གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསང་ཆུ་རྫོང་བོད་རིགས་སློབ་གྲྭས་་སློབ་མའི་གཏམ་བཤད་བགྲོ་གླེང་ཞིག་བསྡུས་པ།

2013-09-26 16:26:00 གསར་འགོད་པ། འབོ་རའི་ཀླུ་འབུམ་བ ཀློག་གྲངས། མཆན ཡོད།

 

  ༢༠༡༣ལོའི་སྤྱི་ཟླ ༩བའི་ཚེས ༢༥ཉིན་༼རེས་གཟའ་ལྷག་པ།༽གྱི་ཕྱི་དྲོའི་ཆུ་ཚོད་༣།༣༠སྟེང་ནས་བསང་ཆུ་རྫོང་བོད་རིགས་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་དག་གི་རྒྱབ་སྐྱོར་གྱི་འོག་ནས།  མཐོ་གཉིས་ལོ་རིམ་གྱི་སློབ་མའི་ཚོགས་པས་གཙོ་སྒྲུབ་དང་རྩ་འཛུགས།མདོ་འཛིན་བྱས་ཏེ་སློབ་གྲྭའི་ལུས་རྩལ་ར་བའི་ཐང་ཆེན་ནས་སྐབས་གཉིས་པའི་སློབ་མའི་རིག་རྩལ་བགྲོ་གླེང་གི་རང་མོས་གཏམ་བཤད་ཞིག་བསྡུས།
       ཐེངས་འདིའི་སློབ་མའི་གཏམ་བཤད་བགྲོ་གླེང་དུ་སློབ་གྲྭའི་འགོ་ཁྲིད་རྣམ་པ་དང་དགེ་རྒན།ལོ་རིམ་སོ་སོའི་སློབ་མ།གཞན་ས་གནས་ཀྱི་ཤེས་ཡོན་པ་དང་ཁྱིམ་བདག་སྐོར་ཞིག་མཉམ་ཞུགས་བྱས་ཡོད། རེབ་འདིའི་སློབ་མའི་གཏམ་བཤད་བགྲོ་གླེང་དུ་སྔོན་དང་མི་འདྲ་བ་ཞིག་ནི་གཏམ་བཤད་སློབ་མ་ཚང་མས་བོད་ལྭ་གྲ་དག་ཞིག་གྱོན་ཡོད་པས་སློབ་གྲྭའི་སློབ་མ་ཡོངས་ལའང་སློབ་ལྭ་གྲ་དག་གྱོན་དགོས་རྒྱུ་ཐད་ལ་བག་ཆགས་ཟབ་མོ་ཞིག་བཞག་འདུག་ལ་སློབ་མའི་གཏམ་བཤད་ཀྱི་རྣམ་པ་འདིས་སློབ་མ་ཐུན་མོང་གི་རིག་ལམ་འགྲན་ས་ཞིག་ཏུ་འགྱུར་གྱི་ཡོད་པ་མ་ཟད། ལྷག་པར་སློབ་མ་ཕན་ཚུལ་གྱི་བསམ་ཚུལ་དང་གནས་ཚུལ། ཉམས་མྱོང་དང་ཤེས་བྱ་སོགས་བརྗེ་རེས་དང་སྤེལ་རེས་དུ་ཡོང་སའི་རང་མོས་གླེང་སྟེགས་ཤིག་ཏུ་གྱུར་ཡོད་པ་རེད་དོ།།
དང་པོ། སློབ་མར་གཏམ་བཤད་ཀྱི་གླེང་སྟེགས་ཤིག་བསྐྲུན་པའི་དམིགས་ཡུལ་ནི།
༡ སློབ་བུ་ཚོས་དུས་རྒྱུན་རང་ཉིད་ཀྱིས་དོགས་སློང་བྱེད་པ་དང་བསམ་གཞིག་བྱེད་པ།  རང་གི་འགན་འཁྲི་ སྒྲུབ་ཕོད་པ་བཅས་ཀྱི་ཆེད་དུ་དམིགས་པ།
༢ འཇིག་རྟེན་འདིར་སུ་ཞིག་ནི་རང་གི་དྲིན་ཆེན་ཡིན་པ་དང་དེར་བཀུར་སྲོལ་ཐད་ཀྱི་ལག་ལེན་དུ་ཅི་ལྟར་བསྟར་བའི་མི་ཞིག་ཏུ་འགྱུར་རྒྱུར་དམིགས་པ།
༣སློབ་མའི་བསམ་བློའི་སྙིང་སྟོབས་དང་རིག་པ་སྐྱེད་སྲིང་།མ་ཟད་སློབ་མའི་རང་གི་ཤེས་རིག་གི་བློ་རྩལ་གོང་སྤེལ་གཏོང་བར་དམིགས་པ།
༤བོད་རང་གི་ཐུན་མོང་མ་ཡིན་པའི་གོམས་སྲོལ་དང་གཤིས་སྤྱོད།སྐད་དང་ཡི་གེ་སོགས་མ་ཉམས་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་དམིགས་པ།
