བོད་བརྙན་གྱི་ཚ་ལུ་མ་དྲ་བ་ཤར་གཏོང་བྱས་པ།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཕྱི་ཟླ༦པའི་ཚེས༢ཀྱི་དགོང་དྲོར།  བོད་བརྙན་ཚོགས་པས་དུས་ཡུན་ཟླ་ཁ་ཤས་རིང་གྲ་སྒྲིག་གང་ལེགས་བྱས་པའི་བོད་ཡིག་གི་ཚན་རིག་ཁྱབ་སྤེལ་དྲ་བ་ཐོག་མ་སྟེ་ཚ་ལུ་མ་དྲ་བ་ཤར་གཏོང་བྱས།  བོད་བརྙན་གྱི་ཆེད་ལས་དྲ་བ་གཉིས་པ་འདི་ནི་དེང་སྐབས་བོད་ཀྱི་དྲ་བ་དག་ཆིག་རྐྱང་ཅན་དུ་འགྲོ་བཞིན་པ་དང་སྤྱི་ཚོགས་ལའང་ངེས་པར་མཁོ་བར་མཐོང་སྟེ་བཟོས་པ་ཡིན་ཞིང་།  དྲ་བ་འདིར་ཚན་རྩལ་དང་བདེ་ཐང་སོགས་ལེ་ཚན་ཆེན་པོ་དྲུག་དང་།  དེའི་ཡན་ལག་ཆུང་ངུ་༡༧དུ་ཕྱེས་ཡོད།  
 དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་ཐུབ་བསྟན་ཕུན་ཚོགས། བཀྲ་བྷ་སོགས་དང་། མཁན་པོ་བསོད་དར་རྒྱས། བློ་བཟང་། གཞན་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ། བྱེ་འགོག་དཔའ་བོ་པྲ་ཁྱོམ་དཔལ་བཟང་སོགས་ཀྱིས་ཀྱང་ཤིས་ཚིག་ཕུལ་འདུག  གཞན་རྩོམ་ཡིག་གི་ཆེད་ལས་རང་བཞིན་དང་དག་ཚད་ཇེ་མཐོར་གཏོང་ཆེད་བོད་ཁུལ་གྱི་ཚན་རིག་དང་འབྲེལ་བའི་ལས་ཀ་བ་སྟེ། དགེ་རྒན་དང་སློབ་མ་སོགས་མཉམ་ཞུགས་གནང་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད།
དྲ་གནས། www.tsaluma.com
ཤིན་ལང་པོད་ཕྲན། @tsaluma
སྐད་འཕྲིན་སྤྱི་སྟེགས། tsaluma
འབྲེལ་བ་གནང་ས། tsaluma@163.com

གཅིག དྲ་བའི་སྤྱིའི་ངོ་སྤྲོད།
  ཚ་ལུ་མ་དྲ་བའི་མིང་ཆ་ཚང་ལ་ཚ་ལུ་མ་ཚན་རྩལ་རྒྱུན་ཤེས་དྲ་བ་ཟེར་ཞིང་བོད་བརྙན་ཚོགས་པའི་ཆེད་ལས་དྲ་བ་གཉིས་པ་ཡིན་ལ།  བོད་ཡིག་དེང་རབས་ཅན་དང་ཚན་རྩལ་རྒྱུན་ཤེས་ཁྱབ་སྤེལ་གྱི་ཆེད་དུ་བཙུགས་པས། འདིའི་ནང་དོན་གཙོ་བོ་ནི་དེང་རབས་རང་བྱུང་ཚན་རིག་དང་ལག་རྩལ་ཐད་ཀྱི་རྒྱུན་ཤེས་ཡིན།  རྩོམ་ཡིག་མང་ཆེ་བ་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་དང་འབྲེལ་བའི་དྲ་བ་ཁག་དང་། ཚན་རིག་རྒྱུན་ཤེས་ཀྱི་དཔེ་དེབ་སོགས་ནས་བསྒྱུར་གྱི་ཡོད་ཅིང་། བོད་རང་གི་གསོ་རིག་དང་སྐྱེ་ཁམས་སྐོར་ཚན་རིག་གི་རང་བཞིན་ཆེས་ཆེར་ལྡན་པ་དག་ཀྱང་བོད་ཀྱི་ཚན་རིག་ཁྱབ་སྤེལ་མཁན་དག་གདན་ཞུ་བྱས་ནས་རྩོམ་འབྲི་གནང་གི་ཡོད།  གཞན་ཡིག་སྒྱུར་བ་རྣམས་ནི་ད་སྔ་པེ་ཅིང་གི་སློབ་ཆེན་ཁག་ནས་རང་མོས་ཀྱིས་ཞུགས་པའི་བོད་རིགས་སློབ་ཆེན་པ་དག་ཡིན།
