རྩོམ་པ་པོ་གྲགས་ཅན་རྒ་སེ་ཡ་མར་ཀེ་ཟི་མཆོག་སྐུ་གཤེགས་པ།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། རྒྱལ་ཁོངས་ཁོ་ལོམ་བྷེ་ཡ་ནས་ཡིན་པའི་ལ་ཏེང་ཨ་རི་གླིང་གི་རྩོམ་པ་པོ་སྐད་གྲགས་ཅན་རྒ་སེ་ཡ· མར་ཀེ་ཟི(García Márquez)མཆོག་གྲོང་ཁྱེར་ཆེན་པོ་མ་ཧེ་ཁོ་ཡི་རང་ཁྱིམ་ནས་སྐུ་གཤེགས་ཤིང་། དགུང་གྲངས་༨༧ལ་སོན་འདུག
 
  ཁོང་ནི་ད་ལྟའི་བར་དུ་བྱོན་པའི་སི་ཕེན་སྐད་ཀྱི་རྩོམ་པ་པོ་དག་ལས་གཙུག་རྒྱན་ཞིག་ཏུ་ངེས་ཤིང་། ཁོང་གི་གྲགས་རྩོམ<<མི་ལོ་བརྒྱའི་ཁེར་རྐྱང>>ཞེས་པ་དེ་མངོན་སུམ་པའི་ལུགས་ཀྱི་བརྩམས་ཆོས་ལེགས་ཤོས་ཤིག་ཏུ་ཀུན་གྱིས་ངོས་འཛིན་པར་བྱེད། སྒྲུང་རིང་དེ་ཁོང་གིས་ཕྱི་ལོ་༡༩༦༧ལོར་གསར་རྩོམ་མཛད་པ་དང་། དེ་ཉིད་འཛམ་གླིང་ཡོངས་སུ་དེབ་གྲངས་བྱེ་བ་གསུམ་ལྷག་བཙོང་ཟིན། སྒྲུང་རིང་དེ་བརྩམས་གྲུབ་རྗེས་ཁོང་ལ་ཕྱི་ལོ་༡༩༨༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ་རེད།
  ཉེ་བའི་དུས་སུ་མར་ཀེ་ཟི་མཆོག་གློ་ནད་སོགས་ཀྱིས་མནར་ཏེ་སྨན་ཁང་དུ་སྡོད་དགོས་བྱུང་ཡོད།
  ཁོང་ཉིད་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་གྲོང་ཁྱེར་མ་ཧེ་ཁོ་ནས་འཚོ་གཞེས་གནང་ཞིང་ཀུན་གྱི་མཐོང་ལམ་དུ་མངོན་པའི་དུས་ཀྱང་ཤིན་ཏུ་ཉུང་།

              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོ་གྲགས་ཅན་རྒ་སེ་ཡ་མར་ཀེ་ཟི་མཆོག་སྐུ་གཤེགས་པ།

2014-04-18 ངེད་དྲ་བ། ཀློག་གྲངས། མཆན ཡོད།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། རྒྱལ་ཁོངས་ཁོ་ལོམ་བྷེ་ཡ་ནས་ཡིན་པའི་ལ་ཏེང་ཨ་རི་གླིང་གི་རྩོམ་པ་པོ་སྐད་གྲགས་ཅན་རྒ་སེ་ཡ· མར་ཀེ་ཟི(García Márquez)མཆོག་གྲོང་ཁྱེར་ཆེན་པོ་མ་ཧེ་ཁོ་ཡི་རང་ཁྱིམ་ནས་སྐུ་གཤེགས་ཤིང་། དགུང་གྲངས་༨༧ལ་སོན་འདུག
 
  ཁོང་ནི་ད་ལྟའི་བར་དུ་བྱོན་པའི་སི་ཕེན་སྐད་ཀྱི་རྩོམ་པ་པོ་དག་ལས་གཙུག་རྒྱན་ཞིག་ཏུ་ངེས་ཤིང་། ཁོང་གི་གྲགས་རྩོམ<<མི་ལོ་བརྒྱའི་ཁེར་རྐྱང>>ཞེས་པ་དེ་མངོན་སུམ་པའི་ལུགས་ཀྱི་བརྩམས་ཆོས་ལེགས་ཤོས་ཤིག་ཏུ་ཀུན་གྱིས་ངོས་འཛིན་པར་བྱེད། སྒྲུང་རིང་དེ་ཁོང་གིས་ཕྱི་ལོ་༡༩༦༧ལོར་གསར་རྩོམ་མཛད་པ་དང་། དེ་ཉིད་འཛམ་གླིང་ཡོངས་སུ་དེབ་གྲངས་བྱེ་བ་གསུམ་ལྷག་བཙོང་ཟིན། སྒྲུང་རིང་དེ་བརྩམས་གྲུབ་རྗེས་ཁོང་ལ་ཕྱི་ལོ་༡༩༨༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ་རེད།
  ཉེ་བའི་དུས་སུ་མར་ཀེ་ཟི་མཆོག་གློ་ནད་སོགས་ཀྱིས་མནར་ཏེ་སྨན་ཁང་དུ་སྡོད་དགོས་བྱུང་ཡོད།
  ཁོང་ཉིད་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་གྲོང་ཁྱེར་མ་ཧེ་ཁོ་ནས་འཚོ་གཞེས་གནང་ཞིང་ཀུན་གྱི་མཐོང་ལམ་དུ་མངོན་པའི་དུས་ཀྱང་ཤིན་ཏུ་ཉུང་།

              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།