ཕོ་བྲང་དམར་པོ་ལས་སྒྲུབ་ཁང་གི་གསལ་བསྒྲགས།

བསོད་ནམས་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-06-09

༄༅།།རྒྱ་ཆེའི་རིགས་མཐུན་སྤུན་ཟླ་རྣམ་པ།
  ངེད་ཕོ་བྲང་དམར་པོ་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་པའི་ཚད་གསུམ་འགུལ་རིས་མཉེན་ཆས་Autodesk Mayaལ་འཇུག་པའི་སྒོ་ཞེས་བའི་དྲྭ་སྟེང་གི་སློབ་ཁྲིད་སྤྱི་ཟླ་བཅུ་བའི་ནང་དངོས་སུ་དྲྭ་གྲོགས་ཡོངས་ཀྱི་སྤྱན་སྔར་ཕུལ་བ་ཡིན།ཐེངས་འདིའི་སློབ་ཁྲིད་འགོ་བཙུགས་པ་ནས་བཟུང་ཕྱོགས་ཡོངས་ཀྱི་སྤུན་ཟླ་ཚོའི་རྒྱབ་སྐྱོར་འོག་ངེད་ལས་སྒྲུབ་ཁང་གི་བྱ་བཞག་ཐམས་ཅད་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པའི་སྒང་ཡིན་པས་ཕྱོགས་སོ་སོའི་སྤུན་ཟླ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། 
  Mayaཞེས་བྱ་བའི་མཉེན་ཆས་འདི་ནི་Autodeskཡི་ནང་ཚན་མཉེན་ཆས་ཞིག་ཡིན་པ་དང་། ཕྱི་ནང་རྒྱལ་ཁབ་ཀུན་ཏུ་བཀོལ་སྤྱོད་རྒྱ་ཆེར་བྱེད་པའི་འགུལ་རིས་སྒྲིག་བཟོ་བྱེད་པའི་མཉེན་ཆས་ནུས་ལྡན་ཞིག་ཡིན་པ་དང་ལྷག་པར་འཛམ་གླིང་གི་གློག་བརྙན་གྲགས་ཅན་གང་མང་མང་ཞིག་མཉེན་ཆས་འདི་ལ་བརྟེན་ནས་སྒྲིག་བཟོ་བྱས་པ་རེད། དཔེར་ན། གློག་བརྙན་གྲགས་ཅན་༼2012༽དང་༼སོར་གདུབ་རྒྱལ་བོ།༽༼ཧ་རོས་ཕོ་ཋུར།༽སོགས་ཀྱང་Mayaམཉེན་ཆས་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་རེད། དེའི་ཕྱིར་རང་རིགས་སྤུན་ཟླ་དག་ནས་ཀྱང་མཉེན་ཆས་འདིའི་རིགས་ལ་སྦྱོང་བ་བྱས་ནས་འགུལ་རིས་དང་གློག་བརྙན་འཕྲིན་སོགས་ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་ཅུང་ཙམ་ཐོབ་པར་རེ་བ་ཆེན་པོ་ཞུ་བཞིན་ཡོད།
  ཐེངས་འདིའི་Mayaལ་འཇུག་པའི་སྒོ་ཞེས་པའི་དྲྭ་སྟེང་གི་སློབ་ཁྲིད་འདི་རིན་མེད་ངང་འཆད་ཁྲིད་བྱེད་བཞིན་ཡོད་པ་དང་ལྷག་པར་དུ་པར་དབང་བདག་སྐྱོང་དང་འགྲེམ་སྤེལ།འགྲོ་སོང་སོགས་ཀྱི་ཐད་ནས་མགོ་ལོག་གཅིག་སྒྲིལ་རྫོང་སྦྲ་སར་དགོན་པའི་སྤྲུལ་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་རོགས་རམ་ཚད་མེད་གནང་ཡོད་པ་དང་། དགེ་རྒན་འཁོན་ཐར་རྒྱལ་ནས་དཀའ་ངལ་ལ་མ་འཛེམ་པར་སློབ་ཚན་དག་སྒྲ་ལེན་པ་དང་སྒྲིག་སྦྱོར།འཆད་ཁྲིད་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ།  
       ཕོ་བྲང་དམར་པོ་ལས་སྒྲུབ་ཁང་ནི་པར་སྐྲུན་པ་སྤྲུལ་ཚེ་རིང་བསམ་འགྲུབ་དང་འཆད་འཁྲིད་པ་བཙའ་ཆགས་པའི་ལྕེ།    རྒྱ་བོད་ཡིག་རིགས་ཀྱི་གསར་ཤོག་འབྲི་མཁན་དྲུང་ཡིག་བསོད་ནམས་ཚེ་བརྟན། དྲྭ་སྟེང་སྨྱན་མང་གི་ལག་རྩལ་ཐག་གཅོད་བྱེད་མཁན་ལག་རྩལ་པ་ཁྲག་ཐིགས་སོགས་ཀྱིས་གྲུབ་པའི་གཞན་ཕན་གྱི་ལས་གཞི་སྒྲུབ་པའི་ལས་སྒྲུབ་ཁང་ཞིག་ཡིན། མིག་སྔའི་འཆར་གཞི་ནི་དྲྭ་ཐོག་ནས་སློབ་ཁྲིད་སྤེལ་རྒྱུ་གཙོ་བོ་ཡིན་པ་དང་།ཁྲིད་བྱའི་ནང་དོན་ལ་Mayaཚད་གསུམ་འགུལ་རིས་མཉེནཆསདང་།Maxའགུལ་རིས་མཉེན་ཆས།nukeགློག་བརྙན་བསྡེབ་སྦྱོར་མཉེན་ཆས།    Realflowགཤེར་གཟུགས་བཟོ་ཆས།    Vueརི་ཆུ་གསར་བཟོ་མ་ལག    TPཁྱད་ནུས་བཟོ་སྐྲུན་ཕྲ་ཆས་སོགས་མུ་མཐུད་དུ་དྲྭ་སྟེང་ནས་རིན་མེད་དུ་བོད་སྐད་ལམ་ནས་སློབ་ཁྲིད་བྱེད་རྒྱུ་ཡིན།
 མཉེན་ཆས་འདི་དག་སློབ་མཐར་ཕྱིན་རྗེས་འཆར་གཞི་ཆུང་ཆུང་ཞིག་ཀྱང་ཡོད་པ་ནི།སྦྱོང་མཁན་ཚོའི་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་དུས་རིམ་བཞིན་ངེད་ལས་སྒྲུབ་ཁང་གིས་གནས་ཁྲིད་ནས་འགུལ་རིས་དང་གློག་བརྙན་འཕྲིན་ལ་སོགས་ལས་གཞིའི་རིགས་འདྲ་མིན་ལས་འགོ་རྩོམ་རྒྱུ་ཡིན་པས་རྣམ་པ་ཚོས་རྒྱབ་སྐྱོར་བྱེད་རྒྱུ་མཁྱེན།

QQགླེང་མོལ་ཚོགས་པ།    261793261

སྐད་འཕྲིན་གླེང་སྟེགས།   TB_VFX
པོད་ཕྲན། @藏语CG教程

                          ཕོ་བྲང་དམར་པོ་ལས་སྒྲུབ་ཁང་ནས།

                          སྤྱི་ལོ་༢༠༡༤ལོའི་ཟླ་༢པའི་ཚེ༢༤ཉིན།
                          QQ:99750071
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་བྲང་དམར་པོ་ལས་སྒྲུབ་ཁང་གི་གསལ་བསྒྲགས།

2014-06-09 བསོད་ནམས་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།