འདིར་ཚ་ལུ་མ་ཞེས་མིང་འདོགས་དོན་ནི། དེང་སྐབས་དྲ་བ་དང་འཆར་འགོད་རིག་གནས་ཀྱི་འགྲོ་སྟངས་ལ་གཞིགས་ནས་གནད་དོན་ཆེན་པོ་རྣམས་མི་ཕལ་པའི་འཚོ་བ་དང་ཐག་ཉེ་བའི་ལམ་ནས་བརྒྱུད་སྤྲོད་བྱེད་པ་དང་། གསོན་ཤུགས་ལྡན་ལ་མཛེས་ཆོས་ལྡན་པའི་ཅ་དངོས་ལ་བརྟེན་ནས་མི་རྣམས་ཀྱི་སྤྲོ་བ་འཕེལ་ཐུབ་པའི་ཆེད་དུ་ཡིན་ལ། མཐར་ཚ་ལུ་མ་ཞེས་པའི་སྟེང་བབས་པ་སྟེས་དབང་ཡིན།

 གཉིས། དྲ་བ་འདི་འཛུགས་པའི་དགོས་པ་དང་དམིགས་ཡུལ།
*བོད་སྐད་ཡིག་འདི་མ་ཉམས་གོང་འཕེལ་ཡོང་དགོས་ན་ངེས་པར་དུ་དུས་རབས་ཀྱི་འགྲོས་དང་བསྟུན་ཐུབ་པ་དགོས་ཤིང་། དེའི་ཆེད་དུ་དུས་རབས་གང་དེའི་ཡོངས་ཁྱབ་ཡིན་པའི་རིག་གཞུང་དང་ཤེས་བྱ་གང་མང་བོད་ཡིག་ཏུ་བསྒྱུར་ཏེ་སྐད་ཡིག་འདི་ལ་གསོན་ཤུགས་སྦྱིན་དགོས། དྲ་བ་ནི་ལས་དེ་འདྲར་འཇུག་པའི་ལམ་གལ་ཆེན་ཞིག་ཏུ་འདོད།
*ཚན་རྩལ་ནི་དེང་རབས་འཛམ་གླིང་འཕེལ་འགྱུར་གྱི་བྱེད་པོ་གཙོ་བོ་ཞིག་ཡིན། དེས་རང་བྱུང་ཁམས་དང་མིའི་ལུས་ཁམས་སོགས་ལ་མངོན་སུམ་གནས་ལུགས་རྒྱུ་མཚན་གྱི་ལམ་ནས་འགྲེལ་བ་བརྒྱབ་ཡོད་ལ། འགྲེལ་བ་དེ་ཚོ་ལས་གྲུབ་པའི་རིག་གཞུང་ལག་ལེན་ལ་བསྟར་ནས་མིའི་རིགས་ཀྱི་འཚོ་བ་དང་འཚོ་སྟངས་གང་ལ་སྔ་ན་མེད་པའི་འགྱུར་བ་བཏང་ཡོད།  མ་གཞི་ཚན་རིག་གིས་མིའི་རིགས་ཀྱི་དགོས་པ་ཡོད་ཚད་སྐོང་མི་ཐུབ་ལ།  ཚན་རིག་ནི་མཐར་ཐུག་གི་བདེན་པ་ཡིན་པའི་ངེས་པ་ཡང་མེད་མོད།  ཚན་རྩལ་གྱི་གྲུབ་ཆ་མང་ཆེ་བ་དངོས་ཡོད་འཚོ་བ་དང་གོམས་གཤིས་སུ་གྱུར་ཟིན་པའི་དུས་སྐབས་འདིར་ཚན་རྩལ་དང་བྲལ་ན་འཚོ་ཐབས་བྲལ་བ་དང་འདྲ། མི་རིགས་ཤིག་གི་ངོས་ནས་བརྗོད་ན་དེ་ལྷག་པར་བདེན། ཡང་ཕྱོགས་གཞན་ཞིག་ནས་བརྗོད་ན། སྤྱི་དམངས་ལ་ཆེས་སྤྱིར་བཏང་གི་ཚན་རྩལ་རྒྱུན་ཤེས་མེད་ན།   དེང་གི་འཛམ་གླིང་ནང་རྨོངས་པར་གྱུར་བ་བཞིན་རིག་གཞུང་བགྲོ་གླེང་ལ་འཇུག་མི་ཐུབ་ཅིང་། ཐ་ན་འཚོ་བའི་གོ་བརྡ་ཙམ་ཡང་འཕྲོད་དཀའ་བར་འགྱུར་སྲིད། དེ་བས།  ངེས་པར་དུ་ཚན་རྩལ་རྒྱུན་ཤེས་ནས་མགོ་བཙུགས་ཏེ་ཁྱོན་ཡོངས་ཀྱི་ཚན་རྩལ་སློབ་གསོར་མཐོར་འདེགས་ཡོང་ཆེད་འབད་བརྩོན་བྱེད་དགོས་པ་རེད།
