ཀན་ལྷོ་རྨ་ཆུ་རྫོང་ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས།

  རྨ་སྡེ་ཆུ་ཁ་མ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཁོངས་སུ་གཏོགས་ཞིང་། རྫོང་མཁར་གྱི་ལྷོ་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་ཆཱང་རིགས་རང་སྐྱོང་ཁུལ་་དང་འབྲེལ་ཡོད། ལོ་མང་པོའི་རིང་ལ་ཡུལ་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་མི་བདེ་བས་ས་ཕྱོགས་དེའི་རིག་གནས་སློབ་གསོ་དང་། དཔལ་འབྱོར་འཕེལ་རྒྱས་སོགས་ཆ་ཀུན་ནས་ས་ཆ་གཞན་དང་བསྡུར་ན་ཅུང་ཙམ་རྗེས་སུ་ལུས་ཡོད། ས་གནས་ཀྱི་སློབ་ཕྲུག་མང་ཙམ་སློབ་ཆེན་ལ་འགྲོ་བའི་ཆ་རྐྱེན་མི་འཛོམས་པར་རང་ཁྱིམ་དུ་ལྷག་ཡོད་པ་དང་། སློབ་མར་སློབ་སྦྱོང་གི་སེམས་ཤུགས་མེད་པས་མང་ཚོགས་ཀྱིས་སློབ་གསོ་བྱ་བར་མཐོང་ཆེན་བྱེད་པར་གནོད་རྐྱེན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། དེ་བས། སློབ་མས་སློབ་སྦྱོང་བཟང་བོ་བྱེད་པའི་སྐུལ་འདེབས་དང་། རང་ཡུལ་གྱི་རྒྱ་ཁྱབ་འབྲོག་དམངས་ལ་སློབ་གསོའི་བྱ་བར་མཐོང་ཆེན་བྱས་ཏེ་བུ་རྒྱུད་སློབ་གྲྭར་བསྐྱལ་ནས་སྐྱེད་སྲིང་བྱེད་པ་བརྒྱུད་ནས་མི་རིགས་ཡོངས་ཀྱི་རིག་གནས་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་སློབ་གསོ་དང་འབོད་སྐུལ་བྱེད་ཆེད་དུ། ཆུ་ཁ་མའི་ཁོངས་གཏོགས་ཀྱི་སློབ་གསོའི་ལས་ཀར་ཞུགས་ཤིང་། སློབ་གསོ་བྱ་བར་ལྷག་བསམ་ཆེ་བའི་ལས་བཟོ་བ་ཀུན་གྱིས་རང་གི་ཟླ་ཕོགས་ལས་མ་དངུལ་ཙམ་བསྡུས། སྲིད་གཞུང་གིས་ཆོག་མཆན་གནང་བ་ལྟར་དགེ་རྩའི་རང་བཞིན་ལྡན་པའི་དམངས་ཁྲོད་ཀྱི་ཚོགས་པའམ་རྩ་འཛུགས་ཏེ་ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ་དངོས་སུ་བཙུགས། ཚོགས་པས་རང་ནུས་ཅི་ཡོད་ཀྱིས་སློབ་སྦྱོང་བཟང་བའི་སློབ་མར་བྱ་དགའ་དང་། དཀའ་ཁག་ཅན་གྱི་སློབ་མར་རོགས་སྐྱོར་བྱེད་པ་སོགས་བརྒྱུད་དེ་རང་ཡུལ་གྱི་སློབ་གསོའི་བྱ་བར་རོགས་སྐྱོར་བྱེད་བཞིན་ཡོད།
  ལོ་གཅིག་ཙམ་གྱི་གྲ་སྒྲིག་བྱས་རྗེས། ༢༠༡༣ལོའི་ཟླ༨པའི་ཚེས༡༣ཉིན། ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ་གོང་རིམ་སྲིད་གཞུང་གིས་ཆོག་མཆན་གནང་བ་ལྟར་དངོས་སུ་འཛུགས་ཐུབ་སོང་། གཤམ་དུ་པར་རིས་ཀྱི་རྣམ་པས་དེའི་གནས་ཚུལ་མདོར་བསྡུས་ཙམ་ངོ་སྤྲད་པར་བྱའོ།།
 
 ཚོགས་པའི་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་མགོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས།
 
 ཚོགས་པ་བཙུགས་པར་ཆེད་དུ་རྟེན་འབྲེལ་ཞུ་བར་ཕེབས་པའི་དབལ་ཤུལ་ཕུན་ཁོ་སོགས་རྨ་སྡེ་ཆུ་ཁ་མའི་སྡེ་དཔོན་ལྷན་རྒྱས།
 
 མཉམ་པར།
 
  ཚོགས་པའི་དབུ་ཁྲིད་ལྷན་རྒྱས་དང་ད་ལོའི་སྦྱངས་འབྲས་བཟང་བའི་རོགས་དངུལ་ཐོབ་པའི་ཆུ་ཁ་མའི་སློབ་མ་རྣམས།
 
  སློབ་གསོའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་བདེ་གཤེགས་ལགས་ཀྱིས་ཚོགས་པའི་གནས་ཚུལ་ངོ་སྤྲོད་ཀྱི་གསུང་བཤད་གནང་བཞིན་པ།
 
  སློབ་གསོའི་རོགས་སྐྱོར་ཚོགས་པའི་མཚན་འཛིན་ཚོགས་གཙོ་ནགས་ཚང་ནུས་བློས་ཚོགས་པ་ཁྲིམས་མཐུན་གྱི་ངང་དུ་འཛུགས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང། ཚོགས་པ་འཛུགས་ཆེད་དུ་རང་གིས་སྒོར་ཕོགས་འཇོག་མཁན་གྱི་ཚོགས་མི་རྣམ་པ་དང་། གཞན་མ་དངུལ་གྱི་རོགས་སྐྱོར་བྱེད་མཁན་གྱི་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བའི་གཏམ་བཤད་གནང་བཞིན་པ།
 
 ཚོགས་པ་འཛུགས་ཆོག་པའི་ཆོག་མཆན་གྱི་ཡི་གེ་འདོན་པར་ཕེབས་པའི་རྨ་ཆུ་རྫོང་དམངས་སྲིད་ཅུའུ་ཡི་དབུ་ཁྲིད་དཔལ་ཁོ་དང་ཚོགས་གཙོ་བདེ་གཤེགས་ལགས།
 
 རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་པའི་༢༠༡༣ལོའི་སྦྱངས་འབྲས་ཆེས་བཟང་བའི་སློབ་མ་དང་ཚོགས་པའི་དབུ་ཁྲིད་ལྷན་རྒྱས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀན་ལྷོ་རྨ་ཆུ་རྫོང་ཆུ་ཁ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས།

2013-11-24 ནགས་ཚང་ནུས་བློ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།