གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག་སྐུ་གཤེགས་པ།

2013-11-29 00:24:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།
 
  བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་ལགས་ཕྱི་ཚེས་༢༨གྱི་ཉིན་གུང་གི་ཆ་ལ་ལྷ་སར་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག
  གླང་མདུན་དཔལ་འབྱོར་ལགས་ནི་ཕྱི་ལོ་༡༩༤༡ལོའི་ཟླ་༡༡པར་བོད་ཀྱི་གྲོང་ཁྱེར་ལྷ་ས་རུ་འཁྲུངས་ཤིང་། ༡༩༥༩ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། ཁོང་གིས་༡༩༨༠ལོར་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>འདོན་ཐེངས་འགོ་མའི་སྟེང་<<གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ>>ཞེས་པའི་བརྩམས་ཆོས་ཐོག་མ་སྤེལ་བ་ནས་བཟུང་། <<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>དང<<གཙུག་གཡུ>>སོགས་བརྩམས་ཆོས་སྤུས་དག་སྐོར་ཞིག་རྩོམ་འབྲི་གནང་ཞིང་། གོང་གསལ་བརྩམས་ཆོས་ལ་སོ་སོར་ཞིང་ཆེན་དང་ལྗོངས་ལྔའི་གསར་རྩོམ་བྱ་དགའ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ། དེ་མིན་ཁོང་ལ་བོད་རང་སྐྱོང་ལྗོངས་ཀྱི་རྩོམ་རིག་གསར་རྩོམ་བྱ་དགའ་ཨང་དང་པོ་ཐོབ་མྱོང་།
  གླང་མདུན་དཔལ་འབྱོར་ལགས་ཀྱིས་དེ་སྔ་གྲོང་ཁྱེར་ལྷ་སའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་མུས་སུ་མཆིས།
 
  གཞན་དུ་ཀློག་པ། གཙུག་གཡུ། ༡
                         གཙུག་གཡུ། ༢
                         གཙུག་གཡུ། ༣
                         གཙུག་གཡུ། ༤
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།