གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《བྱང་ཆུབ》དུས་དེབ་འདོན་ཐེངས་གཉིས་པ་བཀྲམ་ཡོད་པ།

2014-01-19 11:26:00 བྱང་སྒྲ་སྙན། ཀློག་གྲངས། མཆན ཡོད།

 

 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཨ་མདོ་རེབ་གོང་གི་ཤར་ཕྱོགས་སུ་ཆགས་པའི་རོང་འབྲོག་ཚོ་ལྔའི་ཡ་གྱལ་བྱང་ཆུབ་སྡེ་བ་ནི་སྤྱིར་གཏང་གི་རུ་སྡེ་ཕྲ་མོ་ཞིག་ཡིན་མོད། ཡུལ་དེ་རུ་སྔ་དུས་སུ་བྱང་ཆུབ་མི་ལ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོ་འཁྲུངས་མྱོང་ལ་དེང་གི་ཆར་ཡང་རྩོམ་རིག་གི་ལྡིང་ཁང་ན་མཚར་སྡུག་རྣམ་པར་བཀྲ་བའི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་པའི་རྫོགས་ལྡན་གྱི་དུས་སྐབས་འདིར་སྡེ་བ་དེ་ཀའི་སློབ་ཆེན་པ་རྐང་ཐང་བ་དང་བྱང་ཁུ་ལོ་གཉིས་ཀྱིས་མ་སྐུལ་དང་ལེན་གྱིས་ཡུལ་མིང་དེབ་མིང་དུ་ཐོག་པའི་དུས་དེབ༼བྱང་ཆུབ༽འདོན་ཐེངས་གཉིས་པ་སྒོར་ཐོན་པ་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཀློག་པ་པོ་ཀུན་ལ་སྟབས་བདེ་གཟིགས་མོར་འབུལ་ཕྱིར་རེབ་གོང་ཐོན་མི་དཔེ་ཁང་སོགས་སུ་བཙོང་རྒྱུ་ཡོད་པས་རྒྱ་ཆེ་རྩོམ་རིག་ལ་དུང་བ་ཟབ་པ་དག་གིས་མངགས་ཉོ་གནང་བར་ཞུ།  འབྲེལ་གཏུགས་བྱེད་ས། རྐང་ཐང་བ། ཁ་པར་ཨང་གྲངས15809735926 བྱང་ཁུ་ལོ། ཁ་པར་ཨང་གྲངས 15809736235

                (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།