པདྨ་ཚེ་བརྟན་གྱི་གློག་བརྙན༼གཡང་མདའ༽ཕྱེད་ཙམ་ཕབ་ཟིན་པ།

 བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན<<གཡང་མདའ>>ཞེས་པ་འདི་ནི་ཀྲུང་གོའི་མི་རིགས་མདའ་རྩེད་ཀྱི་ཕ་ས་རུ་གྲགས་པའི་གཅན་ཚ་རྫོང་གི་ས་ཆ་སོ་སོར་ཕབ་བསྐྲུན་བྱས་ཏེ་ད་ལྟའི་བར་ཟླ་ཕྱེད་ཙམ་ཟིན་ཞིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་པ་ལྟར་ན། ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་དང་མང་ཚོགས་ཀྱི་འདྲིས་སྦྱོར་ལེགས་པོའི་འོག  ད་སྔ་ཕབ་སྐྲུན་གྱི་མྱུར་ཚད་དེ་ཕྱེད་ཙམ་ལ་ཟིན་པ་སྟེ། གློག་བརྙན་འདིའི་ལྗོངས་དངོས་ཕྱེད་ཙམ་དང་གལ་ཆེའི་འཁྲབ་སྟོན་སོགས་བདེ་བླག་ངང་ཕབ་བསྐྲུན་བྱས་ཚར།
   གློག་བརྙན་འདིའི་འཁྲབ་གཙོ་པ་བདེ་སྐྱིད་དང་བསོད་ནམས་ཉི་མའི་འཁྲབ་ཚན་གྱི་ཕབ་སྐྲུན་གོ་རིམ་དུ། རླངས་འཁོར་ཆེ་ཆུང10ལྷག་དང་། རྒྱུ་ཆས་འདྲུད་འཁོར་ནི་འཕྲུལ་འཁོར་ཆེན་མོ3ཡོད་ཅིང་། དེ་མིན་གད་སྙིགས་གཙང་སེལ་འཕྲུལ་འཁོར་ཆུང་བ་ཞིག་ཀྱང་འདུག ཧ་ལམ་མི100ལྷག་གིས་རང་སོ་སོའི་འགན་གནས་སུ་ལས་ལ་བརྩོན་པ་དང་། རུ་ཁག་ཆེ་ཆུང་གཉི་གའི་བརྙན་ལེན་འཕྲུལ་ཆས་ཀྱིས་བརྙན་ལེན་བཞིན་ཡོད་ལ། ཕན་འབྲས་ལེགས་པོ་ཞིག་ལོན་པར། སྒྲོན་འོད་རུ་ཁག་གིས་ཐ་ན་ལྗིད་འདེགས་འཕྲུལ་འཁོར་ཞིག་གླས་ཡོང་སྟེ་རྒྱང་བཀྱེད་དེ་གློག་འོད་མཁོ་སྤྲོད་བྱེད་པ་རེད།
  འཁྲབ་ཁྲིད་པས་འཁྲབ་སྟོན་པའི་ཆས་སྒྱུར་བ་དང་གདོང་གི་མཛེས་སྤྲས་སོགས་ཀྱི་ཐད་ནས་ཤིན་ཏུ་གཟབ་ནན་བྱས་ཤིང་། ཐེངས་འགར་ཁོང་གིས་་དངོས་སུ་སོང་ནས་སློབ་སྟོན་གནང་། ཕབ་སྐྲུན་ལེགས་པོ་ཞིག་འཁྱོངས་པར། ཕབ་སྐྲུན་རེ་རེ་ཐེངས་མང་པོར་ཕབ་པ་དང་། དེ་ནས་འཁྲབ་སྟོན་པ་རྣམས་ལ་ཕབ་ཟིན་པའི་བརྙན་གཟུགས་བསྟན་ཞིང་མི་འདང་སར་དགོངས་ཚུལ་བཏོན་ཏེ་སླད་མར་འཁྲབ་སྟོན་གྱི་ཐད་ནས་ལེགས་བཅོས་བྱ་དགོས་བྱུང་། འཁྲབ་སྟོན་པ་འདི་གཉིས་དང་། འཁྲབ་གཙོ་པ་རིན་ཆེན་དོན་གྲུབ་དང་བློ་བཟང་སྙན་གྲགས་བཅས་སྡོང་རའི་ཆུ་འགྲམ་ཞིག་ཏུ་ཕབ་སྐྲུན་བྱེད་པའི་ཁྲོད། ཕུ་བོ་བཀྲ་དོན་མཛའ་བོ་དང་དུས་བཅད་བྱེད་བཞིན་པའི་སྲིང་མོ་བདེ་སྐྱིད་འཚོལ་དུ་ཡོང་བའི་འཁྲབ་ཚན་དེ་ཤིན་ཏུ་ཛ་དྲག་ལྡན།
    གློག་བརྙན་འདི་ཕབ་སྐྲུན་བྱེད་པར། འཁྲབ་སྟོན་པ་རྣམས་ཀྱིས་བཤད་རྒྱུར། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་དུ་ཞུགས་ཐུབ་པར་དངོས་གནས་དགའ་སྤྲོ་བྱུང་ཞིང་། འཁྲབ་གཞུང་རྒྱུས་ལོན་བྱེད་པ་དང་འཁྲབ་སྟོན་གྱི་ཐད་ནས་དཀའ་ཁག་ཆེན་པོ་དེ་འདྲ་མེད་ནའང་། ཨ་མདོའི་ཁ་སྐད་ཀྱི་འཁྲབ་ཚིག་ཐད་འབད་པ་ཆེན་པོ་ཞིག་བྱེད་དགོས་ཏེ། རྟག་ཏུ་ཕབ་སྐྲུན་ལ་ཞུགས་པ་ལས་གཞན་ད་དུང་གྲོགས་ཤིག་བཙལ་ནས་འཁྲབ་ཚིག་སྦྱོང་དགོས་བྱུང་།
                ༼ངེད་དྲ་བས་འོས་འཚམ་གྱིས་ཞུ་དག་བྱས་ཡོད༽
 
རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པདྨ་ཚེ་བརྟན་གྱི་གློག་བརྙན༼གཡང་མདའ༽ཕྱེད་ཙམ་ཕབ་ཟིན་པ།

2013-10-28 ལྷ་མོ་ཚེ་སྐྱིད། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།