ཚྭ་འདམ་བུམ་པ་རྟགས་མའི་དྲ་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་བའི་བརྡ་ཁྱབ།

གསར་འགོད་པ། ཀུན་གྲགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-04-03

 2012ལོར་ངེད་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་དྲ་རྩོམ་འགྲན་སྡུར་སྐབས་དང་པོ་སྤེལ་བ་ནས་བཟུང་། རྩོམ་རིག་ལ་དུང་སེམས་ཆེ་བའི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་དགའ་མགུ་ཡི་རངས་ཐོབ་བཞིན་ཡོད། དེ་བས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་བཞིན་པའི་ཚྭ་འདམ་བོད་ཡིག་དྲ་ཚིགས་ཀྱིས་མ་འོངས་པའི་མདུན་ལྗོངས་འོད་སྟོང་ལྡན་པ་དང༌།  དྲ་བའི་ལེ་ཚན་ཕུན་སུམ་ཚོགས་པར་གཏོང་བར་སྲིད་འབྱོར་རིག་གསུམ་གྱི་ནང་སྙིང་ལྡན་པའི་ཆ་འཕྲིན་གཙང་མ་ཆོལ་གསུམ་ཀུན་ཏུ་ཁྱབ་སྤེལ་ཐུབ་པ་དང་།   ནམ་ཡང་ངེད་དྲ་ཚིགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་གིན་པའི་རྒྱ་ཆེའི་ཀློག་པ་པོ་གང་མང་ལ་སྐུལ་སློང་བྱེད་ཆེད།  ངེད་ལས་ཁུངས་ཀྱིས་ཁྱད་མཚར་བའི་ཚྭ་འདམ་ཞེས་པ་བརྗོད་བྱ་ཡིན་པའི་2014ལོའི་ཚྭ་འདམ་བུམ་པ་རྟགས་མའི་དྲ་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་རྒྱུ་ཡིན། འགྲན་ཞུགས་རྩོམ་ཡིག་གི་བརྗོད་བྱ་ནི་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་དང་འཚོ་བའི་འགྱུར་ལྡོག།  ཡུལ་སྲོལ་གོམས་གཤིས་བཅས་ལེགས་པོར་མཚོན་པའི་ལྷུག་རྩོམ་དང་འབོལ་རྩོམ་ཡིན་དགོས་ཤིང་།  ཡིག་འབྲུ་གཏན་ཁེལ་མེད་པར་བསྐུར་ཆོག    བརྩམས་ཆོས་ཀྱི་མཇུག་ཏུ་རྩོམ་པ་པོ་རང་རང་གི་མིང་དང་ས་གནས། འབྲེལ་གཏུག་ཁ་པར་བཅས་གསལ་བོར་འབྲི་དགོས།
ཐེངས་འདིའི་བྱ་དགའི་ཐད་ནས་ངེད་ལས་ཁུངས་ཀྱིས་རྩོམ་རིག་ལ་མཁས་པའི་འབྲེལ་ཡོད་མི་སྣ་རེ་གཉིས་དཔྱད་འདེམས་པར་གདན་འདྲེན་ཞུ་བ་བརྒྱུད་ནས། ཨང་དང་པོ་ཅན་གཅིག་དང་ཨང་གཉིས་པ་ཅན་གཉིས། ཨང་གསུམ་པ་ཅན་གསུམ། རྟིང་སྐུལ་བྱ་དགའ་བཞི། བསྡོམས་པས་མི་བཅུ་འདེམས་རྒྱུ་ཡིན། ཨང་དང་པོར་སྒོར་སྟོང་གཅིག་དང་ཨང་གཉིས་པར་སྒོར་བརྒྱད་བརྒྱ། ཨང་གསུམ་པར་སྒོར་དྲུག་བརྒྱ། རྟིང་སྐུལ་བྱ་དགའ་སྒོར་ཉིས་བརྒྱ་བཅས་ཀྱི་གཟེངས་བསྟོད་བྱ་དགའ་སྟེར་རྒྱུ་ཡིན། ད་ལོའི་སྤྱི་ཟླ་དྲུག་པའི་ནང་དུ་ཚྭ་འདམ་བོད་ཡིག་དྲ་ཚིགས་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་བགྲོ་གླེང་ཚོགས་འདུ་དང་ལྷན་དུ་འགྲན་ཞུགས་རྩོམ་ཡིག་ཡོངས་ལ་བྱ་དགའ་གནང་རྒྱུ་ཡིན།
རྩོམ་ལུས།   ལྷུག་རྩོམ་དང་འབོལ་རྩོམ།
ཡིག་གཟུགས།  ཧི་གཟུགས།
རྩོམ་བསྡུའི་དུས་ཡུན། སྤྱི་ལོ2014ལོའི་ཟླ3པའི་ཚེས20ནས2014ལོའི་ཟླ5པོའི་ཚེས30བར་ཡིན།
བསྐུར་ཡུལ།  མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་།
འབྲེལ་གཏུག་བྱེད་ས། ཀུན་གྲགས། ཁ་པར་ཨང་གྲངས། 13897777713   
ཡིག་སྒམ།   2513433040@qq.com

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚྭ་འདམ་བུམ་པ་རྟགས་མའི་དྲ་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་བའི་བརྡ་ཁྱབ།

