མཁར་རྨེའུ་བསམ་གཏན་གྱི་འགྱུར་དེབ་ཅིག་གི་དཔེ་སྟོན་མཛད་སྒོ་བསྡུས་པ།

ངེད་དྲ་བའི་གསར་འགོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-13

དཔེ་དེབ་པར་སྐྲུན་ལ་མཐུན་རྐྱེན་སྒྲུབ་མཁན་ Anthony Arisལགས་ཀྱིས་མཁར་རྨེའུ་བསམ་གཏན་ལགས་ལ་དབྱིན་འགྱུར་མ་དེ་འབུལ་བཞིན་པ།

ཚོགས་འདུའི་རྣམ་པ།
 
 ཨོཁེསེཧྥོརཌིའི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པ་དང་དགེ་རྒན་བླ་མ་སྐྱབས་དང་། ཞིབ་འཇུག་པ་དང་བོད་སྨན་པ་སྨན་སྐྱིད་མཚོ་མོ། དཔེ་མཛོད་དོ་དམ་པ་Charles Manson།
      
 མཁར་རྨེའུ་བསམ་གཏན་དང་། མདའ་ཚན་པ་བླ་མ་སྐྱབས། སློབ་ཆེན་དེ་གའི་སློབ་དཔོན་ཆེན་མོ་Ulrike Roeslerབཅས།  ༼པར་བ་འབུམ་རམས་པའི་སློབ་གཉེར་བ་གྲྭ་བློ་བཟང་ཉི་མ་ཡིན༽

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཕྱི་ཟླ་ལྔ་བའི་༢དང་༣སྟེ་བསྟུད་མར་ཉིན་གཉིས་ཀྱི་རིང་ལ་ཨིན་ཇིའི་ཨོཁེསེཧྥོར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོ་(University of Oxford)རུ་མཁས་པའི་དབང་བོ་མཁར་རྨེའུ་བསམ་གཏན་ལགས་ཀྱིས༧གོང་ས་ལྔ་བ་ཆེན་མོའི་རང་རྣམ་༼འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང༽ཨིན་བསྒྱུར་བྱས་པའི་དཔེ་དེབ་སྤུས་ལེགས་ཞིག་པར་བསྐྲུན་བྱས་ཡོད་པ་དེར་དཔེ་སྟོན་མཛད་སྒོ་འཚོགས་པ་རེད། དེབ་དེར༼དུ་ཀཱ་ལའི་གོས་བཟང་༽གི་སྟོད་ཆ་ལས་ཨིན་བསྒྱུར་བྱས་མི་འདུག་མོད། བསྒྱུར་བ་དེ་དང་ངོ་སྤྲོད་ཀྱི་དཔྱད་གཏམ། དེབ་མཇུག་གི་ཨིན་བོད་གཉིས་ཀྱི་དཀར་ཆག་ཞིབ་བྲིས་མ་བཅས་སྤུས་ཚད་ཧང་སངས་དགོས་པ་ཞིག་འདུག མཛད་སྒོར་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཁོང་དང་། གཏམ་བཤད་མཁན་དང་ཉན་མཁན་གང་མང་ཞིག་ཕེབས་འདུག
  གཏམ་བཤད་མཁན་གྱི་གྲས་སུ་རྣམ་དཔྱོད་ཀྱི་རྭ་ཁ་བརྡར་གྱིན་པའི་བོད་རིག་པའི་མཁས་པ་ Ulrike Roesler, Janet Gyatso, Charles Ramble, Per Kvaerne, Mathew Kapstein དང་Jeff Wattསོགས་ཕེབས་འདུག ཁོང་རྣམ་པས་༧གོང་ས་ལྔ་བ་ཆེན་མོས་ཆབ་སྲིད་དང་། ལོ་རྒྱུས། ཆོས་ལུགས། རི་མོ་དང་ཨར་ལས་སྒྱུ་རྩལ་སོགས་ལ་བཞག་པའི་མཛད་རྒྱས་སྐོར་ལ་མང་པོ་དང་གསལ་པོ་གསུང་། སློབ་ཆེན་དེ་གའི་བོད་རྩོམ་ཞིབ་འཇུག་པ་བླ་མ་སྐྱབས་ཀྱིས་གདོང་དམར་བའི་ཚབ་བྱས་ནས་དགོང་ཚིགས་གསོལ་སྟོན་གྱི་སྐབས་སུ་༧གོང་ས་ལྔ་བ་ཆེན་མོའི་སྙན་ངག་ཁ་ཤས་དབྱིན་བསྒྱུར་བྱས་ནས་གྱེར་འདོན་དང་དེ་ཚོར་དཔྱད་ཐུང་ཕུལ། བླ་མ་སྐྱབས་ཀྱིས་༧གོང་ས་ལྔ་བ་ཆེན་པོ་ནི་སྙན་ངག་ལ་དཔེ་མི་སྲིད་པའི་དང་བ་ཡོད་པ་དང་། ཁོང་གི་སྙན་ངག་ལ་བརྗིད་ཉམས་ཆེ་བ་དང་། ཁ་དམ་པ། གཟུགས་བརྙན་དང་དཔེ་སོགས་ཕྱི་རིམ་ནང་རིམ་གྱིས་བརྩེགས་པ་དེས་སྐབས་འགར་མགོ་འཐོམ་པར་བྱེད་ལ། སྐབས་འགར་ཡིད་སེམས་ཝ་ལེར་གཏོང་བར་བྱེད་ཅེས་སྨྲས།
       
          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁར་རྨེའུ་བསམ་གཏན་གྱི་འགྱུར་དེབ་ཅིག་གི་དཔེ་སྟོན་མཛད་སྒོ་བསྡུས་པ།

2014-05-13 ངེད་དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།