེས་སེ་ཞེས་པའི་ཕྱི་སྡོད་བོད་མོ་ཞིག་མཚོ་སྔོན་དུ་བསླེབས་ཤིང་། བརྩེ་བའི་གྲོགས་ཀྱི་ཕ་ཡུལ་བྲག་དཀར་ཐང་དུ་སོང་བའི་ཟླ་ཕྱེད་རིང་གི་མཐོང་ཐོས་དྲན་རེག་གཞིར་བཟུང་ནས་། བོད་ཀྱི་སྐྱེས་མ་དག་གི་མི་ཚེ་དང་། རིན་ཐང་། ཀུན་སྤྱོད། བརྩེ་དུང་བཅས་ཀྱི་ཕྱོགས་ལ་བཟུང་བའི་ལྟ་ཚུལ་མངོན་པར་མཚོན་ཏེ། དུས་རབས་འཕེལ་འགྱུར་ཁྲོད་མི་རྣམས་ངེས་པར་བརྒྱུད་དགོས་པའི་རིག་གནས་དང་སྤྱི་ཚོགས། ཁོར་ཡུག མི་སེམས་བཅས་ཀྱི་འགལ་འདུ་མཚོན་ཡོད།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།