2014-04-03 གསར་འགོད་པ། ཀུན་གྲགས། ཀློག་གྲངས། མཆན ཡོད།

 2012ལོར་ངེད་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་དྲ་རྩོམ་འགྲན་སྡུར་སྐབས་དང་པོ་སྤེལ་བ་ནས་བཟུང་། རྩོམ་རིག་ལ་དུང་སེམས་ཆེ་བའི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་དགའ་མགུ་ཡི་རངས་ཐོབ་བཞིན་ཡོད། དེ་བས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་བཞིན་པའི་ཚྭ་འདམ་བོད་ཡིག་དྲ་ཚིགས་ཀྱིས་མ་འོངས་པའི་མདུན་ལྗོངས་འོད་སྟོང་ལྡན་པ་དང༌།  དྲ་བའི་ལེ་ཚན་ཕུན་སུམ་ཚོགས་པར་གཏོང་བར་སྲིད་འབྱོར་རིག་གསུམ་གྱི་ནང་སྙིང་ལྡན་པའི་ཆ་འཕྲིན་གཙང་མ་ཆོལ་གསུམ་ཀུན་ཏུ་ཁྱབ་སྤེལ་ཐུབ་པ་དང་།   ནམ་ཡང་ངེད་དྲ་ཚིགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་གིན་པའི་རྒྱ་ཆེའི་ཀློག་པ་པོ་གང་མང་ལ་སྐུལ་སློང་བྱེད་ཆེད།  ངེད་ལས་ཁུངས་ཀྱིས་ཁྱད་མཚར་བའི་ཚྭ་འདམ་ཞེས་པ་བརྗོད་བྱ་ཡིན་པའི་2014ལོའི་ཚྭ་འདམ་བུམ་པ་རྟགས་མའི་དྲ་རྩོམ་འགྲན་སྡུར་སྐབས་གཉིས་པ་སྤེལ་རྒྱུ་ཡིན། འགྲན་ཞུགས་རྩོམ་ཡིག་གི་བརྗོད་བྱ་ནི་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་དང་འཚོ་བའི་འགྱུར་ལྡོག།  ཡུལ་སྲོལ་གོམས་གཤིས་བཅས་ལེགས་པོར་མཚོན་པའི་ལྷུག་རྩོམ་དང་འབོལ་རྩོམ་ཡིན་དགོས་ཤིང་།  ཡིག་འབྲུ་གཏན་ཁེལ་མེད་པར་བསྐུར་ཆོག    བརྩམས་ཆོས་ཀྱི་མཇུག་ཏུ་རྩོམ་པ་པོ་རང་རང་གི་མིང་དང་ས་གནས། འབྲེལ་གཏུག་ཁ་པར་བཅས་གསལ་བོར་འབྲི་དགོས།
ཐེངས་འདིའི་བྱ་དགའི་ཐད་ནས་ངེད་ལས་ཁུངས་ཀྱིས་རྩོམ་རིག་ལ་མཁས་པའི་འབྲེལ་ཡོད་མི་སྣ་རེ་གཉིས་དཔྱད་འདེམས་པར་གདན་འདྲེན་ཞུ་བ་བརྒྱུད་ནས། ཨང་དང་པོ་ཅན་གཅིག་དང་ཨང་གཉིས་པ་ཅན་གཉིས། ཨང་གསུམ་པ་ཅན་གསུམ། རྟིང་སྐུལ་བྱ་དགའ་བཞི། བསྡོམས་པས་མི་བཅུ་འདེམས་རྒྱུ་ཡིན། ཨང་དང་པོར་སྒོར་སྟོང་གཅིག་དང་ཨང་གཉིས་པར་སྒོར་བརྒྱད་བརྒྱ། ཨང་གསུམ་པར་སྒོར་དྲུག་བརྒྱ། རྟིང་སྐུལ་བྱ་དགའ་སྒོར་ཉིས་བརྒྱ་བཅས་ཀྱི་གཟེངས་བསྟོད་བྱ་དགའ་སྟེར་རྒྱུ་ཡིན། ད་ལོའི་སྤྱི་ཟླ་དྲུག་པའི་ནང་དུ་ཚྭ་འདམ་བོད་ཡིག་དྲ་ཚིགས་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་བགྲོ་གླེང་ཚོགས་འདུ་དང་ལྷན་དུ་འགྲན་ཞུགས་རྩོམ་ཡིག་ཡོངས་ལ་བྱ་དགའ་གནང་རྒྱུ་ཡིན།
རྩོམ་ལུས།   ལྷུག་རྩོམ་དང་འབོལ་རྩོམ།
ཡིག་གཟུགས།  ཧི་གཟུགས།
རྩོམ་བསྡུའི་དུས་ཡུན། སྤྱི་ལོ2014ལོའི་ཟླ3པའི་ཚེས20ནས2014ལོའི་ཟླ5པོའི་ཚེས30བར་ཡིན།
བསྐུར་ཡུལ།  མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་།
འབྲེལ་གཏུག་བྱེད་ས། ཀུན་གྲགས། ཁ་པར་ཨང་གྲངས། 13897777713   
ཡིག་སྒམ།   2513433040@qq.com

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།