*དེང་གི་རིག་གཞུང་དང་ཤེས་བྱ། ལག་རྩལ་སོགས་མང་ཆེ་བ་རིག་ཚན་གྱི་དབྱེ་བ་བཞིན་ཆེད་ལས་ཅན་ལ་ཤིན་ཏུ་ཕྱོགས་ཆེ་སྟེ། དེའི་རྒྱུ་མཚན་གཙོ་བོ་ནི། དེང་གི་ཤེས་རིག་གཞི་རྒྱ་ཤིན་ཏུ་ཆེ་བས་དེ་ཚོ་རང་རང་གི་ཁྱད་ཆོས་དང་ཁྱབ་ཁོངས་སོགས་ལ་བསྟུན་ནས་དབྱེ་འབྱེད་མ་བྱས་ཚེ་ཉོག་འགྲོ་ཞིང་ཤེས་བྱའི་འཕེལ་རྒྱས་ལ་སྐྱོན་དུ་འགྲོ་བ་དང་། ཕྱོགས་གཞན་ཞིག་ནས་གལ་སྲིད་ཤེས་བྱ་རྣམས་དབྱེ་བ་མང་པོར་མ་བགོས་ཚེ། མི་སུ་ཞིག་གིས་ཀྱང་ཡོངས་སུ་དཔོག་མི་ཐུབ་པའི་གནད་དོན་ཡོད།  ཡང་ཤེས་རིག་གི་དབྱེ་བ་དེ་དང་དངོས་ཡོད་སྤྱི་ཚོགས་ཀྱི་ལས་རིགས་དབྱེ་འབྱེད་སོགས་ཀྱི་བར་ལ་འབྲེལ་བ་ཤུགས་ཆེན་ཡོད། དེར་བརྟེན་ང་ཚོས་འཛམ་གླིང་གི་སྤྱིའི་འགྲོ་ཕྱོགས་ལ་དཔེ་བལྟས་ནས་ཆེད་ལས་རང་བཞིན་གྱི་དྲ་བ་གང་མང་འཛུགས་དགོས་པ་རེད།
*སློབ་ཆེན་སློབ་མ་དག་ནི་དེང་རབས་རིག་གཞུང་ལ་འཇུག་མཁན་དང་མ་འོངས་ལམ་བུ་གཏོད་མཁན་གྱི་དཔུང་སྡེ་གཙོ་བོ་དེ་ཡིན་པས། རང་གི་ཤེས་བྱ་རྣམས་ཕ་སྐད་ཀྱི་ལམ་ནས་ཕ་ཡུལ་གྱི་མི་ལ་བརྒྱུད་སྤྲོད་བྱེད་པའི་འགན་འཁྲི་ཡོད་ཅིང་། གལ་སྲིད་ལས་འདི་ང་ཚོས་མ་བསྒྲུབས་ཚེ། མི་ཚོགས་གཞན་ཞིག་གིས་ལས་པའི་རེ་བ་ཧ་ལམ་མེད་པས། རང་གི་འགན་འཁྲི་ཆེན་པོ་དེ་གང་འཚམ་ཞིག་འགྲུབ་པའི་ཆེད་དུ་ཐད་ཀའི་ཕན་ནུས་དང་ཁེ་བཟང་ཡོད་མིན་ལ་མ་ལྟོས་པར་རང་གིས་གང་ཐུབ་བྱེད་དགོས་པ་ཡིན།

གསུམ་པ། དྲ་བ་འདིའི་ཁྱད་ཆོས་དང་མི་འདང་བའི་ཆ།
*དྲ་བ་འདི་ནི་བོད་བརྙན་དྲ་བ་དང་འདྲ་བར་ཆེད་ལས་དྲ་བ་ཞིག་ཡིན། འདིར་ཚན་རྩལ་ཤེས་བྱ་མ་གཏོགས་གཞན་པའི་ནང་དོན་འགོད་ཀྱི་མེད།
*དྲ་བ་འདི་ནི་བོད་ཡིག་གི་ཚན་རྩལ་ཆེད་ལས་དྲ་བ་དང་པོ་དེ་ཡིན།
*ད་ལྟ་དྲ་བ་འདི་གཙོ་བོ་གཞུང་ཕྱོགས་ནས་ནང་དོན་གསར་སྤེལ་བྱེད་པ་ལས། དྲ་དམངས་ཕལ་བའི་ཐོ་འགོད་དང་འབྲེལ་རེས་ཀྱི་ནུས་པ་ཆུང་། དེའི་ཐད་ལ་འགྱུར་བ་གཏོང་བར་མ་དངུལ་དང་ལག་རྩལ་སོགས་དགོས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་བརྙན་གྱི་ཚ་ལུ་མ་དྲ་བ་ཤར་གཏོང་བྱས་པ།

2014-06-08 དགེ་ལེགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།