༥སློབ་མ་རང་རང་གི་བློ་སྦྱོང་གི་ཉམས་མྱོང་བརྗེ་རེས་དང་དུས་ནམ་ཡང་སློབ་གཉེར་ལ་བློ་འཁོར་བར་དམིགས་པ་བཅས་ཡིན།
གཉིས་པ།  གཏམ་བཤད་སློབ་མའི་རྩ་དོན་ནི།
༡  གཏམ་བཤད་བགྲོ་གླེང་དེ་རྒྱུན་འཁྱོངས་སྒོས་མུ་མཐུད་ཟླ་རེའི་ནང་འཚོགས་རྒྱུ།
༢  གཏམ་བཤད་གནང་མཁན་གྱི་སློབ་མས་ངེས་པར་བོད་ལྭ་གྲ་དག་གོན་པ་དང་ཚོགས་ཞུགས་པ་ཚང་མས་རབས་ཡིན་ན་བོད་ལྭ་གོན་པ།
༣ གཏམ་བཤད་སློབ་མ་དང་མཉམ་ཞུགས་སློབ་མ་ཚང་མས་གཏམ་བཤད་བགྲོ་གླེང་འདི་ལ་མཐོང་ཆེད་དང་གཙིགས་སུ་བཟུང་ནས་རང་རང་གི་མྱོང་ཚོར་འབྲི་དགོས་རྒྱུ།
༤  གཏམ་གླེང་གི་ནང་དོན་ངེས་པར་ཁ་བྱང་དང་མི་འགལ་བར་རང་མི་རིགས་ཀྱི་རིག་གནས་ལ་སྦྲེལ་རྒྱུ།
༥ ཐེངས་འདིའི་གཏམ་བཤད་སྟེང་ཞུགས་མཁན་སློབ་མ་ཚང་མ་རང་གི་འདོད་མོས་ལས་བཀོད་སྒྲིག་དང་ཚབ་ཞུགས་ཀྱི་གཏམ་བཤད་ཞིག་མིན་པར་རང་གི་མྱོང་ཚོར་དང་བསམ་བློ་བརྗེ་རེས་ཤིག་ཡིན་དགོས་རྒྱུ།
༦ གཏམ་བཤད་བགྲོ་གླེང་སྒྲུབ་མཁན་གྱིས་ཚོགས་འདུའི་འགོ་རྔ་བར་གསུམ་འཐུས་ཚང་ཡོང་བར་འགན་འཁུར་རྒྱུ་བཅས་ཡིན།
གསུམ་པ། ཐེངས་འདིར་སྤེལ་པའི་གཏམ་བཤད་བགྲོ་གླེང་གི་མཇུག་འབྲས་ནི།
༡ སློབ་མ་རྣམས་ཀྱིས་ཕ་མ་ལ་བཀུར་བ་དང་དྲིན་ངེས་ཟིན་པའི་འདུ་ཤེས་སྐྱེད་པ།
༢རྒན་བཀུར་ཆུང་བྱམས་དང་སློབ་གྲོགས་ཕན་ཚུན་རོགས་རམ་བྱེད་པའི་འདུ་ཤེས་ཆགས་པ།
༣ཉིན་རྒྱུན་གྱི་གཤིས་སྤྱོད་ལེགས་ལམ་དང་སློབ་སྦྱོང་ཐད་ལ་འབད་པས་སྐྱོང་མཁན་ཇེ་མང་ལ་སོང་བ།
༤ཐེངས་འདིའི་གཏམ་བཤད་དང་སྦྲགས་སློབ་གྲྭ་ཡོངས་ཀྱི་སློབ་མའི་བསམ་བློ་ལ་འགྱུར་ལྡོག་དང་ནང་བསམ་པའི་ཀུན་སློང་ལ་ཤུགས་རྐྱེན་ལེགས་ཙམ་ཐོན་པ།
༥དུས་རྒྱུན་མ་རབས་བྱ་སྤྱོད་ལ་ཞུགས་མཁན་གྱི་སློབ་མ་དང་ལེ་ལོ་སྒྱིད་ལུག་ཅན་རྣམས་ལ་འགྱུར་བ་བྱུང་བ་བཅས་ཀྱི་བཟང་ཆ་ལྡན་ནོ།།
      མཇུག་མཐར།   མདོ་ལྷོ་ཁུལ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱི་བྱ་བཞག་ནི་ཡར་ངོ་ཟླ་ལྟར་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།

             2013ལོའི་སྤྱི་ཟླ་9པའི་ཚེས25ཉིན་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་གསར་དུ་འགོད་པ་དགེའོ།།
 


 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།